རང་རྒྱལ་གྱི་དཔལ་འབྱོར་ས་རྒྱུད་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་རྒྱལ་གྱི་དཔལ་འབྱོར་ས་རྒྱུད་གསུམ།
རང་རྒྱལ་གྱི་དཔལ་འབྱོར་ས་རྒྱུད་གསུམ་ནི་ཕལ་ཆེར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་དཔལ་འབྱོར་ས་ཁུལ་གསུམ་དུ་དབྱེ་ཆོག
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རང་རྒྱལ་གྱི་དཔལ་འབྱོར་ས་རྒྱུད་གསུམ།
རྒྱ་ཡིག་གི་མིང་།
我国三大经济带
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ​དཔལ་འབྱོར་ས་རྒྱུད་གསུམ་གྱི་དབྱེ་ཚུལ།

རང་རྒྱལ་གྱི་མཚོ་རྒྱུད་དང་ནང་ལོགས་བར་གྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱད་པར་ཆེན་པོ་ལྡན་ཞིང་། ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལྟར། རྒྱལ་ཡོངས་ལ་ཕལ་ཆེར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་དཔལ་འབྱོར་ས་ཁུལ་གསུམ་དུ་དབྱེ་ཆོག

2 ཤར་རྒྱུད་ཀྱི་མངའ་ཁོངས།

ཤར་རྒྱུད་དུ་གཙོ་བོ་མཚོ་རྒྱུད་ཀྱི་ལིའོ་ཉིང་ཞིང་ཆེན་དང་། ཧུའུ་པེ་ཞིང་ཆེན། པེ་ཅིང་གྲོང་ཁྱེར། ཐེན་ཅིན་གྲོང་ཁྱེར། ཧྲན་ཏུང་ཞིང་ཆེན། ཅང་སུའུ་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཧྥུའུ་ཅན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཀོང་ཞི་གྲོང་རིགས་རང་སྐྱོང་ལྗོངས། ཧའེ་ནན་ཞིང་ཆེན་སོགས་མཚོ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ12ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་རྒྱ་ཡོངས་ཀྱི་བརྒྱ་ཆའི16ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི41.1(2004ལོ)ཟིན།

3 དབུས་རྒྱུད་ཀྱི་མངའ་ཁོངས།

དབུས་རྒྱུད་ལ་ཧའེ་ལུང་ཅང་ཞིང་ཆེན་དང་། ཅི་ལིན་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས། ཧྲན་ཞི་ཞིང་ཆེན། ཧའོ་ནན་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཅང་ཞི་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཧུའུ་ནན་ཞིང་ཆེན་སོགས་ཞིང་ཆེན་རིམ་པའི་སྲིད་འཛིན9ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི27ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི35.7(2004ལོ)ཟིན།

4 ནུབ་རྒྱུད་ཀྱི་མངའ་ཁོངས།

ནུབ་རྒྱུད་དུ་ཧྲའན་ཞི་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། ཉིང་ཞཱ་ཧའེ་རིགས་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས། ཁྲུང་ཆིང་གྲོང་ཁྱེར། ཀུའེ་ཀྲོའུ་ཞིང་ཆེན། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས་སོགས་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ10ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི57ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི23.2(2004ལོ)ཟིན།

5 ས་རྒྱུད་གསུམ་གྱི་དཔལ་འབྱོར་བར་ཁྱད།

དཔལ་འབྱོར་གྱི་ས་རྒྱུད་གསུམ་པོར་ཕྱོགས་མང་པོའི་ཐད་ནས་ཁྱད་པར་ལྡན་ལ། ནང་སྒོས་སུ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཁྱད་པར་མངོན་གསལ་ལྡན། སྤྱིར་བཏང་དུ་དཔལ་འབྱོར་ཆེས་དར་ཆེ་བ་ནི་ཤར་རྒྱུད་ཡིན་པ་དང་། དེ་ནས་རིམ་བཞིན་དབུས་རྒྱུད་དང་ནུབ་རྒྱུད་ཡིན།

6 རང་བྱུང་གི་རྒྱུ་རྐྱེན།

ས་ཁམས་ཀྱི་ཁྱད་པར་དང་འབྲེལ་ནས་བལྟས་ན། ཤར་རྒྱུད་ས་ཁུལ་གྱི་ནམ་ཟླ་བརླན་གཤེར་ཆེ་ལ། ཆར་བ་དང་ཚ་བའི་དུས་མཉམ་པས་ལོ་ཏོག་སྐྱེ་བར་ཕན་པ་དང་། ས་བབ་ཅུང་དམའ་བས་གསར་སྤེལ་བྱས་ནས་བེད་སྤྱོད་བྱེད་པར་ཅུང་ཕན་པ་ཡིན། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་མང་ཤོས་ཐན་སྐམ་ས་ཁུལ་ལམ་མཐོ་ལྷགས་ས་ཁུལ་དུ་གཏོགས་པ་དང་། མཚོ་ངོས་ལས་ཅུང་མཐོ་བས་ཞིང་ལས་སྤེལ་བར་ཤིན་ཏུ་མི་འོས།

ས་ཁམས་གནས་ཁུལ་གྱི་སྟེང་ནས་བཤད་ན། ཤར་རྒྱུད་ས་ཁུལ་རྒྱ་མཚོ་དང་ཐག་ཉེ་ལ། དང་པོ་ནས་ཕྱིར་གཏོང་ནང་འདྲེན་གྱི་མཚོ་འགྲུལ་སྟབས་བདེ་ཡིན་པས། དཔལ་འབྱོར་གོང་དུ་སྤེལ་བའི་མཐུན་རྐྱེན་ལེགས་པོ་ཡོད། དབུས་རྒྱུད་དང་ནུབ་རྒྱུད་རྒྱ་མཚོ་དང་ཐག་རིང་བས། དུས་ཡུན་རིང་བོར་འགྲིམ་འགྲུལ་སྟབས་བདེ་མིན་པའི་ཚུལ་དུ་གནས་པ་རེད།


བརྡ་འགྲེལ་གདོང་འཛར།

དཔལ་འབྱོར། ས་བབ། ཁོར་ཡུག ས་རྒྱུས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།