ཛྙཱིཾ་སྡེབ་སྦྱོར་ལའོ།།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེབ་སྦྱོར་ལས་ཤ་ཥ་ས་ཧ་ར་རྣམས་ཕ་རོལ་ལ་རྗེས་སུ་ང་རོ་ནི་ཛྙཱིཾ་རུ་འགྱུར་བའོ།།
གཞི་རྩའི་གནས་ཚུལ།

ནང་དོན།
སྒྲ་རིག་པ།
སྒྲ་མདོ།
དབྱངས་ཅན་སྒྲ་མདོ།
མཚམས་སྦྱོར།
གསལ་བྱེད་ཀྱི་མཚམས་སྦྱོར།
1 འགྲེལ་བ།

《སྒྲ་གཞུང་རྒྱ་མཚོའི་འཇུག་པའི་སྔོན་འགྲོ》འི་འགྲེལ་བ།

སྡེབ་སྦྱོར་ཏེ་རིག་བྱེད་ཀྱི་གཞུང་ལས་རྗེས་སུ་ང་རོའི་ཕ་རོལ་ལ་ཤ་ཥ་ས་ཧ་ར་རྣམས་བྱུང་ན་རྗེས་སུ་ང་རོ་འདི་ཉིད་ཛྙཱིཾ(ྊཾ)ཡིག་ལ་འགྱུར་བ་བྱའོ།།

《ལེགས་སྦྱར་སྒྲ་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས》ཀྱི་འགྲེལ་བ།

ཡང་ར་ཡིག་དང་ཤ་ཥ་ས་ཧ་རྣམས་ཕ་རོལ་ཏུ་བྱུང་ན་ཚིག་མཐའི་ང་རོ་ནི་ཞེས་པ་ཛྙཱིཾ་དུ་རིག་བྱེད་ཀྱི་སྡེབ་སྦྱོར་ལས་བསྒྱུར་བའང་ཡོད་དེ་ཡི་གེ་ལྔ་ཕ་རོལ་ཏུ་ཡོད་པ་ལའོ།། སྡེབ་སྦྱོར་གྱི་དབང་གིས་ཤ་ཥ་ས་ཧ་ར་རྣམས་ཕ་རོལ་ཏུ་ཡོད་པ་ལའོ།། སྡེབ་སྦྱོར་གྱི་དབང་གིས་ཤ་ཥ་ས་ཧ་ར་རྣམས་ཕ་རོལ་ཏུ་བྱུང་ཚེ་རྗེས་སུ་ང་རོ་ནི་ཡིག་ཏུ་གྱུར་པའོ།།

2 དཔེར་བརྗོད།

དེང་གི་སྐད་དོད་བ་ཡཾ་ཞེས་པའི་རྟགས་བཞག      ཟླ་བའི་སྐད་དོད་སོ་མཱཿ  ཞེས་པའི་ཚིག་གྲོགས་བཞག

བ་ཡཾ                                       སོ་མཱཿ  

ཛྙཱིཾ་སྡེབ་སྦྱོར་ལའོ་ཞེས་པས་རྗེས་སུ་ང་རོ་ཛྙཱིཾ་ཡིག་ཏུ་གྱུར། 

བ་ཡ་ཛྙཱིཾ་སོ་མཱཿ  ཞེས་གྲུབ།       དེང་གི་ཟླ་བ་ཞེས་པའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།