ལིའེ་ཝེ•ཧྲི་ཐེ་ལའོ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལིའེ་ཝེ•ཧྲི་ཐེ་ལའོ་སི།
ཁོང་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། པ་ཞི་རྒྱལ་ཁབ་ཀྱི་དབུས་རྒྱུད་དུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་ཀྱི་ལས་ཀ་གཉེར་མྱོང་། དེ་ཡང་དེང་རབས་སྐད་བརྡ་རིག་པ་དང་རིག་གནས་མིའི་རིགས་རིག་པ། སེམས་ཁམས་རིག་པ་བཅས་ཁྲོད་ཀྱི་གྲུབ་ཚུལ་བསམ་བློའི་ཤུགས་རྐྱེན་དང་བློ་སྒོ་ཕྱེས་པ་ལ་བརྟེན་ནས། ཁོང་གིས་མིའི་རིགས་རིག་པའི་གྲུབ་ཚུལ་རིང་ལུགས་ཀྱི་ཐབས་ལམ་འདི་བསྐྲུན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
列奥·施特劳斯
ཕྱི་ཡིག་གི་མིང་།
Leo Strauss
རྒྱལ་ཁབ།
ཧྥ་རན་སི།
ལས་རིགས།
མིའི་རིགས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1899—1973)
བརྩམས་ཆོས།
《གྲུབ་ཚུལ་མིའི་རིགས་རིག་པ》
1 ​ངོ་སྤྲོད།

ལིའེ་ཝེ་ཧྲི་ཐེ་ལའོ་སི་ནི་ཧྥ་རན་སིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། པ་ཞི་རྒྱལ་ཁབ་ཀྱི་དབུས་རྒྱུད་དུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་ཀྱི་ལས་ཀ་གཉེར་མྱོང་། དེ་ཡང་དེང་རབས་སྐད་བརྡ་རིག་པ་དང་རིག་གནས་མིའི་རིགས་རིག་པ། སེམས་ཁམས་རིག་པ་བཅས་ཁྲོད་ཀྱི་གྲུབ་ཚུལ་བསམ་བློའི་ཤུགས་རྐྱེན་དང་བློ་སྒོ་ཕྱེས་པ་ལ་བརྟེན་ནས། ཁོང་གིས་མིའི་རིགས་རིག་པའི་གྲུབ་ཚུལ་རིང་ལུགས་ཀྱི་ཐབས་ལམ་འདི་བསྐྲུན་པ་ཡིན། ཁོང་གི་བརྩམས་ཆོས་གཙོ་བོ་ལ《གྲུབ་ཚུལ་མིའི་རིགས་རིག་པ》(པོད་གཉིས)དང《དམུ་རྒོད་ཀྱི་བསམ་གཞིག》《ལྷ་སྒྲུང་རིག་པ》སོགས་མཆིས།

ལིའེ་ཝེ་ཧྲི་ཐེ་ལའོ་སིས་བསྟན་དོན། སྤྱི་ཚོགས་གྲུབ་ཚུལ་ནི་ཉམས་མྱོང་རིང་ལུགས་ཀྱི་དངོས་གཟུགས་ཤིག་མ་ཡིན་ལ་ཆེད་དམིགས་ཅན་གྱི་སྤྱི་ཚོགས་འབྲེལ་བའི་སྤྱི་འདུས་ཞིབ་འཇུག་ཐབས་ལམ་ཞིག་དང་། གནད་དོན་ལ་དབྱེ་ཞིབ་དང་གསལ་བཤད་བྱ་བར་བཙུགས་པའི་རྣམ་པ་ཞིག་སྟེ། མིའི་རིགས་རིག་པའི་རྒྱུ་ཆའི་ཁྲོད་ནས་སྤྱི་བསྡོམས་བྱས་པའི་གཏན་ཚིགས་ཀྱི་གྲུབ་ཚུལ་ཞིག་ཡིན། ཁོང་གི་ལྟ་ཚུལ་ལྟར་ན། མིའི་རིགས་རིག་པ་སྨྲ་བ་རྣམས་གཞི་སྡོད་མི་རིགས་གང་ཞིག་གི་ཁྲོད་དུ་རྟོག་ཞིབ་ལ་འཇུག་དུས། ཁོ་ཚོར་རྒྱུ་ཆ་མཁོ་འདོན་བྱེད་པའི་ས་གནས་དེའི་མི་རྣམས་ཀྱིས་བརྗོད་པའི་གནས་ཚུལ་ནི་ཡང་དག་མ་ཡིན་པ་དང་ཐ་ན་ནོར་འཁྲུལ་ཡིན་ཡང་སྲིད། དེ་བས་མིའི་རིགས་རིག་པ་སྨྲ་མཁན་དག་གིས་གྲུབ་ཚུལ་དབྱེ་ཞིབ་མཛད་དགོས་ཏེ། རྣམ་པ་གང་རུང་ཞིག་གི་རོགས་རམ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འབྲེལ་བ་གསལ་བཤད་བྱ་དགོས། མིའི་རིགས་རིག་པ་སྨྲ་བ་རྣམས་ཀྱི་འོས་འགན་ནི། སྤྱི་ཚོགས་གྲུབ་ཚུལ་གྱི་སྣང་མེད་འདུ་ཤེས་རྨང་གཞི་དེར་རྟོག་དཔྱོད་བྱེད་པ་སྟེ། མི་རྣམས་ཀྱིས་རྒྱུན་ལྡན་དུ་ཤེས་རྟོགས་བྱ་ནུས་པའི་རིམ་པ(འདུ་ཤེས་ཡོད་པའི་རིམ་པ)བརྒྱུད་དེ་རིམ་གྱིས་གཏིང་ཇེ་ཟབ་ཏུ་སོང་ནས་སྣང་མེད་འདུ་ཤེས་ཀྱི་རིམ་པ(སྤྱི་ཚོགས་ཀྱི་གཏིང་རིམ་པའི་གྲུབ་ཚུལ)དེར་སླེབས་པར་བྱ་དགོས་ལ། རྙོག་འཛིང་ངེས་མེད་དུ་སྣང་བའི་ཡུལ་སྲོལ་གོམས་གཤིས་ལྟག་རྒྱབ་ཁྲོད་སྦས་པའི་བར་སྟོང་དང་དུས་ཚོད་མི་འདྲ་བར་གནས་ཤིང་ནུས་པ་དངོས་མ་འདོན་བཞིན་པའི་གྲུབ་ཚུལ་མ་ལག་དེ་ཤེས་རྟོགས་བྱ་དགོས་པར་འདོད་དོ།།

2 གྲུབ་ཚུལ་རིང་ལུགས་སྨྲ་བ།

གྲུབ་ཚུལ་རིང་ལུགས་སྨྲ་བ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུ་བ་ནས་ལྔ་བཅུ་བའི་དུས་སུ་བྱུང་བའི་མིའི་རིགས་རིག་པའི་གྲུབ་མཐའ་གསར་བ་ཞིག་སྟེ། གྲུབ་ཚུལ་རིང་ལུགས་ཀྱི་བསམ་བློ་འདི་ནི་དོན་གྱིས་བརྟག་ཐབས་སྨྲ་བ་ཞིག་སྟེ་གྲུབ་མཐའ་འདིའི་འདོད་ཚུལ་ལྟར་ན། མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ཕྱི་ངོས་གྲུབ་ཚུལ་གྱི་རྒྱབ་ངོས་སུ་སྤྱི་ཚོགས་གྲུབ་ཚུལ་དངོས་མ་ཞིག་སྐུང་འདུག་ལ། མིའི་རིགས་རིག་པའི་འོས་འགན་ནི་གཞུང་ལུགས་རྣམ་པ་གང་ཞིག་བསྐྲུན་ནས་གྲུབ་ཚུལ་དེ་ཉིད་དབྱེ་ཞིབ་དང་གསལ་བཤད་བྱ་དགོས་ཤིང་། དེ་ནས་རིམ་གྱིས་མིའི་རིགས་ཀྱི་བསམ་བློའི་གྲུབ་ཚུལ་དེ་གསལ་སྟོན་བྱ་དགོས། གཞུང་ལུགས་གྲུབ་མཐའ་འདི་ནི་ཧྥ་རན་སིའི་མཁས་པ་ལིའེ་ཝེ་ཧྲི་ཐེ་ལའོ་སིས་སྲོལ་བཏོད་པ་ཡིན་ལ། དབྱིན་ཇིའི་མིའི་རིགས་རིག་པ་སྨྲ་བ་ལི་ཆི་ལགས་ཀྱང་ཚབ་བྱེད་མི་སྣ་གཙོ་བོ་ཞིག་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།