རྒྱལ་སྤྱིའི་རིགས་རྒྱུད་མཐོང་ཆུང་གཙང་སེལ་དུས་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱལ་སྤྱིའི་རིགས་རྒྱུད་མཐོང་ཆུང་གཙང་སེལ་དུས་ཆེན།
སྤྱི་ལོ1960ལོའི་ཟླ3པའི་ཚེས21ཉིན་ནི་རྒྱལ་སྤྱིའི་རིགས་རྒྱུད་མཐོང་ཆུང་གཙང་སེལ་དུས་ཆེན་ཞིག་ཡིན་ལ། ཉིན་དེར་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་པའི་སྒྲིག་གཞི་ལས་ཁུངས་ཀྱིས་ཚོགས་འདུ་བརྒྱུད་ནས་རེ་འབོད་ངང་རིགས་རྒྱུད་མཐོང་ཆུང་བྱེད་པ་ལ་ངོ་རྒོལ་ཐ་གཅིག་ཏུ་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
国际消除种族歧视日
དུས་ཚིགས།
ཟླ3པའི་ཚེས21ཉིན།
ཁོངས་གཏོགས།
དུས་ཆེན།
1 ངོ་སྤྲོད།

སྤྱི་ལོ1960ལོའི་ཟླ3པའི་ཚེས21ཉིན་ཨ་ཧྥེ་རི་ཀས་གཞི་རྒྱ་ཆེན་པོའི་རྔམ་སྟོན་ཁྲོམ་སྐོར་བྱས་པ་བརྒྱུད་ནས་དབང་འཛིན་ལས་ཁུངས་ཀྱི་ཁྱབ་སྤེལ་བཏང་བའི《ལམ་ཡིག་ཁྲིམས་ལུགས》ལ་ངོ་རྒོལ་བྱེད་པ་དང་། ལམ་ཡིག་ཁྲིམས་ལུགས་ནི་ཨ་ཧྥེ་རི་ཀའི་དབང་འཛིན་ལས་ཁུངས་ཀྱིས་སྤེལ་པའི་ཚན་པ་བརྒྱ་ལྷག་ནང་གི་རིགས་རྒྱུད་མཐོང་ཆུང་གྱི་བཀའ་ཁྲིམས་ཤིག་ཡིན་པ་དང་། ལོ་བཅུ་དྲུག་ཡན་གྱི་ཨ་ཧྥེ་རི་ཀའི་མི་རྣམས་ཀྱིས་ངེས་པར་དུ་ལམ་ཡིག་ལུས་དང་ཁ་བྲལ་མི་ཆོག་པ། ལམ་ཡིག་དང་དཔང་ཡིག་མེད་མཁན་དེ་འཛིན་བཟུང་བྱེད་པ་དང་། ཁྲོམ་སྐོར་བྱེད་མཁན་རྣམས་ཨ་ཧྥེ་རི་ཀའི་དབང་འཛིན་ལས་ཁུངས་ཀྱིས་ཀླ་ཀློའི་བྱ་སྤྱོད་དང་དྲག་གནོན་ལ་འཕྲད་པ་དང་། མི་བདུན་བཅུ་ལྷག་རྨས་སྐྱོན་བྱུང་བ་དང་བཅས་པས་འཛམ་གླིང་གི་མི་རྣམས་དམར་གསོད་དོན་རྐྱེན་དེ་ལ་ཧ་ལས་པར་གྱུར། མོས་མཐུན་མེད་པའི་རིགས་རྒྱུད་རིང་ལུགས་དང་རིགས་རྒྱུད་ཐ་དད་ལ་མཐོང་ཆུང་བྱེད་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་གྱིས་ཐུགས་ཁུར་གནང་བཞིན་པའི་གནད་དོན་འགངས་ཆེན་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་དང་རིགས་རྒྱུད་ལོགས་སུ་བཀར་བའི་བསྒྲགས་གཏམ་བཏང་། ཕྱོགས་གཉིས་ནས་རྩ་འཛུགས་ཀྱིས་རིགས་བརྒྱུད་རིང་ལུགས་ལ་ངོ་རྒོལ་དང་ལོ་བཅུའི་རིང་གི་རིགས་རྒྱུད་མཐོང་ཆུང་གཙང་སེལ་བྱ་འགུལ། ཧྲ་ཐུའེ་བུད་འན་གྱི་དམར་གསོད་དོན་རྐྱེན་དེ་ལ་རྗེས་དྲན་གྱིས་ཆེད་དུ་ལོ་རེའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་གཅིག་ཉིན་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་པའི་སྒྲིག་གཞི་ལས་ཁུངས་ཀྱིས་ཚོགས་འདུ་བརྒྱུད་ནས་རེ་འབོད་ངང་རིགས་རྒྱུད་མཐོང་ཆུང་བྱེད་པ་ལ་ངོ་རྒོལ་ཐ་གཅིག་ཏུ་བྱེད་པའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-05

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།