ཤར་རྒྱུད་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤར་རྒྱུད་ས་ཁུལ།
ཤར་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་མཚོ་རྒྱུད་དུ་ཆགས་ཡོད་ལ། རང་རྒྱལ་གྱི་ས་རྒྱུད་ཆེན་པོ་གསུམ་ལས་རྨ་གཞིའི་སྒྲིག་ཆས་ལེགས་ཤིང་། གྲོང་ཁྱེར་ཅན་དུ་འགྱུར་བའི་ཆུ་ཚད་དང་ཚན་རྩལ་གྱི་ཆུ་ཚད་ཆེས་མཐོ་བའི་ས་རྒྱུད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཤར་རྒྱུད་ས་ཁུལ།
རྒྱ་ཡིག་གི་མིང་།
东部地带
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ངོ་སྤྲོད།

ཤར་རྒྱུད་ས་ཁུལ་ནི་རང་རྒྱལ་གྱི་མཚོ་རྒྱུད་དུ་ཆགས་ཡོད་ལ། རང་རྒྱལ་གྱི་ས་རྒྱུད་ཆེན་པོ་གསུམ་ལས་རྨ་གཞིའི་སྒྲིག་ཆས་ལེགས་ཤིང་། གྲོང་ཁྱེར་ཅན་དུ་འགྱུར་བའི་ཆུ་ཚད་དང་ཚན་རྩལ་གྱི་ཆུ་ཚད་ཆེས་མཐོ་བའི་ས་རྒྱུད་ཅིག་ཡིན།

2 ཁྱབ་ཁོངས།

ཤར་རྒྱུད་དུ་གཙོ་བོ་མཚོ་རྒྱུད་ཀྱི་ལིའོ་ཉིང་ཞིང་ཆེན་དང་། ཧུའུ་པེ་ཞིང་ཆེན། པེ་ཅིང་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོང་ཞི་གྲོང་རིགས་རང་སྐྱོང་ལྗོངས། ཧའེ་ནན་ཞིང་ཆེན་སོགས་མཚོ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ12ཡོད།

3 དཔལ་འབྱོར་འཕེལ་བའི་དགེ་མཚན།

1.བཟོ་ལས་རྨང་གཞི་བརྟན་པ།

2.ཞིང་ལས་རྟེན་གཞི་ཡོད་པ།

3.དཔལ་འབྱོར་རྒྱལ་སྤྱི་ཅན་དུ་འགྱུར་ཚད་མཐོ་བ།

4.ཚན་རིག་ལག་རྩལ་དང་རིག་གནས་ཆུ་ཚད་མཐོ་བ།

5.འགྲིམ་འགྲུལ་སྟབས་བདེ་བ།

6.གྲོང་ཁྱེར་མང་བ།

4 དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན།

1.ནུས་ཁུངས་དང་མ་བཅོས་རྒྱུ་ཆ་ཉུང་བ།

2.བྱང་ཕྱོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོར་ཚྭ་མེད་ཆུ་དཀོན་པ།

3.མི་འབོར་དང་གྲོང་རྡལ་མང་པོ་འདུས་པའི་ས་ཁུལ་ཁ་ཤས་སུ་ཁོར་ཡུག་བཙོག་པོར་བཟོས་པའི་གནད་དོན་བྱུང་བ།

4.འབབ་ཞོད་ཆེ་བས་ཆུ་ལོག་སོགས་ཀྱིས་གནོད་སྐྱོན་ཐེབས་སླ་བ།

5 དོ་སྣང་བྱེད་ཡུལ།

1.མཚོ་རྒྱུད་ཀྱི་ས་ཁམས་ལེགས་པོར་བེད་སྤྱོད་པ།

2.སྟོབས་ཤུགས་ཆེན་པོས་ཞིང་ལས་ཐོན་སྐྱེད་གོང་དུ་སྤེལ་བ།

3.སྲོལ་རྒྱུན་གྱི་ལག་རྩལ་བཅོས་བསྒྱུར་བྱེད་པར་ཤུགས་སྣོན་པ་དང་ལག་རྩལ་གསར་བ་འདོན་སྤེལ་བྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།