ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ།
ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ་ནི་གཙོ་བོ་སྐས་རིམ་གཉིས་པའི་སྟེང་གི་ནང་སོག་མཐོ་སྒང་དང་། ཐ་ལེ་མུའུ་གཤོང་ས། ཇུན་གར་གཤོང་ས་ལ་སོགས་པའི་ས་དབྱིབས་འདུས་ཤིང་། དེའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི30ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི4ཙམ་མ་གཏོགས་ཟིན་མེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ།
རྒྱ་ཡིག་གི་མིང་།
西北干旱半干旱区
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ངོ་སྤྲོད།

དེ་རུ་གཙོ་བོ་སྐས་རིམ་གཉིས་པའི་སྟེང་གི་ནང་སོག་མཐོ་སྒང་དང་།  ཐ་ལེ་མུའུ་གཤོང་ས། ཇུན་གར་གཤོང་ས་ལ་སོགས་པའི་ས་དབྱིབས་འདུས་ཤིང་། དེའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི30ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི4ཙམ་མ་གཏོགས་ཟིན་མེད།

2 གནམ་གཤིས།

ཡོ་གླིང་དང་ཡ་གླིང་གི་སྐམ་ས་ཆེན་པོའི་ནང་ཁུལ་དུ་གནས་པས་རྒྱ་མཚོ་དང་བར་ཐག་རིང་ལ། དབྱར་དུས་རླུང་གི་ཤུགས་རྐྱེན་ཐེབས་པ་ཉུང་པ་དང་། རི་རྒྱུད་ཀྱིས་རྒྱ་མཚོའི་རླན་གཤེར་གྱི་དབུགས་རྒྱུན་བཀག་ནས་ཚུར་རྒྱུ་མ་ཐུབ་པས་ནམ་ཟླ་སྐམ་ཤས་ཆེ། ཤར་ཕྱོགས་ཀྱི་ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི400ཡས་མས་ཡིན་པ་དང་། ནུབ་ཕྱོགས་སུ་ཉུང་བར་གྱུར་ནས་ཧའོ་སྨི100ཡི་མན་དུ་ལྷུང་ཡོད། ལོ་རེ་དང་ཉིན་རེའི་ནམ་ཟླར་བར་ཁྱད་ཆེ་ཞིང་། མང་ཤོས་རླུང་ཆེན་གཡུགས་པའི་ནམ་ཟླ་ཡིན།

3 ས་བབ།

མཚོ་ངོས་ལས་ཅུང་མཐོ་ནའང་དེའི་ཁྱད་པར་མངོན་གསལ་ལྡན་པ་སྟེ། མཚོ་ངོས་ལས་མཐོ་ཚད་སྨི1000ཡས་མས་ཀྱི་མཐོ་སྒང་དུ། མཚོ་ངོས་ལས་མཐོ་ཚད་སྨི3000ཡན་ཆད་ཀྱི་རི་རྒྱུད་ཡོད་ལ། མཚོ་ངོས་ལས་མཐོ་ཚད་སྨི250ནས500ཡིན་པའི་སྐམ་སའི་གཤོང་ས་ཡང་ཡོད་པ་དང་། ཐུའུ་ལུའུ་ཧྥན་གཤོང་སའི་ཨའེ་ཏིང་མཚེའུ་ཡི་ཆུ་ངོས་ནི་མཚོ་ངོས་ལས་མཐོ་ཚད་སྨི155ཡིས་དམའ་བ་རེད།

4 ཁོར་ཡུག

སྔོ་ཁེབས་མང་ཤས་ཐང་རྒོད་ཡིན་ལ། ཁག་ཅིག་རྩྭ་ཐང་ཡིན། ས་རྒྱུ་གཙོ་བོ་སྔོ་ཁེབས་རྩྭ་ཐང་དང་རྩྭ་ཐང་སྔོ་ཁེབས་ཀྱི་འོག་ཏུ་གསོས་པ་ཡིན་པས། སྐྱེ་ལྡན་རྫས་ཀྱི་འདུས་ཚད་ཅུང་ཉུང་ཞིང་ཞུ་ཐུབ་པའི་ཚྭའི་འདུས་ཚད་ཅུང་མཐོ། སྐྱེས་དངོས་རིགས་ནི་ཤར་ཕྱོགས་དུས་རླུང་ཁུལ་ལས་ཉུང་བ་རེད། མཚོ་དང་མཚེའུ་ཅུང་མང་ནའང་མང་ཤས་ཚྭ་མཚོ་ཡིན།

5 ཁྱད་ཆོས།

1.ས་བབ་མཐོ་ཚད་དོ་སྙོམ་མིན་པ།

2.ཆར་ཆུ་དཀོན་པ།

3.ས་རྒོད་སྔོ་ཁེབས་རྩྭ་ཐང་དུ་གཏོགས་པས་ཕྱུགས་ཟོག་འཚོ་བར་འཚམ་པ།


བརྡ་འགྲེལ་གདོང་འཛར།

ས་བབ། ཁོར་ཡུག ཐན་སྐམ། གནམ་གཤིས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།