གཉན་ལྟག་དགྱེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཉན་ལྟག་དགྱེ་ནི་ཚེར་སྲིན་གྱིས་བསྐྱེད་པའི་མི་ཕྱུགས་ཀུན་ལ་འབྱུང་བའི་འགོས་ནད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གཉན་ལྟག་དགྱེ།
ཁོངས་གཏོགས།
ནད་ཡམས།
རིགས་དབྱེ།
ཕྱུགས་ནད།
1 ​ངོ་སྤྲོད།

གཉན་ལྟག་དགྱེ་ནི་ཚེར་སྲིན་གྱིས་བསྐྱེད་པའི་མི་ཕྱུགས་ཀུན་ལ་འབྱུང་བའི་འགོས་ནད་ཅིག་ཡིན། མང་ཆེ་བར་རྨས་པའམ་རྨ་ཁར་དུག་ཐེབས་པ། ཡང་ན་སྐྱེས་ནས་ཉིན7ནས10ཅན་གྱི་ཕྲུ་གུར་འབྱུང་སླ། ནད་ཐེབས་བག་ཉལ་དུས་ཡུན་སྤྱིར་གཟའ་འཁོར1ནས2བར་ཡིན་པ་དང་། རིང་ན་ཉིན40ཙམ་མོ།།

2 ནད་རྟགས།

རྟའི་ནད་རྟགས་གཙོ་བོ་ནི་ཤ་གནད་རེངས་ཤིང་འཁུམ་པ་དང་། མིག་ལྕིབས་འབུར་དུ་ཐོན་པ། གཟན་ཆས་ཀྱི་ཡི་ག་ཞན་པ། སུག་བཞི་བགྲད་དེ་ཡར་ལངས་པ་དང་འདེགས་འཇོག་དཀའ་བ། རྔ་མ་གྱེན་དུ་འགྱོགས་པ། དབུགས་འཚང་པ། ལུས་དྲོད་རྒྱུན་ལྡན་ལས་ཅུང་ཟད་མཐོ་ལ། སྐབས་ལ་ལར་ལུས་ནས་རྔུལ་ཆུ་འདོན་པ་བཅས་སོ།།

ནོར་དང་ལུག་གི་ནད་རྟགས་ནི་རྟ་ལྟར་གསལ་བོ་མིན་མོད། འོན་ཀྱང་རྟག་ཏུ་མཆིལ་མ་འཛར་པ་དང་། སྐྱུག་ལྡད་མི་བྱེད་པ། གྲོད་པ་སྦོས་པ་སོགས་ཀྱི་ནད་རྟགས་མངོན།

ཕག་ནི་ཨམ་གཙིགས་སྡམ་ཞིང་རྣ་བ་བསླངས་པ་དང་། མགོ་བོ་ལྟག་ཏུ་དགྱེ་ལ་སྒལ་བ་གཞུ་ལྟར་གུག སུག་བཞི་རེངས་ཤིང་འཁྲེགས་པར་འགྱུར། ནད་ཀྱི་ཐོག་མར་སྐད་འཛེར་ལ་མཐར་སྒྲ་ཕྱི་ལ་འབྱིན་མི་ནུས་བར་འགྱུར་རོ།།

3 སྔོན་འགོག

སྔོན་འགོག་བྱེད་པར་ཕྱིའི་ལུས་པོར་རྨས་ཕོག་ཡོད་མེད་ལ་གཟབ་དགོས། གལ་ཏེ་ལུས་ཀྱི་ཕྱི་ལ་རྨས་ཕོག་ཡོད་ན་དེ་མ་ཐག་ཏུ་སྨན་གསོ་བྱེད་དགོས་ཤིང་། ལྷག་པར་དུ་ཕྲུ་གུའི་ལྟེ་ཐག་ལ་སྨན་གསོ་དང་དོ་སྣང་ལེགས་པོ་བྱེད་པ་དང་དེར་བཀོལ་བའི་ཡོ་བྱད་ལ་ངེས་པར་དུ་དུག་སེལ་བྱེད་དགོས། སྒོ་ཕྱུགས་ལ་དུས་ལྟར་གཉའ་ལྟག་དགྱེའི་དུག་སྲིན་སྨན་ཁབ་རྒྱག་དགོས། སྒོ་ཕྱུགས་ཆེ་བར100mLདང་། ཕྲུ་གུར0.5mLའམ་གཉན་ལྟག་དགྱེ་འགོག་པའི་དྭངས་ཁྲག་སྨན་རྒྱག་དགོས།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-16

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།