བྱང་ཤར་ན་ཐང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྱང་ཤར་ན་ཐང་ཁུལ།
ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དུ་ཡོད་པའི་གཙང་བོ་གསུམ་གྱི་བདེ་ཐང་ནི་ཧེ་ལུང་ཅང་གཙང་བོ་དང་སུང་ཧྭ་གཙང་བོ། ཝུ་སུའུ་ལི་གཙང་བོ་བཅས་ཀྱིས་རྡེག་སྤུངས་བྱས་ཏེ་གྲུབ་པའི་བདེ་ཐང་དམའ་མོ་ཞིག་ཡིན་ཞིང་། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་ན་ཐང་ས་ཁུལ་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
བྱང་ཤར་ན་ཐང་ཁུལ།
རྒྱ་ཡིག་གི་མིང་།
东北草坪区
ས་གནས།
བྱང་ཤར་ཁུལ།
ཁོངས་གཏོགས།
ས་ཁམས།
1 ངོ་སྤྲོད།

ཧེ་ལུང་ཅང་ཞིང་ཆེན་གྱི་བྱང་ཤར་ས་ཁུལ་དུ་ཡོད་པའི་གཙང་བོ་གསུམ་གྱི་བདེ་ཐང་ནི་ཧེ་ལུང་ཅང་གཙང་བོ་དང་སུང་ཧྭ་གཙང་བོ། ཝུ་སུའུ་ལི་གཙང་བོ་བཅས་ཀྱིས་རྡེག་སྤུངས་བྱས་ཏེ་གྲུབ་པའི་བདེ་ཐང་དམའ་མོ་ཞིག་ཡིན་ཞིང་། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་བའི་ན་ཐང་ས་ཁུལ་ཡིན།

2 ཁོར་ཡུག་ཆ་རྐྱེན།

བྱང་ཤར་ཁུལ་ནི་རང་རྒྱལ་གྱི་དྲོད་ཁུལ་བཞའ་རློན་དང་བཞའ་རློན་ཕྱེད་ཙམ་གྱི་དུས་རླུང་ནམ་ཟླའི་ཁུལ་དུ་ཡོད། རླན་ཚད་དང་དྲོད་ཚད་ཀྱི་ཆ་རྐྱེན་ནི་ལོ་རེར་ཐེངས་རེ་སྨིན་པའི་ལོ་ཏོག་འདེབས་པར་འཚམ། དགུན་དུས་གྲང་ངར་ཆེ་ཞིང་དབྱར་ཁར་དྲོད་ཚད་མཐོ། དྲོད་ཚད་དང་རླན་ཚད་དོ་མཉམ་པ་ཡིན། ལྷོ་ནས་བྱང་དུ་དྲོ་འཇམ་ས་རྒྱུད་དང་དྲོ་འཇམ་འབྲིང་རྒྱུད། དྲོ་འཇམ་གཉིས་ལྡན་གྱི་ས་རྒྱུད་བཅས་ཡོད།

3 ན་ཐང་སྲུང་སྐྱོབ།

ན་ཐང་ནི་བྱང་ཤར་ས་ཁུལ་གྱི་སྐམ་སའི་སྐྱེ་ཁམས་མ་ལག་ནང་གི་ཆེས་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན། དེ་ནི་ཆུ་གསོག་རྫིང་བུ་ཡིན་ལ་ཆུ་ཁུངས་ཀྱང་ཡིན། མཚེའུ་དང་ནགས་ཚལ་ཇི་བཞིན་དེས་ཀྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཇེ་ལེགས་སུ་བསྒྱུར་བ་དང་། ནམ་ཟླ་སྙོམས་སྒྲིག་བྱེད་པ་བཅས་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། བྱང་ཤར་གྱི་ན་ཐང་ནི་རང་རྒྱལ་ཁོ་ནར་ཡོད་པའི་འདབ་ཆགས་དཀོན་པོ་ཁྲུང་ཁྲུང་མཚོག་དམར་དང་ངང་དཀར་སོགས་ཀྱི་འཚོ་གནས་ཡིན། ན་ཐང་གི་རྩི་ཤིང་དེ་ཡང་ཐོན་ཁུངས་གལ་ཆེན་ཞིག་ཡིན།

4 ན་ཐང་གསར་སྤེལ་བྱེད་པ།

བྱང་ཤར་ས་ཁུལ་གྱི་ཞིང་ལས་རྟེན་གཞི་ཕྱོགས་བསྡུས་ཀྱིས་གསར་སྤེལ་བྱེད་པ་ནི་འདེབས་འཛུགས་ལས་རིགས་མུ་མཐུད་དུ་སྤེལ་བ་དང་། འདེབས་འཛུགས་ལས་རིགས་ཉིད་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་རྨང་གཞིའི་ཐོག གསོ་སྤེལ་ལས་རིགས་དང་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་ཤུགས་ཆེན་པོས་སྤེལ་ཏེ། ཞིང་ལས་ཐོན་རྫས་རིམ་པ་མང་ཞིང་ཚད་མཐོ་བའི་སྒོ་ནས་རིན་ཐང་འཕར་དུ་འཇུག་དགོས་པ་དེ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།