རང་རྒྱལ་གྱི་རང་བྱུང་ཁུལ་ཆེན་པོ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་རྒྱལ་གྱི་རང་བྱུང་ཁུལ་ཆེན་པོ་གསུམ།
རང་རྒྱལ་གྱི་རང་བྱུང་ཁམས་ཆེན་པོ་གསུམ་ནི་ཤར་ཕྱོགས་དུས་རླུང་ཁུལ་དང་ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ། མདོ་དབུས་མཐོ་ལྷགས་ཁུལ་བཅས་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
རང་རྒྱལ་གྱི་རང་བྱུང་ཁུལ་ཆེན་པོ་གསུམ།
རྒྱ་ཡིག་གི་མིང་།
我国三大自然区
ཁོངས་གཏོགས།
ས་ཁམས།
རིགས་དབྱེ།
ས་རྒྱུས།
རྒྱལ་ཁབ།
ཀྲུང་གོ།
1 ​རང་བྱུང་ཁུལ།

རང་བྱུང་གི་ས་ཁམས་ཁོར་ཡུག་ནི་གཅིག་གྱུར་གྱི་གོང་བུ་ཞིག་ཡིན་ལ། ས་དབྱིབས་དང་ནམ་ཟླ། ཆུ་དཔྱད། སྐྱེ་དངོས། ས་རྒྱུ་ལ་སོགས་པ་ལྟ་བུའི་རང་བྱུང་གི་རྒྱུ་རྐྱེན་གཙོ་བོ་ཚང་མས་ཕན་ཚུན་ཤུགས་རྐྱེན་གཏོང་བ་དང་ཕན་ཚུན་ལ་འབྲེལ་བ་ཡོད། རང་རྒྱལ་ལ་མཚོན་ན། ནམ་ཟླ་དང་ས་དབྱིབས་གཉིས་ནི་རང་བྱུང་ཁོར་ཡུག་གི་ཁྱད་པར་ཐག་གཅོད་བྱེད་པའི་གཞི་རྩའི་རྒྱུ་རྐྱེན་ཡིན་ཞིང་། ས་རྒྱུ་དང་སྔོ་ཁེབས་གཉིས་ནི་རང་བྱུང་ཁམས་ཀྱི་ཁོར་ཡུག་ཚུར་སྣང་བྱེད་པའི་མེ་ལོང་ལྟ་བུ་ཡིན།

2 རང་བྱུང་ཁུལ་ཆེན་པོ་གསུམ།

1.ཤར་ཕྱོགས་དུས་རླུང་ཁུལ།

2.ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ།

3.མདོ་དབུས་མཐོ་ལྷགས་ཁུལ།

3 ས་བབ།

རབ་རྒྱལ་གྱི་ས་བབ་ནི་ནུབ་རྒྱུད་མཐོ་ལ་ཤར་རྒྱུད་དམའ་བ་དང་། སྐས་དབྱིབས་རིམ་པ་གསུམ་གྱི་ཚུལ་དུ་ཆགས་ཡོད།

4 ནམ་ཟླ།

ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ་དང་ཤར་ཕྱོགས་དུས་རླུང་ཁུལ་བར་ལ་ཧ་ལམ་ཧའོ་སྨི400ཡི་ཆར་ཆུ་འབབ་ཚད་ཀྱི་འདྲ་མཉམ་ཐིག་གིས་མཚམས་འབྱེད་པ་དང་། མདོ་དབུས་མཐོ་ལྷགས་ཁུལ་གྱི་བྱང་ཕྱོགས་ནི་ཁུ་ནི་རི་བོ་དང་ཨེར་ཅིན་རི་བོ། མདོ་ལ་རི་རྒྱུད་བཅས་ཀྱིས་མཚམས་འབྱེད་ལ། ཤར་ཕྱོགས་ནི་ཧ་ལམ་མཐོ་མཉམ་ཐིག་སྨི3000གིས་མཚམས་འབྱེད་པ་རེད། འདི་ལྟར་བལྟས་ན། ལོ་རེའི་ཆར་ཆུ་འབབ་ཚད་ཀྱི་ཁྱབ་སྟངས་ནི་ཤར་ལྷོ་ནས་བྱང་ཕྱོགས་སུ་རིམ་གྱིས་ཇེ་ཉུང་དུ་འགྲོ་བ་རེད།

5 རང་བྱུང་ཁུལ་ཆེན་པོ་གསུམ་གྱི་ཁྱད་ཆོས།

ཤར་ཕྱོགས་དུས་རླུང་ཁུལ།   ཤར་ཕྱོགས་དུས་རླུང་ཁུལ་གྱི་རྒྱབ་ཏུ་སྐམ་སའི་མཐོ་སྒང་ཡོད་ལ་མདུན་དུ་རྒྱ་མཚོ་ཆེན་པོ་ཡོད། དེར་ཐེམ་སྐས་རིམ་པ་གཉིས་པའི་ས་སེར་མཐོ་སྒང་དང་། སི་ཁྲོན་གཤོང་ས། ཡུན་ཀའེ་མཐོ་སྒང་བཅས་དང་། ཐེམ་སྐས་རིམ་པ་གསུམ་པའི་མཚོ་རྒྱུད་བདེ་ཐང་དང་རི་མ་ཐང་བཅས་འདུས་ཡོད། དེས་རྒྱལ་ཡོངས་ཀྱི་སྐམ་སའི་བརྒྱ་ཆའི45ཟིན་པ་དང་། རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི95ཟིན།

ནུབ་བྱང་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ས་ཁུལ།   དེ་རུ་གཙོ་བོ་སྐས་རིམ་གཉིས་པའི་སྟེང་གི་ནང་སོག་མཐོ་སྒང་དང་།  ཐ་ལེ་མུའུ་གཤོང་ས། ཇུན་གར་གཤོང་ས་ལ་སོགས་པའི་ས་དབྱིབས་འདུས་ཤིང་། དེའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི30ཟིན་ལ། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི4ཙམ་མ་གཏོགས་ཟིན་མེད།

མདོ་དབུས་མཐོ་ལྷགས་ཁུལ།  འདི་ནི་རང་རྒྱལ་གྱི་ས་བབ་སྐས་རིམ་དང་པོར་གཏོགས་ཤིང་། དེས་རྒྱལ་ཡོངས་ཀྱི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི25ཟིན་ན་ཡང་། མི་གྲངས་ཀྱིས་རྒྱལ་ཡོངས་མི་གྲངས་ཀྱི་བརྒྱ་ཆའི1ཙམ་ལས་ཟིན་མེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།