ས་ཁམས་ཁོར་ཡུག་གི་ཐག་གཅོད་སྨྲ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ས་ཁམས་ཁོར་ཡུག་གི་ཐག་གཅོད་སྨྲ་བ།
ལྟ་བ་འདི་ནི་འཇར་མན་གྱི་ས་ཁམས་རིག་པ་སྨྲ་བK.ལི་ཐེ་ཨེར་ལགས་ཀྱིས་དུས་རབས་བཅུ་དགུ་པར་ཐོག་མར་བཏོན་པའི་ས་ཁམས་ཁོར་ཡུག་ཞིབ་འཇུག་གི་གཞུང་ལུགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
地理环境决定论
རྒྱལ་ཁབ།
འཇར་མན།
གསར་གཏོད་མཁན།
K. ལི་ཐེ་ཨེར།
དུས་སྐབས།
དུས་རབས19པ།
1 ​ངོ་སྤྲོད་རགས་བསྡུས།

ལྟ་བ་འདི་ནི་འཇར་མན་གྱི་ས་ཁམས་རིག་པ་སྨྲ་བK.ལི་ཐེ་ཨེར་ལགས་ཀྱིས་དུས་རབས་བཅུ་དགུ་པར་ཐོག་མར་བཏོན་པ་སྟེ། ཁོང་གིས་མི་ཚེ་གཅིག་རིང་ལ་དེབ་བཅོ་བརྒྱད་ཅན་གྱི《ས་ཁམས་རིག་པ་རྒྱས་བཤད》ཅེས་པ་བརྩམས་ཏེ། གཞུང་ལུགས་འདིའི་རིག་གཞུང་གོ་གནས་བརྟན་པོར་བཙུགས། དུས་རབས་ཉི་ཤུ་བའི་ལོ་རབས་ཉི་ཤུ་ཙམ་ལ་ཡོ་རོབ་གླིང་དང་མེ་གླིང་གི་ས་ཁམས་སྨྲ་བའི་མཁས་པ་མང་པོ་ཞིག་གིས་ལྟ་བ་འདི་ཁས་ལེན་བྱེད་ཅིང་འཐུས་སྒོ་ཇེ་ཚང་དུ་བཏང་། གཞུང་ལུགས་འདིའི་ལྟ་ཚུལ་ལྟར་ན། ས་ཁམས་ཁོར་ཡུག་སྟེ་ལྷག་པར་དུ་ས་དབྱིབས་དང་མཁའ་དབུགས་ཀྱིས་འགྲོ་བ་མིའི་ཤེས་རིག་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ་སྟེ། མི་རིགས་ནི་རང་བྱུང་ཁམས་ཆེན་པོས་བཙིར་བཟོ་ལས་ཐོན་པའི་ས་འདམ་ཙམ་ལས་མ་འདས། རི་ཁུལ་དུ་འཚོ་བའི་མི་རྣམས་ནི་རང་གཤིས་གུ་དོག་ཅིང་བསམ་པའི་བཀོད་ཤུགས་ཀྱིས་དབེན་པ། རང་དབང་ལ་རེ་སྣང་གིས་ཁེངས་ཡོད། འདི་ནི་ཀྱག་ཀྱོག་ཆེ་ཞིང་སིལ་བུར་བཅད་ཡོད་པའི་ཁོར་ཡུག་དེས་ཐག་བཅད་པ་ཡིན། ཡང་དྲོད་ཁུལ་ས་གནས་ཀྱི་མཁའ་དབུགས་ཀྱིས་བསྐྱངས་པའི་མི་རྣམས་ནི་ལྷན་སྐྱེས་ནས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་ལ། གསར་གཏོད་ཀྱི་བློ་སྤོབས་ལྡན་པ། དམངས་གཙོ་ལ་འཚོལ་སྙེག་བྱེད་པ་བཅས་ཀྱི་རང་གཤིས་ལྡན། འགྲོ་བ་མིའི་རིགས་ཀྱི་འཚོ་བར་དོན་སྙིང་གལ་ཆེན་ལྡན་པ་ཡིན། ལྷག་པར་དུ་འགྲོ་བ་མིའི་རིགས་ཀྱི་དུས་སྔ་མར་མཚོན་ན་དེ་བས་ཀྱང་རང་བྱུང་ཁོར་ཡུག་ལ་རྟེན་ཅིང་འབྲེལ་བ་ནི་སྨོས་མ་དགོས། ཁོར་ཡུག་ཐག་གཅོད་སྨྲ་བའི་མཁས་པ་རྣམས་ཀྱིས་གནད་འདི་རྟོགས་ཤིང་གསལ་བཤད་བྱས་པ་འདི་ནི་དངོས་གནས་བསྟོད་པའི་ཡུལ་དུ་ལེགས་མོད། འོན་ཀྱང་དུས་རབས་སོགས་ཀྱི་དབྱེ་མཚམས་མ་ཕྱེས་པར་མིའི་རིགས་ཀྱི་འཚོ་སྟངས་དང་རིག་གནས་ཕལ་ཆེར་ནི་ཁོར་ཡུག་གིས་ཐག་བཅད་པར་སྨྲས་པ་དེ་ལ་ཡང་འུད་བརྗོད་བྱས་པའི་དོགས་གཞི་ཡོད་པ་གདོན་མི་ཟའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།