མིའི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མིའི་རིགས་རིག་གནས་ཀྱི་སྐྱེ་ཁམས་སྨྲ་བ།
ལྟ་བ་འདི་ནི་ཨ་རིའི་ས་ཁམས་རིག་པ་སྨྲ་བ་ལུའོ་སི་ལགས་སོགས་ཀྱིས་ཐོག་མར་བཏོན་པའི་མིའི་རིགས་རིག་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་གི་གཞུང་ལུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
人类文化生态论
1 ངོ་སྤྲོད།

དོན་སྙིང་ངེས་ཅན་ཞིག་གི་ཆ་ནས་བརྗོད་ན། ལྟ་བ་འདི་ནི་ཁོར་ཡུག་ཐག་གཅོད་སྨྲ་བ་དང་འགལ་བ་ལྟག་སྤྲོད་དུ་སོང་ཡོད། རིག་གནས་གཞུང་ལུགས་སྨྲ་བ་ཁ་ཤས་ཀྱིས་མིའི་རིགས་ཀྱིས་ཁོར་ཡུག་ལ་ཐེབས་པའི་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཤུགས་རྐྱེན་དེ་ཤེས་རྟོགས་བྱུང་རྗེས། འགྲོ་བ་མིའི་རིགས་ནི་ཁོར་ཡུག་ལ་བསྒྱུར་བཀོད་བྱེད་མཁན་ཡིན་པའི་ཆ་ནས་ཞིབ་འཇུག་བྱས་ཤིང་། དེ་ལ་ཨ་རིའི་ས་ཁམས་རིག་པ་སྨྲ་བ་པ་ལུའོ་སི(巴罗斯)ལགས་ཀྱིས་སྤྱི་ལོ1923ལོར། མིའི་རིགས་སྐྱེ་ཁམས་རིག་པ་ཞེས་པའི་དཔྱད་རྩོམ་སྤེལ་ནས། འགྲོ་བ་མིའི་རིགས་ཀྱི་རིག་གནས་ནི་ཁོར་ཡུག་གིས་ཐག་བཅད་པ་མ་ཡིན་པར་མ་ཟད། དེ་ལས་ལྡོག་སྟེ། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བསྒྱུར་བཀོད་བྱས་ཆོག་ལ། རང་ཉིད་ཀྱི་འདོད་བློ་ལྟར་རང་བྱུང་ཁམས་ལ་བཟོ་བཀོད་བྱ་རུང་། བཟོ་བཀོད་བྱ་བའི་གོ་རིམ་ཁྲོད་དུ་རིམ་གྱིས་ཉམས་མྱོང་དང་བསླབ་བྱ་བསགས་པ་སྟེ། རང་བྱུང་ཁམས་ལ་བསྒྱུར་བཀོད་བརྒྱུད་པའི་རྒྱལ་ཕམ་ཕྱོགས་གཉིས་ཀའི་ཉམས་མྱོང་སྤྱི་བསྡོམས་དང་བསྡུ་ལེན་བྱ་དགོས་ལ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ཤིང་སྐྱེ་ཁམས་དོ་མཉམ་འབྱུང་བར་ཁག་ཐེག་བྱས་ཏེ། འགྲོ་བ་མིའི་རིགས་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས་པར་འདོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-01

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།