ཕོ་བའི་འགུལ་སྐྱོད་ཞན་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕོ་བའི་འགུལ་སྐྱོད་ཞན་པ་ནི་ཕོ་བའི་འགུལ་སྟོབས་ཉམས་ནས་ཟས་འཇུ་བར་གནོད་པའི་ནད་རིགས་ཤིག་སྟེ། ནད་འདི་རྨོ་ཕྱུགས་དང་བ་མོར་འབྱུང་བ་མང་ལ། ནང་སྒོས་སུ་ཕྱུགས་ར་ནས་གསོ་བའི་ནོར་ལ་འབྱུང་བ་ཧ་ཅང་མང་ངོ་།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཕོ་བའི་འགུལ་སྐྱོད་ཞན་པ།
ཁོངས་གཏོགས།
ཕྱུགས་ནད།
རིགས་དབྱེ།
ནད་ཡམས།
1 ངོ་སྤྲོད།

ཕོ་བའི་འགུལ་སྐྱོད་ཞན་པ་ནི་ཕོ་བའི་འགུལ་སྟོབས་ཉམས་ནས་ཟས་འཇུ་བར་གནོད་པའི་ནད་རིགས་ཤིག་སྟེ། ནད་འདི་རྨོ་ཕྱུགས་དང་བ་མོར་འབྱུང་བ་མང་ལ། ནང་སྒོས་སུ་ཕྱུགས་ར་ནས་གསོ་བའི་ནོར་ལ་འབྱུང་བ་ཧ་ཅང་མང་ངོ་།།

2 ནད་རྐྱེན།

གཟན་ཆས་སྣ་གཅིག་ཡུན་རིང་ལ་བསྟེན་པ་དང་། དུས་ཡུན་རིང་བོར་རྩུབ་པོ་དང་སྲ་མོ། སྤུས་ཀ་ཞན་ཞིང་འཇུ་དཀའ་བའི་གཟན་ཆས་བྱིན་པ། རུལ་གྱུར་གཟན་ཆས་བྱིན་པ། གློ་བུར་དུ་གཟན་སྣ་བརྗེས་པ། གཏེར་རྫས་དང་འཚོ་སྐྱེད་རྫས་ཉུང་བ་བཅས་ལས་བསྐྱེད་པ་དང་། གཞན་ཡང་རྙིང་ཚབ་གསར་སྡུད་ཚུལ་གྱི་ནད་དང་བེའུ་བཙའ་སྐབས་ཞ་འཁུམ་འབྱུང་བའི་ནད། པུ་པའི་དབྱུག་སྲིན་ནད། མཆིན་འཇིབ་ལེབ་འབུའི་ནད། ཚ་བ་བསྐྱེད་པའི་ནད། འགོ་ནད་སོགས་འབྱུང་བའི་བརྒྱུད་རིམ་དུ་ནད་འདི་ཞོར་དུ་སྐྱེད་སྲིད་དོ།།

3 ནད་རྟགས།

ནད་ཀྱི་བརྒྱུད་རིམ་ལྟར་ན། བྲེལ་གཤིས་ཅན་དང་དལ་གཤིས་ཅན་ཏེ་རིགས་གཉིས་སུ་དབྱེ་ཆོག་གོ།

བྲེལ་གཤིས་ཅན་ནི། ཡི་ག་འཆུས་པའམ་ཟས་གཏན་ནས་མི་ཟ་བ། སྐྱུག་ལྡད་ཉུང་བའམ་སྐྱུག་ལྡད་མི་བྱེད་པ། གྲོད་ཁོག་གི་འགུལ་སྐྱོད་མངོན་གསལ་དུ་ཞན་པ། ཕོ་བར་ཟས་མྱགས་མང་ཞིང་ལག་པས་ཐལ་རྡུལ་བཙིར་བ་ལྟ་བུའམ་འབྲས་ཐུག་ལྟ་བུར་སྣང་ངོ་།།

དལ་གཤིས་ཅན་ནི། དལ་གཤིས་ཅན་ལས་འགྱུར་བ་སྟེ། ཡི་ག་རྒྱུན་ལྡན་མིན་ལ་གཟན་ཆས་མ་ཡིན་པའི་དངོས་པོ་གཞན་དག་ཟ་རྒྱུར་ཧ་ཅང་དགའ་བ། སྐྱུག་ལྡད་རྒྱུན་ལྟར་མིན་པ་སོགས་ཀྱི་ནད་རྟགས་མངོན་ལ། ན་ཚུལ་སྐབས་འགར་ཇེ་ཡང་དང་། སྐབས་འགར་ཇེ་ལྕིར་འགྱུར་བ། སྐྱི་ལྤགས་སྐྱ་བོར་འགྱུར་བ་དང་། ཤ་རིད་པར་མ་ཟད། གྲོད་ཁོག་འགུལ་བ་ཡལ་བའམ་མེད་པར་འགྱུར་ཞིང་། རྩ་འགག་པ་དང་འཁྲུ་བ་རེས་མོས་འབྱུང་བའོ།།

4 འགོག་བཅོས།

1.འགོག་ཐབས། ནད་འདི་འགོག་པར་གསོ་སྐྱོང་ནས་མགོ་འཛིན་དགོས་ཏེ། ལུགས་མཐུན་སྒོས་གཟན་ཆས་བསྡེབས་ཏེ་སྟེར་བ་དང་། རུལ་སྐྱུར་གཟན་ཆས་དང་འཁྱག་ཟས་རིགས་སྟེར་མི་རུང་། གཟན་སྣ་གློ་བུར་བསྒྱུར་མི་རུང་། དགུན་ཐོག་འོས་འཚམ་སྒོས་འགུལ་སྐྱོད་བྱེད་དུ་འཇུག་པ། ཕྱུགས་ར་གཙང་མར་རྒྱུན་འཁྱོངས་དང་མཁའ་རླུང་རྒྱུ་བར་བྱེད་དགོས།

2.བཅོས་ཐབས། སྨན་གསོའི་རྩ་དོན་ནི་གྲོག་ཁོག་གི་དངོས་པོ་མྱུར་དུ་ཕྱིར་འཕུད་པ་དང་གྲོད་ཁོག་སྐུམ་འགུལ་ཇེ་དྲག་ཏུ་གཏོང་བ། སྐྱུག་ལྡད་བྱེད་དུ་འཇུག་པ་བཅས་ཡིན་པས། དུས་ཐོག་ཏུ་སྨན་བཅོས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེའོ།།


བརྡ་འགྲེལ་གདོང་འཛར།

འགོས་ནད། སྔོན་འགོག ནད་རྟགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-02-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།