མོ་སི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མོ་སི།
ཁོ་ནི་ཏུའུ་ཨེར་ཁོ་མུའུ་ཡི་ལྟ་བའི་རྗེས་འབྲངས་པ་ཞིག་སྟེ། སྤྱི་ལོ1872ལོར་ཧྥ་རན་སིར་འཁྲུངས་པའི་སྤྱི་ཚོགས་རིག་པ་བ་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马塞尔·莫斯
ཕྱི་ཡིག་གི་མིང་།
Marcel Mauss
རྒྱལ་ཁབ།
ཧྥ་རན་སི།
ལས་རིགས།
སྤྱི་ཚོགས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1872-1950)
1 ངོ་སྤྲོད་རགས་བསྡུས།

མོ་སི་ནི་ཏུའུ་ཨེར་ཁོ་མུའུ་ཡི་ལྟ་བའི་རྗེས་འབྲངས་པ་ཞིག་སྟེ། ཧྥ་ལན་ཞི་སློབ་གླིང་གི་དགེ་རྒན་ཆེན་མོའི་འགན་བཞེས་ཤིང་། གཞན་དང་མཉམ་འབྲེལ་སྒོས་ཧྥ་རན་སིའི་མི་རིགས་རིག་པའི་ཞིབ་འཇུག་ལྟེ་གནས་ཏེ་པ་ལི་མི་རིགས་རིག་པ་ཞིབ་འཇུག་སའོ་རྩ་འཛུགས་བྱས། བརྩམས་ཆོས་གཙོ་བོ་ལ《མིའི་རིགས་རིག་པའི་སྤྱི་དོན》དང《སྤྱི་ཚོགས་རིག་པ་དང་མིའི་རིགས་རིག་པ》《ལེགས་སྐྱེས་ཀྱི་དཔྱད་པ》སོགས་མཆིས།

ཁོང་གིས་ཨེར་སི་ཅི་མོ་བའིདབྱར་དགུན་དུས་ཚིགས་གཉིས་ཀྱི་ཁྱིམ་ཚང་གི་འཚོ་བའི་རྣམ་པ་གཞིར་བཟུང་སྟེ། སྤྱི་ཚོགས་འཚོ་བ་ནི་དངོས་པོའི་ཆ་རྐྱེན་གྱིས་ཐག་གཅོད་པའི་ལྟ་བ་བཏོན། མོ་སི་ནི་གཙོ་བོ་ལེགས་སྐྱེས་བརྗེ་རེས་དང་འབྲེལ་བའི་གསུང་རྩོམ་སྟེ།《ལེགས་སྐྱེས་ཀྱི་དཔྱད་པ》ཞེས་པ་སྤེལ་བ་ལས་ད་གཟོད་མིའི་རིགས་རིག་པའི་སྡེ་ཡོངས་སུ་མིང་དུ་གྲགས་པ་ཡིན། ཁོས་གཞི་སྡོད་ཚོ་བ་མང་པོའི་སྤྱི་ཚོགས་ཁྲོད་དུ་ཕན་ཚུན་ལ་ལེགས་སྐྱེས་འབུལ་བའི་ཡུལ་སྲོལ་ཞིག་རྒྱ་ཁྱབ་ཏུ་གནས་པ་རྟོགས་པ་སྟེ། ཕན་ཚུན་ལ་འབུལ་བའི་འཚམས་རྟགས་ནི་བཀོལ་སྤྱོད་རིན་ཐང་ལྡན་པའི་དཔལ་འབྱོར་དང་ཚོང་རྫས་བརྗེ་རེས་བྱེད་པ་མ་ཡིན་པར། བཀོལ་སྤྱོད་རིན་ཐང་མེད་པའི་གུས་སྲོལ་རང་བཞིན་ཅན་གྱི་བརྗེ་རེས་ཤིག་ཡིན། ཡུལ་སྲོལ་འདི་ནི་གྲུབ་ཆ་གསུམ་གྱིས་གྲུབ་པ་སྟེ། འོས་འགན་རང་བཞིན་ཅན་གྱི་སྐྱེས་ལན་བཅས་གསུམ་ཡིན། ཁོས་གྲུབ་ཆ་གསུམ་ལྡན་གྱི་ལེགས་སྐྱེས་བརྗེ་རེས་བྱ་བའི་ཡུལ་སྲོལ་འདིར་ཕྱོགས་ཡོངས་དྲིན་གཟོའི་ལམ་ལུགས་ཞེས་འབོད་ཅིང་། སྐྱེས་འབུལ་དང་སྐྱེས་ལན་གྱི་སྤྱི་ཚོགས་སྣང་ཚུལ་དེའི་ཤུགས་ན་ཡོད་པའི་གཞི་རྩའི་རྩ་དོན་དང་། གཞན་གྱི་ལེགས་སྐྱེས་དང་ལེན་བྱས་རྗེས་ངེས་པར་དུ་སྐྱེས་ལན་འབུལ་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ལ་དབྱེ་ཞིབ་བྱེད་པ་ཡིན།

2 ལྟ་བ་གཙོ་བོ།

མདོར་ན། མོ་སིའི་ལྟ་བ་ལྟར་ན། མི་ཚང་མ་འུ་ཐུག་ནས་ལེགས་སྐྱེས་བརྗེ་རེས་བྱེད་རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཚོགས་ཡིན། སྤྱི་ཚོགས་ལ་ཕན་ཚུན་ཟུང་ཕན་རང་བཞིན་ལྡནཔའི་ལམ་ལུགས་འདིའི་རིགས་དགོས་ཏེ། དེར་བརྟེན་ནས་སྤྱི་ཚོགས་བྱ་འགུལ་སྤེལ་བ་དང་སྤྱི་ཚོགས་ཚད་གཞི་ཞིག་འཛུགས་པར་ཁག་ཐེག་བྱེད་དགོས། ལེགས་སྐྱེས་བརྗེ་རེས་བྱེད་པའི་བྱ་སྤྱོད་གང་ཞིག་ཡིན་ཡང་སྤྱི་ཚོགས་ཀྱི་འབྲེལ་བ་ག་གེ་མོ་ཞིག་འཛུགས་པའི་ཆེད་ཡིན་ལ། སྤྱི་ཚོགས་ཀྱི་བྱ་འགུལ་ཁྲོད་ཞུགས་པའི་ཆེད་དུ་ཡིན་ཞེས་བཤད་ཆོག བརྗེ་རེས་ནི་སྤྱི་ཚོགས་དྲ་རྒྱ་འཛུགས་པའི་གནད་ཆེའི་རྒྱུ་རྐྱེན་ཡིན། བརྗེ་རེས་བྱེད་མཁན་སུ་ཞིག་གིས་ཀྱང་དོན་དངོས་སྟེང་སྤྱི་ཚོགས་སམ་ཚོགས་པའི་ཀུན་སྤྱོད་ཀྱི་ཚད་གཞི་མཚོན་པ་རེད། མི་སྒེར་བར་གྱི་བརྗེ་རེས་བྱ་འགུལ་ནི་སྤྱི་ཚོགས་སྒྲིག་སྲོལ་ལྟར་སྤེལ་བ་དང་། དུས་མཚུངས་སུ་སྒྲིག་སྲོལ་འདི་དག་ཤུགས་ཇེ་ཆེར་གཏོང་བ་ཡིན། ཚོགས་པ་ཞིག་གིས་བརྗེ་རེས་བྱེད་པ་ལས་མི་སྒེར་གྱིས་བྱེད་པ་མ་ཡིན་པས། གན་རྒྱ་འཇོག་དགོས་ལ་འོས་འགན་གྱི་བཀག་རྒྱའང་ཐེབས་པ་རེད། དེར་བརྟེན། བརྗེ་རེས་བྱ་འགུལ་སྤེལ་བ་དེས་སྤྱི་ཚོགས་ལམ་སྲོལ་གྲུབ་ཚུལ་བསྐྱེད་ཅིང་ཤུགས་ཆེར་གཏོང་བའི་བསམ་བློ་དེ་འཁྲུངས་པ་རེད། བསམ་བློ་འདི་ཕྱིས་སུ་ལིའེ་ཝེ་ཧྲི་ཐེ་ལའོ་སིས་བསྡུ་ལེན་བྱས། ཁོང་གི་རིགས་ལམ་དེ་ལ་བརྟེན་ནས་ཕྱི་མ་དེས་མིའི་རིགས་རིག་པའི་ཁྲོད་ཀྱི་གྲུབ་ཚུལ་རིང་ལུགས་ཀྱི་གཉེན་ཚན་གཞུང་ལུགས་སྲོལ་བཏོད་པ་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།