ནུབ་རྒྱུད་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུབ་རྒྱུད་ས་ཁུལ།
ནུབ་རྒྱུད་ས་ཁུལ་ནི་སྐམ་སའི་མཐའ་ཁུལ་དུ་གནས་ཤིང་། མང་ཤས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཡིན། ཞིང་ཆེན་མང་ཤོས་མཐའ་མཚམས་སུ་གནས་པ་དང་། རང་རྒྱལ་གྱི་བརྒྱ་ཆའི70ཡི་མཐའ་མཚམས་ཐིག་དེ་རུ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ནུབ་རྒྱུད་ས་ཁུལ།
རྒྱ་ཡིག་གི་མིང་།
西部地带
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ངོ་སྤྲོད།

ནུབ་རྒྱུད་ས་ཁུལ་ནི་སྐམ་སའི་མཐའ་ཁུལ་དུ་གནས་ཤིང་། མང་ཤས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་ཡིན། ཞིང་ཆེན་མང་ཤོས་མཐའ་མཚམས་སུ་གནས་པ་དང་། རང་རྒྱལ་གྱི་བརྒྱ་ཆའི70ཡི་མཐའ་མཚམས་ཐིག་དེ་རུ་ཡོད།

2 ཁྱབ་ཁོངས།

ནུབ་རྒྱུད་དུ་ཧྲའན་ཞི་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། ཉིང་ཞཱ་ཧའེ་རིགས་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཁྲུང་ཆིང་གྲོང་ཁྱེར། ཀུའེ་ཀྲོའུ་ཞིང་ཆེན། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས་སོགས་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ10ཡོད།

3 ནུབ་རྒྱུད་ཀྱི་དགེ་མཚན།

1.ནུབ་རྒྱུད་ཀྱི་ཞིང་ཆེན་མང་ཤས་ཕྱི་ཕྱོགས་རྒྱལ་ཁབ་མང་པོ་དང་མཐའ་མཚམས་འབྲེལ་ཡོད་པས་ཉོ་ཚོང་ལས་རིགས་ཐད་ལེགས་ཆ་ལྡན་པ།

2.ནུས་ཁུངས་དང་གཏེར་ཁ། ཡུལ་སྐོར་ལས་རིགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ།

3.ཆུའི་ཐོན་ཁུངས་མོད་པ།

4 དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན།

1.བཟོ་ཞིང་ལས་རིགས་ཀྱི་རྨང་གཞི་ཞན་པ།

2.ཚན་རིག་ལག་རྩལ་དང་རིག་གནས་སློབ་གསོ་རྗེས་ལུས་ཡིན་པ།

3.འགྲིམ་འགྲུལ་སྟབས་བདེ་མིན་པ།

5 དོ་སྣང་བྱེད་ཡུལ།

1.སྐྱེས་ཁམས་ལེགས་བཅོས་དང་རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ།

2.ཞིང་ལས་རྨང་གཞི་སྲ་བརྟན་དང་དེར་ཤུགས་སྣོན་བྱས་ནས། མུའུ་རེའི་ཐོན་ཚད་མཐོར་འདེགས་སུ་གཏོང་བ།

3.སྟོབས་ཤུགས་ཆེན་པོས་འགྲིམ་འགྲུལ་དང་འཕྲིན་སྐྱེལ། གློག་དྲ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་བཅས་འཛུགས་སྐྲུན་བྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།