མའེ་ཨ་སྨི་མེ་འབར་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མའེ་ཨ་སྨི་མེ་འབར་རུ་ཁག
མའེ་ཨ་སྨི་མེ་འབར་རུ་ཁག་ནི་སྤྱི་ལོ1988ལོར་བཙུགས་ཤིངNBAརུ་ཞུགས། དེ་ནི་ཨ་རིའི་ཧྥོ་ལུའོ་ལི་ཏཱ་མངའ་ཁུལ་གྱི་མའེ་ཨ་སྨི་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མཐུན་ཚོགས་ཀྱི་ཤར་ནུབ་འགྲན་ཁུལ་དུ་གཏོགས། མེ་འབར་རུ་ཁག་གི་ནི་འགྲན་སྡུར་གཙོ་གནས་ནི་མའེ་ཧང་དཀྱིལ་སྙིང་གཟེབ་གྲུག་ཁང་དུ་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迈阿密热火队
ཕྱི་ཡིག་གི་མིང་།
Miami Heat
ཆགས་ཡུལ།
ཨ་རིའི་ཧྥོ་ལུའོ་ལི་ཏཱ་མངའ་ཁུལ་གྱི་མའེ་ཨ་སྨི་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ཨ་ནུའོ་ཏུ•ཐང་ནཱ་ཏུ།
དབུ་བརྙེས་པའི་དུས།
སྤྱི་ལོ1988ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཏུ་བེ་ཨུན•བེ་ཏུ། ཁུ་ལི་སི•པོ་ཧྲི། ལུ་པུའུ་ལང•ཀྲན་མུའུ་སི། ཨ་ལུང་ཙུའོ•མོ་ཉིང་།
1 ​རུ་ཁག་ངོ་སྤྲོད།

མའེ་ཨ་སྨི་མེ་འབར་རུ་ཁག་ནི་སྤྱི་ལོ1988ལོར་བཙུགས་ཤིངNBAརུ་ཞུགས། དེ་ནི་ཨ་རིའི་ཧྥོ་ལུའོ་ལི་ཏཱ་མངའ་ཁུལ་གྱི་མའེ་ཨ་སྨི་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་པ་དང་། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མཐུན་ཚོགས་ཀྱི་ཤར་ནུབ་འགྲན་ཁུལ་དུ་གཏོགས། མེ་འབར་རུ་ཁག་གི་ནི་འགྲན་སྡུར་གཙོ་གནས་ནི་མའེ་ཧང་དཀྱིལ་སྙིང་གཟེབ་གྲུག་ཁང་དུ་བཙུགས་ཡོད།

གཟེབ་གྲུག་རུ་ཁག་དེ་ནི་དུས་བཞི་དྲོད་འཇམ་གྱིས་སྤུད་པའི་ཧྥོ་ལུའོ་ལི་ཏཱ་མངའ་ཁུལ་གྱི་མའེ་ཨ་སྨི་གྲོང་ཁྱེར་དུ་ཡོད་པས་རུ་ཁག་ལ་མིང་གདགས་པའི་སྐབས་སུའང་ཚ་བ་དང་འབྲེལ་བའི་མིང་ཞིག་བཏགས་པ་དང་དེ་ནི་མའེ་ཨ་སྨིའི་གནམ་གཤིས་དྲོད་ཚད་མངོན་པར་མཚོན་ཐུབ་པར་མ་ཟད་རུ་ཁག་གི་ཁ་ལས་མེ་ལྕེ་བཞིན་འབར་བའི་སྨོན་འདུན་སོགས་ཀྱིས་རྐྱེན་ལས་མའེ་ཨ་སྨི་མེ་འབར་རུ་ཁག་ཅེས་བཏགས་པ་ཡིན། ཐོག་མའི་འགྲན་ཚིགས་བདུན་གྱི་རིང་ལ་རུ་ཁག་ཏུ་ཀུ་ལུན•ལའེ་སི་ལྟ་བུའི་ཁྱད་འཕགས་ཅན་གྱི་སྐར་ལེན་གཟེབ་གྲུག་ལུས་རྩལ་པ་ཡོད་ནའང་རྒྱུན་གཏན་འགྲན་ཚིགས་སུ་རྒྱལ་ཐེངས་ལྔ་བཅུ་ལ་ཐེངས་གཅིག་ཀྱང་མ་བརྒལ། དེའི་སྐབས་སུ་འགྲན་ཚིགས་གཉིས་ལ་མཇུག་མཐའི་འགྲན་ཚིགས་སུ་ཚུད་པ་རེད། སྤྱི་ལོ1988ལོ་ནས་སྤྱི་ལོ2013ལོའི་ལོ་ངོ་ཉེར་ལྔའི་རིང་གི་འགྲན་ཚིགས་སུ་མའེ་ཨ་སྨི་གཟེབ་གྲུག་རུ་ཁག་དེ་ཉིད་ཐེངས་བཅུ་བདུན་ལ་མཇུག་མཐའི་འགྲན་ཚིགས་སུ་ཚུད་པ་དང་ཐེངས་བཅུ་ལ་འགྲན་ཁུལ་གྱི་བྱ་དགའ་ཨང་དང་པོ་བླངས།.jpg

སྤྱི་ལོ2003ལོར་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན་མཐུན་ཚོགས་ཀྱིས་ལུས་རྩལ་མི་སྣ་གསར་བ་འདེམས་པའི་ཚོགས་ཆེན་སྟེང་དུ་ཨང་རིམ་ལྔ་བའི་ཐོབ་ཐང་གིས་ཏུ་བེ་ཨུན•བེ་ཏུ་བདམས་པ་དང་སྤྱི་ལོ2005ལོར་ལུའོ་ཧྲན་ཅིའི་མཚོ་མི་རུ་ཁག་ནས་ཧྲ་ཁུ•ཨོ་ཉི་ཨེར་བརྗེས་པས་སྤྱི་ལོ2005ལོ་ནས་སྤྱི་ལོ2006ལོའི་འགྲན་ཚིགས་སུ་ཏཱ་ལཱ་སི་དཔའ་བོ་ཁེར་རྒྱུག་རུ་ཁག་ལས་རྣམ་པར་རྒྱལ་ཏེNBAམཐུན་ཚོགས་ཀྱི་གསེར་གྱི་རྟགས་མ་བླངས། ཡིན་ཡང་དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་ཧྲ་ཁུ•ཨོ་ཉི་ཨེར་རྒས་པར་གྱུར་པ་སོགས་ཀྱི་དབང་གིས་རུ་ཁག་གི་སྟོབས་ཤུགས་ཇེ་ཆུང་དུ་གྱུར། 

སྤྱི་ལོ2010ལོའི་དབྱར་ཁར་ཁུ་ལི་སི•པོ་ཧྲི་དང་ལུ་པུའུ་ལང•ཀྲན་མུའུ་སི་གཉིས་རུ་ཁག་ཏུ་ཞུགས་པས་རུ་ཁག་གི་སྟོབས་ཤུགས་ཇེ་རྒྱས་སུ་སོང་ནས་སྤྱི་ལོ2010ལོ་དང་སྤྱི་ལོ2011ལོའི་འགྲན་ཚིགས་སུNBAརྟིང་རྩོད་དུ་འགྲན་བསྡུར་དུ་ཞུགས་ཀྱང་ཕམ་པར་གྱུར།  སྤྱི་ལོ2012ལོའི་རྟིང་རྩོད་འགྲན་སྡུར་དུ་ཨུ་ཁུ་ལཱ་ཧི་མཱ་ཐོག་རྒོད་རུ་ཁག་ལས་རྒྱལ་ནས་རྟིང་རྩོད་ཀྱི་གསེར་གྱི་རྟགས་མ་བླངས། སྤྱི་ལོ2013ལོའི་འགྲན་ཚིགས་སུ་འགྲན་བསྡུར་ཐེངས་བདུན་བརྒྱུད་ནས་ཧྲིན་ཨན་ཏུང་ཉི་ཨའོ་རྟ་ཚེར་རུ་ཁག་ལས་རྒྱལ་པར་གྱུར་པས་གསེར་གྱི་རྟགས་མ་ཐེངས་གསུམ་པ་དེ་བླངས།

2 རུ་ཁག་གི་གྲུབ་འབྲས།
གྲུབ་འབྲས། འགྲན་ཡ། འགྲན་ཚིགས།
འགྲན་འབྲས།
NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ། ཏཱ་ལཱ་སི་དཔའ་བོ་ཁེར་རྒྱུག་རུ་ཁག སྤྱི་ལོ2005ལོ་ནས་སྤྱི་ལོ2006ལོའི་འགྲན་ཚིགས། 4∶2
NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ། ཨུ་ཁུ་ལཱ་ཧི་མཱ་ཐོག་རྒོད་རུ་ཁག སྤྱི་ལོ2011ལོ་ནས་སྤྱི་ལོ2012ལོའི་འགྲན་ཚིགས། 4∶1
NBAརྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ། ཧྲིན་ཨན་ཏུང་ཉི་ཨའོ་རྟ་ཚེར་རུ་ཁག སྤྱི་ལོ2012ལོ་ནས་སྤྱི་ལོ2013ལོའི་འགྲན་ཚིགས། 4∶3


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-04

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།