སི་ཐུའུ་ཨེར་ཏེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སི་ཐུའུ་ཨེར་ཏེ།
ཁོང་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯图尔德
ཕྱི་ཡིག་གི་མིང་།
Julian H.Steward
རྒྱལ་ཁབ།
ཨ་མེ་རི་ཁ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1902-1972)
ལས་རིགས།
མིའི་རིགས་རིག་པ།
བརྩམས་ཆོས།
《འཕེལ་འགྱུར་དང་སྐྱེ་ཁམས་ཏེ། སྤྱི་ཚོགས་འགྱུར་ལྡོག་ཐད་ཀྱི་གསུང་རྩོམ་གཅེས་བསྡུས》
1 ངོ་སྤྲོད།

སི་ཐུའུ་ཨེར་ཏེ་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། རིག་གནས་སྡེ་ཡོངས་ནས་དུས་རབས་བཅུ་དགུ་འཕེལ་འགྱུར་སྨྲ་བའི་གཞུང་ལུགས་ལ་ལོ་མང་རིང་ངོ་རྒོལ་དང་དགག་པ་བྱས་པ་དེས། སྤྱི་ཚོགས་རིག་གནས་འཕེལ་རྒྱས་འབྱུང་བར་བར་ཆད་བཟོས་ཡོད་པར་འདོད་མོད། འོན་ཀྱང་ཁོང་གིས་མོ་ཨེར་ཀེན་གྱི་འཕེལ་འགྱུར་སྨྲ་བ་ནི་ཐིག་རྐྱང་འཕེལ་འགྱུར་སྨྲ་བ་དང་། ཧོའེ་ཐེའི་འཕེལ་འགྱུར་སྨྲ་བ་ནི་ཡོངས་ཁྱབ་འཕེལ་འགྱུར་སྨྲ་བ་ཡིན་པར་འདོད་ལ། འཕེལ་འགྱུར་སྨྲ་བ་རིགས་འདི་གཉིས་གང་ཡིན་ཡང་ཆ་ཚང་ཡང་དག་ཅིག་མ་ཡིན་པས་ཁོང་གིས་རིག་གནས་སྐྱེ་ཁམས་རིག་པ་དང་ཐིག་མང་འཕེལ་འགྱུར་སྨྲ་བའི་གཞུང་ལུགས་བཏོན། བརྩམས་ཆོས་གཙོ་བོ་ལ《རིག་གནས་འཕེལ་འགྱུར་སྨྲ་བ》དང《སྲོལ་རྒྱུན་སྤྱི་ཚོགས་ཀྱི་དེང་རབས་འགྱུར་ལྡོག》《འཕེལ་འགྱུར་དང་སྐྱེ་ཁམས་ཏེ། སྤྱི་ཚོགས་འགྱུར་ལྡོག་ཐད་ཀྱི་གསུང་རྩོམ་གཅེས་བསྡུས》སོགས་མཆིས།

ཁོང་གི་རིག་གནས་སྐྱེ་ཁམས་རིག་པའི་ལྟ་བ་གཙོ་བོ་ནི་མདོར་ན། མིའི་རིགས་ཀྱི་སྤྱི་ཚོགས་ཇི་ལྟར་སྔ་ཞིང་སྟབས་བདེ་ཡིན་ན། ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པ་དེ་ལྟར་ཐད་ཀར་དང་གཏིང་ཟབ་པ་ཡིན། འཚོ་གནས་ཀྱི་ས་དབྱིབས་དང་སྲོག་ཆགས། རྩི་ཤིང་སོགས་འདྲ་མིན་ཐ་དད་དུ་གནས་པས་ན། མི་རྣམས་ཀྱིས་ལག་རྩལ་ཐབས་ལམ་མི་འདྲ་བ་སྤྱོད་པ་དང་། སྤྱི་ཚོགས་རྩ་འཛུགས་མི་འདྲ་བ་བཟོ་བ་ཡིན། ལྟ་བ་འདི་ནི་ཁོང་གི་ཐིག་མང་འཕེལ་འགྱུར་སྨྲ་བའི་གཞུང་ལུགས་ཐད་ཀྱི་རྨང་རྡོ་ལྟ་བུ་ཡིན། ཁོང་གི་ཐིག་མང་འཕེལ་འགྱུར་སྨྲ་བའི་ལྟ་བ་ལྟར་ན། རང་བྱུང་ཁོར་ཡུག་མི་འདྲ་བ་ལས་ཐོན་སྐྱེད་ལག་རྩལ་དང་སྤྱི་ཚོགས་རྩ་འཛུགས་མི་འདྲ་བ་བྱུང་བས་ན། མིའི་རིགས་ཀྱི་སྤྱི་ཚོགས་རིག་གནས་ནི་ཕལ་ཆེར་གཅིག་མཚུངས་ཅན་གྱི་འཕེལ་རྒྱས་ཆུ་ཚད་དུ་སླེབས་སྲིད་མོད། སྤྱི་ཚོགས་དང་རིག་གནས་མི་འདྲ་བ་སོ་སོར་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཡིན། དེ་བས་མི་རིགས་སོ་སོའི་སྤྱི་ཚོགས་རིག་གནས་ནི་ཐིག་མང་མཉམ་གཤིབ་སྒོས་འཕེལ་རྒྱས་སུ་འགྲོ་བ་ཡིན་པར་འདོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།