ཤར་ཕྱོགས་དུས་རླུང་ཁུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤར་ཕྱོགས་དུས་རླུང་ཁུལ།
ཤར་ཕྱོགས་དུས་རླུང་ཁུལ་གྱི་རྒྱབ་ཏུ་སྐམ་སའི་མཐོ་སྒང་ཡོད་ལ་མདུན་དུ་རྒྱ་མཚོ་ཆེན་པོ་ཡོད། དེར་ཐེམ་སྐས་རིམ་པ་གཉིས་པའི་ས་སེར་མཐོ་སྒང་དང་། སི་ཁྲོན་གཤོང་ས། ཡུན་ཀའེ་མཞོ་སྒང་བཅས་དང་། ཐེམ་སྐས་རིམ་པ་གསུམ་པའི་མཚོ་རྒྱུད་བདེ་ཐང་དང་རི་མ་ཐང་བཅས་འདུས་ཡོད། དེས་རྒྱལ་ཡོངས་ཀྱི་སྐམ་སའི་བརྒྱ་ཆའི45ཟིན་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི95(སྤྱི་ལོ2004)ཟིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཤར་ཕྱོགས་དུས་རླུང་ཁུལ།
རྒྱ་ཡིག་གི་མིང་།
东部季风区
ཕྱི་ཡིག་གི་མིང་།
The eastern monsoon region
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
1 ངོ་སྤྲོད།

ཤར་ཕྱོགས་དུས་རླུང་ཁུལ་གྱི་རྒྱབ་ཏུ་སྐམ་སའི་མཐོ་སྒང་ཡོད་ལ་མདུན་དུ་རྒྱ་མཚོ་ཆེན་པོ་ཡོད། དེར་ཐེམ་སྐས་རིམ་པ་གཉིས་པའི་ས་སེར་མཐོ་སྒང་དང་། སི་ཁྲོན་གཤོང་ས། ཡུན་ཀའེ་མཞོ་སྒང་བཅས་དང་། ཐེམ་སྐས་རིམ་པ་གསུམ་པའི་མཚོ་རྒྱུད་བདེ་ཐང་དང་རི་མ་ཐང་བཅས་འདུས་ཡོད། དེས་རྒྱལ་ཡོངས་ཀྱི་སྐམ་སའི་བརྒྱ་ཆའི45ཟིན་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི95ཟིན།

2 གནམ་གཤིས།

དབྱར་དུས་སུ་རྒྱ་མཚོའི་དུས་རླུང་གིས་ཤུགས་རྐྱེན་ཐེབས་པས། ཆར་ཆུ་མོད་ཅིང་དྲོད་ཚད་མཐོ། དགུན་དུས་སུ་བྱང་ཕྱོགས་ཀྱི་རླུང་རྒྱུན་གྲང་མོས་ཤུགས་རྐྱེན་ཐེབས་པས། ས་ཆ་མང་ཤོས་ལ་གྲང་ངར་ཆེ་ཞིང་སྐམ་པོ་ཡིན། དུས་ཚིགས་དང་བསྟུན་ནས་གནམ་གཤིས་ལ་འགྱུར་ལྡོག་འབྱུང་གི་ཡོད། ཆར་དུས་གཙོ་བོ་ནི་ལོ་རེའི་ཟླ5པ་ནས9པའི་བར་ཡིན་ཞིང་རླན་ཚད་མཐོ་ལ་ལོ་རེའི་ཆར་ཆུ་འབབ་ཚད་ཆ་སྙོམས་ཀྱིས་ཧའོ་སྨི400ལས་མཐོ།

3 ས་བབ།

མཚོ་ངོས་ལས་མཐོ་ཚད་དམའ་ཞིང་། ས་ཆ་མང་ཆེ་བའི་མཐོ་ཚད་ནི་མཚོ་ངོས་ལས་མཐོ་ཚད་སྨི1000གི་མན་ཆད་ཡིན་པ་དང་། དེ་ལས་ཤར་ཕྱོགས་ཀྱི་ས་ཆ་མང་ཤས་ཀྱི་མཐོ་ཚད་ནི་མཚོ་ངོས་ལས་མཐོ་ཚད་སྨི500ཡི་མན་ཆད་ཡིན་པ་མ་ཟད། མཐའ་ཡས་པའི་བདེ་ཐང་མང་པོ་ཡོད།

4 ཁོར་ཡུག

གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པས་ཁོར་ཡུག་ནགས་ཚལ་ཀྱིས་ཁེབས་ཡོད་ཅིང་། ཁ་ཤས་ནི་ནགས་ཚལ་རྩྭ་ཐང་ཡིན་ལ། སྐྱེ་དངོས་ཀྱི་རིགས་ཧ་ཅང་མང་། འབྲི་ཆུ་དང་རྨ་ཆུ། ཀྲུའུ་ཅང་གཙང་བོ། ལིའོ་ཧའོ་ཆུ་བོ། ཧའེ་ཧའོ་ཆུ་བོ་སོགས་ཀྱང་ཤར་ཕྱོགས་ཁུལ་བརྒྱུད་དེ་ཕྱིའི་རྒྱ་མཚོ་དག་ཏུ་བཞུར་བཞིན་ཡོད།

5 ཁྱད་ཆོས།

1.ས་བབ་དམའ་བ།    

2.ཆར་ཆུ་མོད་པ། 

3.ནགས་ཚལ་སོགས་སྐྱེས་དངོས་ཀྱི་རིགས་མང་པ། 

4.མཐའ་ཡས་པའི་བདེ་ཐང་མང་པས་རྨོ་ཞིང་གི་གཞི་རྒྱ་ཆེ་བ།

5.མཚོ་ཐོག་གི་འགྲིམ་འགྲུལ་ལ་སྟབས་བདེ་བས་དཔལ་འབྱོར་ཆ་རྐྱེན་ལེགས་པ།


བརྡ་འགྲེལ་གདོང་འཛར།

དུས་རླུང་ཁུལ། ནམ་ཟླ། ས་བབ། ཁོར་ཡུག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-26

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།