སྨི་ཏེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྨི་ཏེ།
ཁོ་མོ་ནི་ཨ་རིའི་བུད་མེད་མིའི་རིགས་རིག་པའི་མཁས་པ་མིང་གྲགས་ཅན་ཞིག་སྟེ། ཕྱིས་སུ་དབྱིན་ཏེ་ཨན་མི་དང་ས་མོ་ཡ་པ་སོགས་སུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་བྱས་ནས་འཛམ་གླིང་དུ་སྐད་གྲགས་ཆེ་བར་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛格丽特·米德
ཕྱི་ཡིག་གི་མིང་།
Margaret Mead
རྒྱལ་ཁབ།
ཨ་མེ་རི་ཁ།
ལས་རིགས།
ཨ་རིའི་མིའི་རིགས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1901-1978)
བརྩམས་ཆོས།
《གདོད་མའི་ཚོ་བ་གསུམ་གྱི་རྟགས་མཚན་དང་གཤིས་ཀ》
1 ​ངོ་སྤྲོད།

སྨི་ཏེ་ནི་ཨ་རིའི་བུད་མེད་མིའི་རིགས་རིག་པའི་མཁས་པ་མིང་གྲགས་ཅན་ཞིག་སྟེ། དབྱིན་ཏེ་ཨན་མི་དང་ས་མོ་ཡ་པ་སོགས་སུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་བྱས། ཚབ་བྱེད་རང་བཞིན་གྱི་བརྩམས་ཆོས་ལ《གདོད་མའི་ཚོ་བ་གསུམ་གྱི་རྟགས་མཚན་དང་གཤིས་ཀ》དང《ས་མོ་ཡ་པ་ཡི་དར་མ》ཞེས་སོགས་ཡོད། སྨི་ཏེས་ཀྱང་མི་གཤིས་ནི་རིག་གནས་ཀྱིས་ཐག་གཅོད་པའི་ལྟ་བ་རྒྱུན་འཛིན་བྱེད་ཅིང་། རིགས་རྒྱུད་ཀྱི་ཁྱད་པར་དང་སྐྱེ་ཁམས་ཀྱི་ཁྱད་པར། ས་ཁུལ་གྱི་ཁྱད་པར་དང་བཟའ་བཏུང་གི་ཁྱད་པར། ཡང་ན་རང་བྱུང་འདེམ་གསེས་ཀྱི་གཞུང་ལུགས་སོགས་གང་གིས་ཀྱང་མི་གཤིས་ཁྱད་པར་གྱི་རྒྱུ་རྐྱེན་ལ་འགྲེལ་བཤད་ལེགས་པོ་ཞིག་བྱ་མི་ནུས། ཁོ་མོས་ཨ་ལ་ཕེ་ཧྲི་པ་དང་མིང་ཏོ་ཀུའུ་མ་པ། ཏི་ཁྲང་པོ་ལེ་པ་བཅས་བར་ཐག་ཉེ་ཡང་ཕོ་མོའི་རང་གཤིས་ལ་ཁྱད་པར་མངོན་གསལ་ལྡན་པའི་ཚོ་བ་གསུམ་དཔེ་གཞིར་བཀོད་དེ་ཞིབ་འཇུག་བྱས་པ་ལྟར་ན། མིའི་རིགས་ཀྱི་རང་བཞིན་ནི་ལྷན་སྐྱེས་ནས་གཏན་ཆགས་སུ་གྲུབ་པ་ཞིག་མ་ཡིན་པར་སྤྱི་ཚོགས་ཀྱིས་ཚུལ་ཇི་ལྟར་བཟོས་ན་དེ་ལྟར་འགྲུབ་པ་ཡིན་ལ། མི་གཤིས་ཀྱི་ཁྱད་པར་ནི་གཙོ་བོ་སྤྱི་ཚོགས་ཆ་རྐྱེན་དང་ལྷག་པར་དུ་མི་སྒེར་འཚར་ལོངས་བྱུང་བའི་བྱིས་དུས་ཀྱི་སློབ་གསོར་རག་ལས། སྨི་ཏེའི་ལྟ་བ་འདིས་སེམས་ཁམས་རིག་པ་དང་མིའི་རིགས་རིག་པའི་སྡེ་ལ་ཤུགས་རྐྱེན་མི་དམན་པ་ཞིག་བཟོས་སོ། །

དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུ་ཙམ་ལ། ཨ་མེ་རི་ཁའི་སེམས་ཁམས་སྨྲ་བ་གྲགས་ཅན་ཧྥུ་ལུའོ་དབྱི་ཏེའི་བསམ་བློ་དབྱེ་ཞིབ་སྨྲ་བའི་ཤུགས་རྐྱེན་འོག་ཏུ། ཨ་རིའི་མིའི་རིགས་རིག་པའི་མཁས་པ་ཁ་ཤས་ཤིག་གིས་རིག་གནས་དང་མི་སྒེར་གྱི་འབྲེལ་བའི་ཞིབ་འཇུག་ཐད་ལ་གོམ་ཁ་བསྒྱུར། ཁོང་ཚོའི་འདོད་ཚུལ་ལྟར་ན། རིག་གནས་ཀྱིས་མི་རིགས་སོ་སོའི་རྩ་བའི་མི་གཤིས་བསྐྲུན་ཞིང་། རྩ་བའི་མི་གཤིས་དེས་ཕྱིར་མི་རིགས་སོ་སོའི་རིག་གནས་ཀྱི་ལས་དབང་ཐག་གཅོད་པ་ཡིན་ལ། མི་རིགས་སོ་སོའི་རིག་གནས་ཀྱི་ཁྱད་པར་ནི་དོན་དངོས་སུ་རྩ་བའི་མི་གཤིས་ཀྱི་ཁྱད་པར་དེས་བཟོས་པ་ཡིན། རིག་གནས་ཞེས་པ་ནི་སྣང་མེད་ལྐོག་གྱུར་གྱི་དངོས་པོ་ཞིག་ཡིན་ལ། མི་སྒེར་ནི་ད་གཟོད་ཕྱི་ཡུལ་གྱི་དངོས་ཡོད་ངོ་མ་ཡིན། དེ་བས་མི་རིགས་གང་ཞིག་གི་རིག་གནས་ལ་ཞིབ་འཇུག་བྱ་ན་ངེས་པར་དུ་མི་རིགས་དེའི་མི་སྒེར་ནས་མགོ་ཚུགས་དགོས། གྲུབ་མཐའ་འདིའི་ཚབ་བྱེད་མི་སྣ་ལ་སྨི་ཏེ་སོགས་མང་པོ་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-01

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།