རྡོ་རྗེ་རིན་ཆེན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

རྡོ་རྗེ་རིན་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(རྩིག་བཟོ་བ་ཞིག་ཡིན། )

རྡོ་རྗེ་རིན་ཆེན།
རྡོ་རྗེ་རིན་ཆེན་ནི་སྤྱི་ལོ1963ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ནས་སྐྱེས་ཤིང་། ཁོ་ནི་བོད་ཀྱི་གནའ་དེང་ཟུང་འབྲེལ་གྱི་རྩིག་བཟོ་བ་ཆེན་མོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རྡོ་རྗེ་རིན་ཆེན།
མིང་གཞན།
རྡོར་ལོ།
སྐྱེས་ལོ།
སྤྱི་ལོ1963ལོ།
སྐྱེས་ཡུལ།
ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་ཡུལ་ཚོ།
1 ​ངོ་སྤྲོད། 

རྡོ་རྗེ་རིན་ཆེན་ནི་སྤྱི་ལོ1963ལོར་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ནས་སྐྱེས། སྤྱི་ལོ1983ལོ་ནས་རང་ཡུལ་གྱི་རྡོ་རྩིག་སྒྱུ་རྩལ་བ་རྒན་པ་དག་གི་རྗེས་སུ་འབྲངས་ཏེ་གཙོས་སྲས་མཁར་དགུ་ཐོག་གཙོ་བྱས་ཀན་སུའུ་དང་མཚོ་སྔོན་སི་ཁྲོན་སོགས་བོད་ཁུལ་གྱི་ས་ཆ་དང་དགོན་པ་མང་བོར་སོང་སྟེ་བོད་ལུགས་ཀྱི་གནའ་བོའི་རྩིག་བཟོ་ལྟར་ལྷ་ཁང་ཆེ་ཆུང་མང་བོ་བཞེངས་བསྐྲུན་བྱས། 

2 བྱ་བའི་བརྒྱུད་རིམ། 

སྤྱི་ལོ1997ནས1999ལོའི་བར་རང་ཡུལ་གྱི་རྩིག་བཟོ་བ་རྒན་པ་ཞིག་དང་མཉམ་འབྲེལ་གྱིས་ཀན་ལྷོ་ཁུལ་བསང་ཆུ་རྫོང་གནམ་ལྷ་སྒར་གསར་དགོན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོ་དང་གཏེར་ལུང་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོ་སོགས་གསར་བཞེངས་ལེགས་གྲུབ་བྱས།

སྤྱི་ལོ2001ནས2018ལོའི་བར་རང་ཉིད་ལས་གཞིའི་འགན་འཁུར་མི་སྣ་བྱས་ནས་བླ་བྲང་བཀྲ་ཤིས་འཁྱིལ་ཀྱི་མ་ཎི་ཁང་མང་བོ་དང་བླ་བྲང་ཇོ་མོའི་དགོན་གྱི་ཚོགས་ཆེན་འདུ་ཁང་གི་ལྕགས་རི་དང་གཙོས་གྲོང་ཁྱེར་དགེ་འོས་སྣ་འཛོམས་ཆེད་གཉེར་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དང་ཁ་གྱའི་སྒར་རྙིང་དགོན་གྱི་དབྱེན་ཟླུམ་མཆོད་རྟེན་དང་བདུད་འདུལ་མཆོད་རྟེན་ཆེན་མོ། ཁ་གྱའི་སྒར་རྙིང་དགོན་གྱི་ཐོག་རྩེག་བཞི་ཅན་གྱི་རྟ་མགྲིན་ལྷ་ཁང་ཕུན་ཚོགས་ཀུན་འདུས་གླིང་། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྒར་གསར་དགོན་གྱི་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་ཚོམས་ཆེན་མཐོང་བ་རང་གྲོལ། ཀན་ལྷོ་ཁུལ་བ་ཙེ་རྫོང་ཁྱ་དགེ་དགོན་གྱི་བཙན་ཁང་དང་མཛོད་དགེ་སྒར་རྙིང་དགོན་གྱི་ཁྲི་ཆེན་གུང་ཐང་སྐུ་འཁྲུངས་བདུན་པའི་གཟིམ་ཁང་མཐོང་གྲོལ་ཆེན་མོ། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཁ་གྱ་སྟོད་ཚོགས་གསུམ་རི་ཁྲོད་ཀྱི་བྱང་ཆུབ་མཆོད་རྟེན། སི་ཁྲོན་མཛོད་དགེ་ཁང་གསར་དགོན་གྱི་རྗེ་ལྷ་ཁང་དང་ཀླུ་ཆུ་ཤེས་ཚང་སྒར་གསར་དགོན་གྱི་བཀའ་གདམས་ལྷ་ཁང་ཆེན་མོ། ཁ་གྱའི་སྒར་གསར་དགོན་གྱི་ཚོགས་ཆེན་འདུ་ཁང་ཆེ་མོའི་ལྟག་རྒྱབ་ཡོངས་རྫོགས་དང་རྣམ་རྒྱལ་མཆོད་རྟེན་གོས་སྐུ་ཆེན་མོ་བཤམས་ཡུལ་སོགས། བསང་ཆུ་རྫོང་གཏེར་ལུང་རྟ་རྫོང་སྡེ་བའི་རྣམ་རྒྱལ་མཆོད་དང་གཏེར་ལུང་དགོན་པའི་མ་ཎི་ཁང་དང་ཁ་གྱའི་སྒར་རྙིང་དགོན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོའི་ལྟག་རྒྱབ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མ་ཎི་ཁང་སོགས། ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་མའི་དགོན་གྱི་རྣམ་རྒྱལ་མཆོད་རྟེན་དང་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ས་མར་དགོན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོ་བསྐྱར་གསོ། ཀན་ལྷོ་ཁུལ་ཐེ་བོའི་རྫོང་ནས་མཆོད་རྟེན་དགུ་དང་སྡོད་ཁང་ཁ་ཤས་དང་གཙོས་གྲོང་ཁྱེར་ཁ་གྱའི་ཕྱོགས་བཅུའི་སྤེན་ཐང་སྒར་གྱི་རྣམ་རྒྱལ་མཆོད་རྟེན་དང་ཁ་གྱའི་སྒོམ་ར་གོང་མའི་བདེན་མཆོག་ལྷ་ཁང་། གཏེར་ལུང་བང་གུར་ཐང་ནི་གུ་སྡེ་བའི་རྣམ་རྒྱལ་མཆོད་རྟེན་དང་ཧོར་གཙང་གི་བྱང་ཆུབ་མཆོད་རྟེན་སོགས་ལས་ཀ་རྒྱ་ཕྲག་མང་བོ་བཟོ་བསྐྲུན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པར་མ་ཟད་ལོ་འདི་དག་གི་རིང་ལ་དགོན་པའི་ལྷ་ཁང་ཆེ་ཆུང་མང་བོ་བདེ་བླག་ངང་ཉམས་གསོ་དང་གསར་བཞེངས་བྱས་པ་བོད་ལུགས་ཕུལ་བྱུང་བཟོ་སྐྲུན་པ་ཞིག་གི་མཚན་སྙན་ཕྱོགས་གང་སར་ཁྱབ་ཡོད་པར་མ་ཟད་ཨ་མདོའི་ཡུལ་གྱི་བོད་ལུགས་བཟོ་སྐྲུན་ཐད་རང་ལུགས་གསར་གཏོད་ཀྱི་གཟི་བརྗིད་མཚན་སྙན་ཕྱོགས་མེད་དུ་རྒྱས་ཡོད།

3 ལས་གཞིའི་རྣམ་གྲངས།

གཙོ་བོ་འདམ་བཟོ་དང་ཨར་ལས་སོགས་ཡིན།  འདུ་ཁང་དང་ལྷ་ཁང་ཆེ་ཆུང་དཔེ་མཛོད་ཁང་དང་ཆོས་ར་ཆེ་ཆུང་བླ་མའི་གཟིམ་ཁང་དང་ཚོམས་ཆེན་ཆེ་ཆུང་མཆོད་རྟེན་དང་ལྕགས་རི་རིང་ཐུང་གོས་སྐུ་བཤམས་ཡུལ་མ་ཎི་ཁང་དང་བོད་ཀྱི་གཞིས་ཁྱིམ་དང་ལམ་དང་ཟམ་པ་ཆུ་རགས་སོགས་ལས་གཞི་མི་འདྲ་བ་མང་བོ་བཟོ་སྐྲུན་བྱེད་ཀྱིན་ཡོད། གནའ་དེང་ཟུང་འབྲེལ་གྱི་ཕུལ་བྱུང་བཟོ་བསྐྲུན་འདི་ལ་མཚོན་ན་ཀུང་སི་དང་བཟོ་གྲྭ་ཆེན་པོ་སོགས་དང་མི་འདྲ་བར་བཟོ་གླ་ཧ་ཅང་བདེ་བར་མ་ཟད་ཁོ་ཚོས་རྩིག་པའི་རྡོ་རྩིག་ལ་གཡོ་གཟུར་མེད་ལ་སྲ་བརྟན་ཡིན་པ་སོགས་ཀྱི་ཁྱད་ཆེས་མང་བོ་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།