པུན་ཉི་ཏི་ཁོ་ཐེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུན་ཉི་ཏི་ཁོ་ཐེ།
མོ་ནི་ཨ་རིའི་མིང་དུ་གྲགས་པའི་བུད་མེད་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། དབྱིན་ཏེ་ཨན་མི་དང་ཞིན་ཅི་ཉི་ཡ། ཧྥེ་གླིང་སོགས་ཀྱི་ས་གནས་མང་པོའི་ཚོ་བར་དངོས་སུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་མཛད་དེ་འཛམ་གླིང་དུ་སྐད་གྲགས་ཆེན་པོ་ལྡན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鲁思·本尼迪克特
ཕྱི་ཡིག་གི་མིང་།
Ruth Benedict
ལས་རིགས།
རིག་གནས་མིའི་རིགས་རིག་པ།
རྒྱལ་ཁབ།
ཨ་མེ་རི་ཀ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1887-1948)
བརྩམས་ཆོས།
《རིག་གནས་མ་དཔེ》
1 ངོ་སྤྲོད།

པུན་ཉི་ཏི་ཁོ་ཐེ་ནི་ཨ་རིའི་མིང་དུ་གྲགས་པའི་བུད་མེད་མིའི་རིགས་རིག་པ་སྨྲ་མཁན་ཞིག་སྟེ། དབྱིན་ཏེ་ཨན་མི་དང་ཞིན་ཅི་ཉི་ཡ། ཧྥེ་གླིང་སོགས་ཀྱི་ས་གནས་མང་པོའི་ཚོ་བར་དངོས་སུ་ཕེབས་ནས་ཡུལ་དངོས་རྟོག་ཞིབ་མཛད། བརྩམས་ཆོས་གཙོ་བོ་ལ《རིག་གནས་མ་དཔེ》དང་《ལུག་མིག་མེ་ཏོག་དང་རལ་གྲི》《རིགས་རྒྱུད་དང་ཚན་རིག ཆབ་སྲིད》སོགས་མཆིས། ཁོ་མོ་ཕེ་མ་དབྱིན་ཏེ་ཨན་མིའི་ཁྲོད་དུ་རྟོག་ཞིབ་ལ་ཕེབས་དུས་རིག་གནས་དང་མི་གཤིས་བར་གྱི་འབྲེལ་བ་ཤེས་རྟོགས་བྱུང་ཞིང་། ཕྱིས་སུ་ལོ་མང་ལ་བསམ་གཞིག་བྱས་མཐར་དེའི་སྐོར་གྱི་བརྩམས་ཆོས་གྲགས་ཅན《རིག་གནས་མ་དཔེ》ཞེས་པ་དེ་ལེགས་འགྲུབ་བྱུང་།

དཔེ་དེབ་འདི་ལས་ཁོ་མོས་མི་གཤིས་ནི་རིག་གནས་ཀྱིས་ཐག་གཅོད་པའི་ལྟ་བ་བཏོན། མི་སྒེར་གྱི་འཚོ་བའི་ལོ་རྒྱུས་ནི་ཐོག་མར་ཁོ་རང་འཚོ་བའི་གཞིས་ཁུལ་དེས་མི་རབས་ནས་མི་རབས་སུ་བརྒྱུད་འོང་བའི་འཚོ་བའི་རྣམ་པ་དང་ཚད་གཞི་ལ་འོས་མཐུན་བྱུང་བ་ཡིན། མི་ཞིག་དང་ཐོག་སྐྱེས་པ་ཉིད་ནས་རང་ཉིད་འཚོ་བའི་ཡུལ་སྲོལ་དེས་ཁོའི་ཉམས་མྱོང་དང་བྱ་སྤྱོད་བསྐྲུན་པ་དང་། སྐད་ཆ་བཤད་ཤེས་པའི་དུས་དེ་ནས་བཟུང་ཁོ་ནི་རང་གི་རིག་གནས་དེའི་གསར་བསྐྲུན་དངོས་པོ་ཡིན། དེ་ནས་རིམ་གྱིས་ནར་སོན་ཏེ་རང་ཉིད་ཀྱང་རིག་གནས་དེའི་བྱ་འགུལ་ལ་ཞུགས་དུས་སུ། རིག་གནས་དེའི་ཡུལ་སྲོལ་ནི་ཁོའི་ཡུལ་སྲོལ་དུ་གྱུར་བ་དང་། རིག་གནས་དེའི་དད་མོས་ནི་ཁོའི་དད་མོས་སུ་གྱུར་ལ། རིག་གནས་དེར་དཔེར་མི་སྲིད་པ་ཞིག་ཡིན་ན་ཁོ་ལའང་དཔེར་མི་སྲིད་པ་ཞིག་གོ། དེ་དང་མཉམ་དུ་ཁོ་མོས་མི་སྒེར་གྱིས་རིག་གནས་ལ་ཐོན་པའི་ནུས་པ་དེར་མཐོང་ཆེན་བྱེད་དེ། ཁོ་མོས་རིག་གནས་ཁྲོད་གནས་པའི་རྒྱུ་ཆ་རྣམས་ནི་མཐར་ཐུག་ན་མི་སྒེར་གྱི་བྱས་རྗེས་མ་ཡིན་པ་གཅིག་ཀྱང་མེད་པར་འདོད།

རིག་གནས་མི་འདྲ་བ་སོ་སོའི་མི་སྒེར་གྱི་སེམས་ཁམས་དང་བྱ་སྤྱོད་བཅས་ལ་གཞིགས་ནས། ཁོ་མོས་རིག་གནས་རྣམ་པ་མི་འདྲ་བ་རིགས་གསུམ་ཙམ་བཏོན་པ་སྟེ། རིགས་དང་པོ་ནི་ཉི་ལྷའི་རང་བཞིན་གྱི་རིག་གནས་ཏེ་དཔེར་ན་མོ་ཞི་ཁོ་གསར་མའི་ཕུའུ་ཝེ་པུའུ་ལོ་པ་ལྟ་བུའོ། འདི་ནི་གནའ་རབས་ཞི་ལའི་ལྷ་སྒྲུང་ཁྲོད་ཀྱི་ཉི་མའི་ལྷ་ཨ་པོ་ལོ་ལ་ལྡན་པའི་ཁྱད་ཆོས་ཏེ། གཟབ་ནན་དང་སྒྲིག་ཁྲིམས་བརྩི་བ། རིག་ཤེས། སྲོལ་རྒྱུན་དམ་འཛིན་བྱ་བ་སྟེ། རིགས་གཉིས་པ་ནི་ཆང་ལྷའི་རང་བཞིན་གྱི་རིག་གནས་ཏེ་དཔེར་ན་མེ་གླིང་ནུབ་བྱང་མཚོ་འགྲམ་གྱི་ཁཱ་ཁུའུ་ཐེ་པ་ལྟ་བུའོ། འདི་ནི་ཆང་ལྷ་ཏེ་ཨའོ་ཉི་སི་ལ་ལྡན་པའི་ཁྱད་ཆོས་ཏེ། བརྩེ་འདུན་གྱིས་ཕྱུགཔ། སྟོང་བསམ་ལ་མོས་པ། ཁྲོ་སྐྱེན་པ། ཕར་རྒོལ་རང་བཞིན་ལྡན་པ་སྟེ། དེར་ཆང་ལྷའི་རྣམ་པ་ཞེས་ཀྱང་བྱ། རིགས་གསུམ་པ་ནི་སྟོང་བསམ་ཛ་དྲག་རྣམ་པའི་རིག་གནས་ཏེ་དཔེར་ན་མེ་ལ་ཉི་ཞི་ཡ་གླིང་ཚོམ་སྟེང་གི་ཏུའོ་པུའུ་པ་ལྟ་བུ། དེའི་ཁྱད་ཆོས་གཙོ་བོ་ནི་ཕྲག་དོག་ཆེ་ཞིང་དོགས་སེམས་རྒྱས་པ། མི་ལ་ཡིད་མི་ཆེས་པ། ཁྲིམས་མེད་ལུགས་མེད་བྱ་བ། དམ་ཚིག་དང་འགལ་བ། མི་སུ་ཞིག་ཡིན་ཡང་མི་གཞན་པ་དག་དགྲ་རུ་མཐོང་བ། རྒྱུན་དུ་ཕན་ཚུན་ལ་རྐུ་བྱེད་པ་དང་མགོ་བསྐོར་བ། ཐ་ན་སྲོག་གཅོད་པ་སོགས་ཀྱི་ལས་ཀྱང་བྱེད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།