ལི་ཆི། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ལི་ཆི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(དབྱིན་ཇིའི་གསར་བརྗེ་མི་སྣ།)

ལི་ཆི།
ཁོང་ནི་སྤྱི་ལོ1937ལོར་ལུན་ཏོན་དཔལ་འབྱོར་སློབ་གླིང་དུ་ཞུགས་ནས་མ་ལིན་ནུའོ་ཧྥུ་སི་ཅིའི་སློབ་མར་གྱུར་ལ། སྔ་ཕྱིར་དབྱི་ལང་གི་ཁོ་ཨེར་ཏེ་སི་ཐན་དང་འབར་མ་རྒྱལ་ཁབ་སོགས་སུ་བསྐྱོད་ནས་ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་བྱ་བ་གཉེར་ནས་མིའི་རིགས་རིག་པའིམཁས་པར་གྱུར་བའི་དབྱིན་ཇིའི་མིའི་རིགས་རིག་པ་སྐད་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
埃德蒙·利奇
ཕྱི་ཡིག་གི་མིང་།
Edmund Leach
རྒྱལ་ཁབ།
དབྱིན་ཇི།
ལས་རིགས།
མིའི་རིགས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1910-1989)
བརྩམས་ཆོས།
《འབར་མའི་མཐོ་སྒང་གི་ཆབ་སྲིད་ལམ་ལུགས》
1 ​ངོ་སྤྲོད།

ལི་ཆི་ནི་སྤྱི་ལོ1937ལོར་ལུན་ཏོན་དཔལ་འབྱོར་སློབ་གླིང་དུ་ཞུགས་ནས་མ་ལིན་ནུའོ་ཧྥུ་སི་ཅིའི་སློབ་མར་གྱུར་ལ། སྔ་ཕྱིར་དབྱི་ལང་གི་ཁོ་ཨེར་ཏེ་སི་ཐན་དང་འབར་མ་རྒྱལ་ཁབ་སོགས་སུ་བསྐྱོད་ནས་ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་བྱ་བ་གཉེར། སྤྱི་ལོ1966ལོར་ཁོ་རང་ཅན་ཆའོ་སློབ་ཆེན་གྱི་རྒྱལ་སྲས་སློབ་གླིང་གི་མགོ་གཙོ་རུ་བསྐོས་ཤིང་། སྤྱི་ལོ1979ལོར་ལས་འཁྱུར་ངལ་གསོའི་བར་དུ་བྱ་བ་གཉེར། དེའི་བར་དུ་ཁོང་གིས་གོང་མ་ཚང་གི་མིའི་རིགས་རིག་པ་ཚོགས་པའི་ཚོགས་གཙོ་དང་གོང་མ་ཚང་གི་མིའི་རིགས་རིག་པའི་སློབ་གླིང་གི་མགོ་གཙོ་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་ངོ་།། ཁོང་ནི་གྲུབ་ཚུལ་རིང་ལུགས་ཀྱི་བསམ་བློའི་དགོངས་པ་གང་ཉིད་དབྱིན་ཇི་རྒྱལ་ཁབ་ལ་དར་སྤེལ་གཏོང་མཁན་ཏེ། ལིའེ་ཝེ·ཧྲི་ཐེ་ལའོ་སིའི་དགོངས་པའི་རྗེས་འབྲངས་པ་དང་རྒྱབ་སྐྱོར་པ་རྣལ་མ་ཞིག་ཡིན། བརྩམས་ཆོས་གཙོ་བོ་ལ《འབར་མའི་མཐོ་སྒང་གི་ཆབ་སྲིད་ལམ་ལུགས》དང《ལིའེ་ཝེ·ཧྲི་ཐེ་ལའོ་སི》སོགས་མཆིས།

གྲུབ་ཚུལ་རིང་ལུགས་ལ་འགྲེལ་བ་བྱེད་དུས་ཁོང་གིས་བསྟན་དོན། མིའི་རིགས་རིག་པ་སྨྲ་མཁན་ཚོས་ཞིབ་འབྲི་བྱ་བའི་གྲུབ་ཚུལ་ནི་ཁོ་ཚོའི་སེམས་ཁོང་དུ་གནས་པའི་གཏན་ཚིགས་བསམ་གཞིག་རྣམ་པ་དེ་ཡིན་ཞིང་། སྤྱི་ཚོགས་ལམ་ལུགས་ལ་གསལ་བཤད་བྱ་བ་དེའང་དོན་སྤྱི་ཅན་གྱི་རྣམ་པ་གང་རུང་མ་དེ་ཞིབ་བརྗོད་བྱེད་པ་ཡིན། འོན་ཀྱང་ཁོང་གི་བསམ་བློའི་དགོངས་དོན་ཁྲོད་དུ་དབྱིན་ཇིའི་བྱེད་ནུས་རིང་ལུགས་ཀྱི་སྲོལ་རྒྱུན་དུ་གྱུར་བའི་ཉམས་མྱོང་རིང་ལུགས་ཀྱི་ཁྱད་ཆོས་གནས་ཡོད་དེ། དཔེར་ན་རྣམ་པ་བསྐྲུན་པའི་གནད་དོན་ཁྲོད་དུ་ཁོང་གིས་གསལ་བོར་བསྟན་དོན། ཁོས་ཐུགས་གཞིགས་གནང་བ་ནི་མིག་གིས་མཐོང་དུ་ཡོད་པའི་མིའི་རིགས་བྱ་སྤྱོད་ཀྱི་དངོས་པོའི་འཇིག་རྟེན་ཡིན་པ་ལས། གསང་བ་ལྐོག་གྱུར་བ་དང་ཡང་ན་འདུ་ཤེས་ལམ་ལུགས་སོགས་མ་ཡིན་པར་བསྟན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-20

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།