ཧོའེ་ཐེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོའེ་ཐེ།
ཁོ་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པའི་མཁས་པ་ཞིག་སྟེ། ལོ་རབས་སུམ་ཅུ་བ་ནས་བཟུང་མཐའ་གཅིག་ཏུ་མོ་ཨེར་ཀེན་གྱི་གཞུང་ལུགས་རྒྱུན་འཛིན་བྱེད་མཁན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
怀特,L.A.
ལས་རིགས།
མིའི་རིགས་རིག་པ་དང་མི་རིགས་རིག་པ།
རྒྱལ་ཁབ།
ཨ་མེ་རི་ཁ།
བརྩམས་ཆོས།
《རིག་གནས་ཀྱི་འཕེལ་འགྱུར》
1 ངོ་སྤྲོད་མདོར་བསྡུས།

ཧོའེ་ཐེ་ནི་ཨ་རིའི་མིང་དུ་གྲགས་པའི་མིའི་རིགས་རིག་པའི་མཁས་པ་ཞིག་སྟེ། ལོ་རབས་སུམ་ཅུ་བ་ནས་བཟུང་མཐའ་གཅིག་ཏུ་མོ་ཨེར་ཀེན་གྱི་གཞུང་ལུགས་རྒྱུན་འཛིན་བྱས་ཏེ་སྔ་ཕྱིར་མོ་ཨེར་ཀེན་གྱི་སྔོན་ཆད་དཔར་སྐྲུན་བྱས་མ་མྱོང་བའི་བརྩམས་ཆོས་དག་པར་དུ་བསྐྲུན། ཁོང་གི་བརྩམས་ཆོས་《གནའ་རབས་སྤྱི་ཚོགས》ཞེས་པ་ཡང་བསྐྱར་རྩོམ་སྒྲིག་པར་སྐྲུན་བྱས་ཤིང་། དེར་སྔོན་འགྲོའི་གཏམ་ཧ་ཅང་རིང་མོ་ཞིག་བྲིས་ཡོད། ཧོའེ་ཐེའི་བརྩམས་ཆོས་གཙོ་བོ་ལ《རིག་གནས་ཀྱི་ཚན་རིག》དང《རིག་གནས་ཀྱི་འཕེལ་འགྱུར》སོགས་མཆིས།

རིག་གཞུང་བསང་བློའི་ཆ་ནས་ཧོའེ་ཐེས་མོ་ཨེར་ཀེན་གྱི་གཞུང་ལུགས་ཇི་བཞིན་རྒྱུན་འཛིན་བྱེད་པ་མ་ཡིན་ཏེ། ཁོང་གཉིས་ཀའི་འཕེལ་འགྱུར་སྨྲ་བ་ལ་འདྲ་ས་ལྡན་ལ། མི་འདྲ་སའང་ཡོད། འདྲ་ས་ནི། གཉིས་ཀས་མིའི་རིགས་ཀྱི་རིག་གནས་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་བ་སྟེ། དམའ་རིམ་ནས་མཐོ་རིམ་ཕྱོགས་སུ་གོང་འཕེལ་འབྱུང་བ་ཡིན་ལ། འཛམ་གླིང་རིག་གནས་གང་ཞིག་ཡིན་ཡང་འདྲ་མཚུངས་ཀྱི་གོ་རིམ་བརྒྱུད་དགོས་པར་འདོད། རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་རང་བཞིན་དང་གཅིག་མཐུན་རང་བཞིན། རྐྱང་མའི་རང་བཞིན་བཅས་ཀྱིས་ཁོ་གཉིས་ཀའི་འཕེལ་འགྱུར་སྨྲ་བའི་རྨང་གཞི་གྲུབ་པ་ཡིན། མི་འདྲ་ས་ནི། ཧོའེ་ཐེ་ཡིས་མོ་ཨེར་ཀེན་དང་འདྲ་བར་ཟས་རིགས་དང་ཐོན་སྐྱེད་ལག་ཆ་ཉིད་འཕེལ་འགྱུར་གྱི་མཚོན་རྟགས་སུ་མི་བྱེད་དེ། ནུས་ཚད་འཕར་བ་ནི་རིག་གནས་འཕེལ་འགྱུར་གྱི་མཚོན་རྟགས་སུ་འཛིན། དུས་མཚུངས་སུ་ཁོང་གིས་རིག་གནས་འཕེལ་རྒྱས་ཀྱི་སྒེར་ཚུགས་རང་བཞིན་དང་སྐྱེ་ལྡན་ཕུང་བརྒལ་རང་བཞིན་གཙིགས་སུ་འཛིན་པར་བྱེད།

ཁོང་གི་ལྟ་བ་ལྟར་ན། སྤྱི་ཚོགས་ལམ་ལུགས་དང་ལག་རྩལ་སོགས་འདུས་པའི་རིག་གནས་གང་ཞིག་ཡིན་ཡང་སྒེར་ཚུགས་ཀྱི་བྱ་དངོས་ཏེ། སྐྱེ་ལྡན་ཕུང་བརྒལ་དང་དུས་ཀྱི་སྔ་ཕྱི་ལྟར་བྱུང་བའི་བྱ་དངོས་ཡིན་པས་ན་རང་ཉིད་ཀྱི་རྩ་འཛུགས་རྩ་དོན་དང་འགུལ་སྐྱོད་ཆོས་ཉིད་ལྡན་པ་ཡིན། དེ་བས་རིག་གནས་ཀྱི་ཆ་ནས་རིག་གནས་ལ་འགྲེལ་བཤད་བྱ་བ་ལས། སྐྱེ་དངོས་རིག་པ་དང་ཡང་ན་མི་སྒེར་སེམས་ཁམས་ཀྱི་དོན་དངོས་ལྟར་རིག་གནས་ལ་འགྲེལ་བ་བྱ་མི་ནུས། རིག་གནས་འཕེལ་འགྱུར་གྱི་ཚད་གཞི་ལ་ཚད་འཇལ་དུས། ལག་རྩལ་དང་བཟོ་རྩལ་གྱི་གོང་འཕེལ་ནི་རིག་གནས་འཕེལ་འགྱུར་གྱི་རྩ་བའི་རྒྱུ་རྐྱེན་དང་རྨང་གཞི་ཡིན་ལ། ལག་རྩལ་དང་བཟོ་རྩལ་གཉིས་ནི་མ་གཞི་ནས་ནུས་ཚད་བེད་སྤྱད་དེ་མིའི་རིགས་ལ་ཞབས་ཞུ་བསྒྲུབ་པ་ཡིན། དེར་བརྟེན་ནུས་ཚད་འགྲུབ་རྒྱུ་ནི་རིག་གནས་མཐའ་དག་གི་འཕེལ་འགྱུར་གོ་རིམ་ལ་ཚད་འཇལ་བའི་ཁྲུ་མ་སྟེ། མིའི་རིགས་རིག་གནས་ཀྱིས་བེད་སྤྱོད་བྱ་བའི་སྤྱིའི་ནུས་ཚད་ཇི་ལྟར་མཐོ་ན། རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ཡང་དེ་ལྟར་མཐོ་བ་ཡིན་ནོ།།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།