སྔགས་ཀྱི་དཀྱིལ་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཎྜལ་སྟེ་བོད་སྐད་དུ་ཐད་ཀར་བསྒྱུར་ན་དཀྱིལ་འཁོར་དང་། དོན་གྱི་སྒོ་ནས་བསྒྱུར་ན་སྙིང་པོ་ལེན་པ་ཞེས་ཟེར་གྱིན་ཡོད། གཞི་ཡི་གནས་ལུགས་ཀྱི་དཀྱིལ་འཁོར་ཡིན་པ་ཤེས་པར་བྱས་ནས། ལམ་གྱི་དཀྱིལ་འཁོར་ད་ལྟ་བསྒོམ་པ་ལ་བརྟེན་ནས། འབྲས་བུའི་དཀྱིལ་འཁོར་གཞི་ལ་ཡོད་པ་དེ་མངོན་དུ་གྱུར་པའི་ཐབས་ལ་དཀྱིལ་འཁོར་ཞེས་གསུངས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
ནང་བསྟན་གྱི་བརྡ་ཆད།
1 ​ངོ་སྤྲོད།

མཎྜལ་སྟེ་བོད་སྐད་དུ་ཐད་ཀར་བསྒྱུར་ན་དཀྱིལ་འཁོར་དང་། དོན་གྱི་སྒོ་ནས་བསྒྱུར་ན་སྙིང་པོ་ལེན་པ་ཞེས་ཟེར་གྱིན་ཡོད། གཞི་ཡི་གནས་ལུགས་ཀྱི་དཀྱིལ་འཁོར་ཡིན་པ་ཤེས་པར་བྱས་ནས། ལམ་གྱི་དཀྱིལ་འཁོར་ད་ལྟ་བསྒོམ་པ་ལ་བརྟེན་ནས། འབྲས་བུའི་དཀྱིལ་འཁོར་གཞི་ལ་ཡོད་པ་དེ་མངོན་དུ་གྱུར་པའི་ཐབས་ལ་དཀྱིལ་འཁོར་ཞེས་གསུངས་ཡོད། དེ་ལྟ་བུའི་གནས་ལུགས་རྟོགས་པའི་སྒོ་ནས་ལམ་ལ་ཞུགས་ནས་འབྲས་བུ་ཐོབ་པར་བརྩོན་པས་ན། སྙིང་བོ་ལེན་པ་ཞེས་གསུངས་པ་ཡིན་པས། མཎྜལ་འབུལ་བ་ནི་དཀྱིལ་འཁོར་འབུལ་བ་ཡིན་པས། དཀྱིལ་འཁོར་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་འགྲོ་བ་ཀུན་དང་། རང་ཉིད་ཀྱི་ལུས་དང་། གསང་བ་སེམས་དང་། ཡི་དམ་གྱི་ལྷ་ཚོགས་སོགས་གཙོ་འཁོར་དང་གཙོ་ཕལ་དང་། མཐའ་དབུས་ཀུན་ལ་འཇུག་པ་ཡིན་པས། དཔེར་ན་ནམ་མཁའི་དཀྱིལ་འཁོར། ཉི་ཟླའི་དཀྱིལ་འཁོར། ས་ཆུ་མེ་རླུང་གི་དཀྱིལ་འཁོར་སོགས་ཡོད་ལ། དེ་དག་མཚོན་བྱེད་ཀྱི་ཐབས་ཀུན་ལ་ཡང་དཀྱིལ་འཁོར་ཞེས་བརྗོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།