ལུད་རྫས་ཉོ་བར་དོ་སྣང་བྱེད་ས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིང་བ་རྣམས་ཀྱིས་ལུད་རྫས་ཉོ་སྐབས་ཐོག་མར་ལུད་ཀྱི་དཔང་ཡིག་ཚད་ལྡན་ཡིན་མིན་ལ་ཞིབ་དཔྱད་བྱེད་པ། དེ་ནས་རིམ་བཞིན་ལུད་ཀྱི་ཨང་རྟགས་དང་། ལུད་རྫས་དུས་ཡོལ་ཡོད་མེད་ལ་ནན་ཏན་གྱིས་ལྟ་དགོས་པ་མ་ཟད་མཐར་ལུད་ཉོས་པའི་འཛིན་ཡིག་ཀྱང་ལེན་དགོས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ཞིང་ལས།
1 ​ལུད་ཀྱི་དཔང་ཡིག་ཞིབ་དཔྱད།

ཐོན་སྐྱེད་ཆོག་པའི་དཔང་ཡིག་དང་། སྤུས་བཤེར་ཚད་ལྡན་དཔང་ཡིག ལུད་རྫས་ཐོ་འགོད་དཔང་ཡིག་བཅས་ལ་ཞིབ་དཔྱད་བྱེད་དགོས།

2 ལུད་ཀྱི་ཨང་རྟགས་ལ་ལྟ་བ།

དེར་གཙོ་བོ་ལུད་རྫས་ཀྱི་མིང་དང་། ཐུམ་སྣོད་ཀྱི་ཚད་གཞི། ཐོན་སྐྱེད་དཔང་ཡིག་གི་ཨང་རྟགས། ལག་བསྟར་ཚད་གཞི། ཐོན་སྐྱེད་བཟོ་གྲྭ་དང་ས་གནས། བཅུད་འདུས་ཚད་སོགས་ཀྱི་ནང་དོན་འདུས་པ་ཡིན། ལུད་རྫས་ཐུམ་སྣོད་སྟེང་གིN、P205、K20བཅས་ཀྱིས་སོ་སོར་ཏན་ལུད་རྫས་ནང་ཏན་བཀོལ་ཚད་དང་། ལིན་ལུད་རྫས་ནང་དབྱང་ལྔ་འགྱུར་ལིན་གཉིས་བཀོལ་ཚད། ཅཱ་ལུད་རྫས་ནང་དབྱང་ལྔ་འགྱུར་གྱི་ལིན་གཉིས་བཀོལ་ཚད། ཅཱ་ལུད་རྫས་ནང་དབྱང་ལྔ་འགྱུར་ལིན་གཉིས་བཀོལ་ཚད་བཅས་མཚོན་པ་ཡིན།

3 ལུད་རྫས་དུས་ཡོལ་ཡོད་མེད་ལ་ལྟ་བ།

དུས་ལས་ཡོལ་བའི་ལུད་རྫས་དེ་ཁྲིམས་འགལ་ཅན་གྱི་ཚོང་པས་འཚོང་ཐབས་བྱ་ཆེད་དུ། རིན་གོང་དམའ་མོའམ་ཡང་ན་ཐུམ་སྣོད་གསར་པ་བརྗེས་ནས་འཚོང་གིན་ཡོད་པས། ཞིང་བས་ཉོ་སྐབས་མཉམ་འཇོག་གང་ལེགས་བྱ་དགོས། དེ་ཡང་འཇོག་ཡུན་རིང་བའི་ལུད་རྫས་དེ་རིགས་མང་ཤོས་ནི་རྡོག་པོར་འགྱུར་ནས་མཁྲེགས་པོ་ཆགས་ཡོད་ཅིང་། འོད་མེད་པ་དང་། ཞིང་ནང་དུ་བརྒྱབ་ན་སྙོམས་པོ་ཞིག་ཡོང་མི་ཐུབ་པ་རེད། ད་དུང་ཚོང་གཉེར་ཁང་གི་དྲིལ་བསྒྲགས་དང་ཁྱབ་བརྡ་རྫུན་མར་ཡིད་ཆེས་བྱ་མི་རུང་།

4 ལུད་ཉོས་པའི་འཛིན་ཡིག་ལེན་པ།

ལུད་རྫས་ཉོ་སྐབས་ཉོས་པའི་འཛིན་ཡིག་ལེན་རྒྱུ་བརྗེད་མི་རུང་ཞིང་། བཀོལ་སྤྱོད་བྱེད་སྐབས་ལུད་རྫས་ཉུང་ཙམ་བཞག་ནས་ལུད་རྫས་ལ་གནད་དོན་འདྲ་བྱུང་སྐབས་བཅའ་ཁྲིམས་ཀྱི་བྱེད་ཐབས་བཀོལ་ནས། རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་དགོས། གཅིག་ནི་ཞུ་གཏུག་བྱ་ཆོག་པའི་དུས་ཡུན་ལོ་གཅིག་ཡིན་པ་ཡིད་ལ་ངེས་དགོས། གཉིས་ནི་དབང་གྲགས་ཅན་གྱི་ལག་རྩལ་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱ་དགོས། གསུམ་ནི་ཞུ་གཏུག་བྱེད་སྐབས་དཔྱད་གཞི་དང་ཉོས་པའི་འཛིན་ཡིག་དང་། རི་མོ། དངོས་ཟོག་སོགས་ཆ་ཚང་ཡོད་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-15

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།