མདུན་བསྐྱེད་ཀྱི་དཀྱིལ་འཁོར།
མདུན་དུ་དཀྱིལ་འཁོར་རྫོགས་པར་བསྐྱེད་ནས། རྡུལ་ཚོན་ལ་སྟ་གོན་གྱི་དཀྱིལ་འཁོར་གཞུག་པ་དང་། ཐམས་ཅད་ལ་ཡེ་ཤེས་སྐྱེས་པར་བཅུག་ནས་མཆོད་ཅིང་བསྟོད་པ་སོགས་བྱ་བ། རང་ཉིད་ཀྱི་མདུན་དུ་དཀྱིལ་འཁོར་རས་བྲིས་རྡུལ་ཚོན་སོགས་ལ་བརྟེན་ནས་བསྒོམ་ཞིང་མཆོད་པའི་དོན་ཡིན།
གཞི་རྩའི་གནས་ཚུལ།
རྒྱ་ཡིག་གི་མིང་།
对生 对面生起
ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
དཀར་ཆག
1
ངོ་སྤྲོད།
རང་ཉིད་ཀྱི་མདུན་དུ་དཀྱིལ་འཁོར་རས་བྲིས་རྡུལ་ཚོན་སོགས་ལ་བརྟེན་ནས་བསྒོམ་ཞིང་མཆོད་པའི་དོན་ཡིན་ལ། དཀྱིལ་འཁོར་བར་མཆོད་པ་ནི་བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་དམ་ཚིག་ཉམས་ཆག་བཤགས་པ་དང་། ཚོགས་གསོག་སྒྲིབ་སྦྱོང་གི་ཆེད་དུ་ཡིན་ལ། གཞན་སློབ་མ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་གྱི་རྒྱུད་སྨིན་པ་དང་། སྔགས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་ཆོག་པའི་ཐོབ་ཐང་སྤྲོད་པའི་ཆེད་དུ་ཡིན་པ་རེད། གོང་གི་རས་བྲིས་དང་རྡུལ་ཚོན་དང་། བློས་བསླང་རྣམས་ནི་མཚོན་བྱེད་ཀྱི་དཀྱིལ་འཁོར་ཡིན་པ་དང་། དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་དཀྱིལ་འཁོར་མཐོང་བ་དང་། དེ་ལ་དམིགས་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམས་ནས་མཆོད་པ་ནི་ཐབས་ཡིན་ནོ། །
དཔྱད་གཞིའི་ཡིག་ཆ།
- 1 འབྲི་གུང་དཀོན་མཆོག་རྒྱ་མཚོས་བརྩམས་པའི 《བོད་བརྒྱུད་ནང་བསྟན་གྱི་རྟེན་དང་ཡོ་བྱད་ཀྱི་མཚོན་དོན་འགྲེལ་བཤད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015ལོའི་ཟླ་3པའི་པར་ཐེངས་དང་བོ། ཤོག་ངོས170ན་གསལ།
- 2 ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པའི 《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ1986ལོའི་ཟླ10པའི་པར་ཐེངས་གཉིས་པ།
བརྡ་འགྲེལ་གདོང་འཛར།
སྡུད་པ།
འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-01-14
གསར་སྤེལ་མཁན། :བླ་མ་གཡང་སངས།
བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།