མདོ་དབུས་མཐོ་ལྷགས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་དབུས་མཐོ་ལྷགས་ཁུལ།
མདོ་དབུས་མཐོ་ལྷགས་ཁུལ་ནི་རང་རྒྱལ་གྱི་ས་བབ་སྐས་རིམ་དང་པོར་གཏོགས་ཤིང་། དེས་རྒྱལ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི25ཟིན་ན་ཡང་། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི1ཙམ་ལས་ཟིན་མེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མདོ་དབུས་མཐོ་ལྷགས་ཁུལ།
རྒྱ་ཡིག་གི་མིང་།
青藏高寒区
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ངོ་སྤྲོད།

འདི་ནི་རང་རྒྱལ་གྱི་ས་བབ་སྐས་རིམ་དང་པོར་གཏོགས་ཤིང་། དེས་རྒྱལ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི25ཟིན་ན་ཡང་། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི1ཙམ་ལས་ཟིན་མེད།

2 གནམ་གཤིས།

མཚོ་ངོས་ལས་མཐོ་ཚད་མཐོ་ཞིང་མཁའ་དབུགས་ནང་དུ་དབྱང་དཀོན་ལ། དྲོད་ཚད་དམའ་ཞིང་གྲང་ངར་ཆེ་བ་དང་། ས་ཁེབས་རྒྱ་ཆེ་བ། ཉི་མའི་ཁྱབ་འགྱེད་དྲག་ཅིང་རླུངཤུགས་ཆེ་བ་བཅས་ཀྱི་དབང་གིས། ལྗོངས་ཁུལ་ཕྱི་རོལ་ལས་ནང་ལ་རྒྱུ་བའི་ཆུ་རླངས་མང་པོ་མེད་པ་དང་། ཆར་ཆུ་ཧ་ཅང་དཀོན།

3 ས་བབ།

མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སུ་སྨི4000ཡན་ཆད་ཡིན། ས་ཆ་ཁ་ཤས་སུ་མཚོ་ངོས་ལས་མཐོ་ཚད་སྨི7000དང་ཐ་ན་སྨི8000ཡན་ཆད་ཀྱི་གངས་རི་མང་པོས་བསྐོར་འདུག

4 ཁོར་ཡུག

སྔོ་ཁེབས་གཙོ་བོ་ནི་ཐང་རྒོད་དང་རྩྭ་ཐང་། རྫ་སྤང་། སྡོང་ཕྲན་ནག་རྫོང་བཅས་ཡིན་པ་དང་། མཐོ་སྒང་གི་ལྷོ་མཐའི་གྲོག་རོང་དུ་མ་གཏོགས་ནགས་ཚལ་ཧ་ཅང་ཉུང་། མཐོ་ལྷགས་དང་འཕྲོད་པའི་སྲོག་ཆགས་རིགས་ཉུང་ཤས་ཙམ་མ་གཏོགས་མེད། ས་རྒྱུ་གསོས་ཚད་ཧ་ཅང་ཞན་ལ་ས་རིམ་སྲབ།

5 ཁྱད་ཆོས།

1.ས་བབ་མཐོ་ཞང་དབྱང་རླུང་དཀོན་པ།

2.གྲང་ངར་ཆེ་ཞིང་ཆར་ཆུ་དཀོན་པ།

3.གནམ་གཤིས་ཀྱི་རྐྱེན་གྱིས་འབྲུ་རིགས་འདེབས་འཛུགས་ཉུང་པ།

4.རྩྭ་ཐང་དང་རྫ་སྤང་མོད་པས་ཕྱུགས་ཟོག་འཚོ་བར་འཚམ་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།