ཧྲི་མའོ་ལི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲི་མའོ་ལི།
ཁོང་ནི་སྤྱི་ལོ1838ལོར་འཇར་མན་གྱི་དཔོན་ཆུང་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། སྤྱི་ལོ1864ལོ་ནས་སྤྱི་ལོ1913ལོའི་བར་ཧཱ་ལོས་སློབ་གྲྭ་ཆེན་མོ་དང་། ཟཱི་ཐར་ལ་ཟི་པའོ་སློབ་གྲྭ་ཆེན་མོ། པའོ་ལིན་སློབ་གྲྭ་ཆེན་མོ་སོགས་སུ་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བྱས་ནས་མཐར་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
古斯塔夫·冯·施穆勒
ཕྱི་ཡིག་གི་མིང་།
Gustav von Schmoller
རྒྱལ་ཁབ།
འཇར་མན།
ལས་རིགས།
དཔལ་འབྱོར་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1838~1917)
བརྩམས་ཆོས།
《ཚོང་གཙོ་རིང་ལུགས་དང་དེའི་ལོ་རྒྱུས་ཀྱི་དོན་སྙིང》དང《རྒྱལ་དམངས་དཔལ་འབྱོར་རིག་པའི་སྤྱི་གཞུང》《རྒྱལ་དམངས་དཔལ་འབྱོར། རྒྱལ་དམངས་དཔལ་འབྱོར་རིག་པ་དང་དེའི་ཐབས་ཤེས》སོགས་ཡོད།
1 ​ལོ་རྒྱུས་རྒྱབ་ལྗོངས།

དུས་རབས19བའི་ལོ་རབས20དུས་སུ་འཇར་མན་རྒྱལ་ཁབ་གཅིག་གྱུར་བྱུང་ཞིང་། ཆབ་སྲིད་དང་རྒྱལ་ནང་གི་ཚོང་ར་གཅིག་ཏུ་དྲིལ་བས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་བསྐྲུན། དུས་རབས19བའི་ལོ་རབས80བའི་རྗེས་ནས་འཇར་མན་གྱི་མ་རྩ་རིང་ལུགས་ལ་འཕེལ་རྒྱས་ཤུགས་ཆེན་བྱུང་བས་བཟོ་ལས་ཐོན་འབོར་དེ་འཛམ་གླིང་གི་ཨང་གསུམ་པར་སླེབས། བཟོ་བདག་དང་བཟོ་བའི་འགལ་བའང་སྤྱི་ཚོགས་དང་དཔལ་འབྱོར་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་རྣོ་ངར་ཅན་དུ་གྱུར་བ་དང་། བཟོ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱང་དར་ཁྱབ་བྱུང་། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཡོད་པའི་གནས་བབ་དེ་ལྟ་བུའི་འོག་འཇར་མན་གྱི་ལོ་རྒྱུས་རིག་པའི་གྲུབ་མཐའ་གསར་མ་དར་སྤེལ་བྱུང་། གྲུབ་མཐའ་དེས་དཔལ་འབྱོར་ཞིབ་འཇུག་ཁྲོད་དུ་ལོ་རྒྱུས་སྡོམ་རྩིས་ཀྱི་ཐབས་ཤེས་ལ་བརྟེན་ནས་གནས་སྐབས་ཀྱི་དཔལ་འབྱོར་གནས་སྟངས་དེ་ཇི་ལྟ་བུ་ཡོད་པར་ཚོད་དཔོག་བྱེད་ཅིང་། རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་ཟིན་པའི་གལ་ཆེའི་གོ་གནས་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་། སེམས་ཁམས་དང་། ཀུན་སྤྱོད། ཁྲིམས་ལུགས་སོགས་ཀྱིས་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ལ་དེ་བས་དོ་སྣང་བྱེད་པ་ཡིན།

2 ངོ་སྤྲོད།

ཁོང་ནི་སྤྱི་ལོ1838ལོར་འཇར་མན་གྱི་དཔོན་ཆུང་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། སྤྱི་ལོ1864ལོ་ནས་སྤྱི་ལོ1913ལོའི་བར་ཧཱ་ལོས་སློབ་གྲྭ་ཆེན་མོ་དང་། ཟཱི་ཐར་ལ་ཟི་པའོ་སློབ་གྲྭ་ཆེན་མོ། པའོ་ལིན་སློབ་གྲྭ་ཆེན་མོ་སོགས་སུ་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བྱས། བརྩམས་ཆོས་ལ《ཚོང་གཙོ་རིང་ལུགས་དང་དེའི་ལོ་རྒྱུས་ཀྱི་དོན་སྙིང》《རྒྱལ་དམངས་དཔལ་འབྱོར་རིག་པའི་སྤྱི་གཞུང》《རྒྱལ་དམངས་དཔལ་འབྱོར། རྒྱལ་དམངས་དཔལ་འབྱོར་རིག་པ་དང་དེའི་ཐབས་ཤེས》《ཁྲིམས་ལུགས་དང་རྒྱལ་དམངས་དཔལ་འབྱོར་གྱི་རྩ་བའི་གནད་དོན་ཁ་ཤས་གླེང་བ》《སྤྱི་ཚོགས་སྲིད་ཇུས་དང་རྒྱལ་དམངས་དཔལ་འབྱོར་གཞུང་ལུགས་ཀྱི་གནད་དོན་ཁ་ཤས་གླེང་བ》《དུས་རབས19བའི་དུས་ཀྱི་འཇར་མན་གྱི་ལག་ཤེས་བཟོ་ལས་ཀྱི་ལོ་རྒྱུས》སོགས་ཡོད། ཁོའི་ལྟ་བ་ལ་གལ་ཏེ་མིའི་རིགས་རང་བྱུང་གི་ཆོས་ཉིད་ལྟར་དུ་འཚོ་བ་རོལ་བ་ཙམ་ཡིན་ན་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ཡང་རང་བྱུང་གི་ཆོས་ཉིད་དེ་ཙམ་ཡིན་མོད། འོན་ཀྱང་དཔལ་འབྱོར་རིག་པ་ནི་སྤྱི་ཚོགས་རིག་པའི་ཁོངས་སུ་གཏོགས་པས་དེ་ལ་ཡུལ་དང་། དུས། རྒྱལ་དམངས་ཀྱི་རང་གཤིས་སོགས་ཀྱིས་ཚོད་འཛིན་ཐེབས་ཡོད་པས་ངེས་པར་དུ་ལོ་རྒྱུས་ཀྱི་རྨང་གཞི་དགོས། དཔལ་འབྱོར་སྣང་ཚུལ་གྱིས་ཕྱོགས་གཅིག་ནས་རང་བྱུང་དང་ལག་རྩལ་གྱི་འབྲེལ་བ་མངོན་ཡོད་ལ། ཕྱོགས་གཅིག་ནས་མི་ཆོས་དང་སེམས་ཁམས་ཀྱི་འབྲེལ་བ་མཚོན་ཡོད། དཔལ་འབྱོར་རྩ་འཛུགས་ནི་དཔལ་འབྱོར་གྱི་ཆོས་ཉིད་དང་མི་ཆོས་སོགས་ཀྱིས་གཏན་འཁེལ་བྱེད་པའི་འཚོ་བའི་གོ་རིམ་ཡིན། ཐོན་སྐྱེད་དང་། བརྗེ་རེས། ལས་བགོས། ངལ་རྩོལ། གླ་ཆ་སོགསདཔལ་འབྱོར་ལག་རྩལ་གྱི་ཁོངས་སུ་གཏོགས་པ་མ་ཟད། སྤྱོད་ལམ་སེམས་ཁམས་རིག་པའི་ཁོངས་སུའང་གཏོགས་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།