ཧྥི་རན་ཟིའོ་སི་ཁེས་ནེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥི་རན་ཟིའོ་སི་ཁེས་ནེ།
ཁོང་ནི་སྤྱི་ལོ1694ལོར་ཧྥ་རན་སིའི་ཞིང་བདག་དང་ཁྲིམས་རྩོད་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཆུང་དུས་སུ་སྨན་དཔྱད་ལ་སྦྱངས། ད་དུང་རྫས་འགྱུར་དང་། སྐྱེ་དངོས། གྲངས་རྩིས། མཚན་ཉིད་རིག་པ་སོགས་ལ་ཞིབ་འཇུག་བྱས་ཏེ་མཐར་སྨན་རིག་པའི་རབ་འབྱམས་པའི་གོ་གནས་བླངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
弗朗斯瓦·魁奈
ཕྱི་ཡིག་གི་མིང་།
Francois Quesnay
ལས་རིགས།
དཔལ་འབྱོར་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1694-1774)
འཁྲུངས་ཡུལ།
ཧྥ་རན་སི།
1 ​ངོ་སྤྲོད་མདོར་བསྡུས།

ཁེས་ནེ་ནི་ཧྥ་རན་སིའི་ཞིང་བདག་དང་ཁྲིམས་རྩོད་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཆུང་དུས་སུ་སྨན་དཔྱད་ལ་སྦྱངས། ད་དུང་རྫས་འགྱུར་དང་། སྐྱེ་དངོས། གྲངས་རྩིས། མཚན་ཉིད་རིག་པ་སོགས་ལ་ཞིབ་འཇུག་བྱས་པ་དང་། མཐར་སྨན་རིག་པའི་རབ་འབྱམས་པའི་གོ་གནས་བླངས། སྤྱི་ལོ1749ལོར་ཧྥ་རན་སིའི་རྒྱལ་པོ་ལཱོ་དབྱི་ཟི་སྐུ་ཕྲེང་བཅུ་བཞི་བའི་སྐུ་བཅར་སྨན་པར་བསྐོས། རང་ལོ་དྲུག་ཅུའི་སྟེང་ནས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་འགོ་བརྩམས། སྤྱི་ལོ1757ལོར《ཞིང་བའི་རྣམ་བཤད》དང་།《འབྲུ་རིགས་རྣམ་བཤད》ཅེས་པའི་ཆེད་རྩོམ་གཉིས་བྲིས། དེའི་རྗེས་ནས་ཡང《མི་གྲངས་རྣམ་བཤད》དང《དཔྱ་ཁྲལ་རྣམ་བཤད》ཅེས་པ་བརྩམས། ཁེས་ནེས་རང་ལོ་དྲུག་ཅུའི་སྟེང་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་འགོ་རྩོམ་པའི་རྒྱུ་མཚན་ནི་ལཱོ་དབྱི་ཟི་སྐུ་ཕྲེང་བཅུ་བཞི་བ་གྲོངས་སྐབས་ཀྱི་སྤྱི་ལོ1715ལོར་ཧྥ་རན་སི་རྒྱལ་ཁབ་ཀྱི་སྐྱིས་དངུལ་ཤིན་ཏུ་མང་ཞིང་། མི་གྲངས་དེ་ལོ་ངོ་ལྔ་བཅུའི་ལྷག་རིང་སྔོན་ཆད་ལས་ས་ཡ་བཞི་ལྷག་ཇེ་ཉུང་དུ་སོང་ཡོད་པ་དང་། ཞིང་ལས་ཐོན་རྫས་དེ་སུམ་ཆའི་གཅིག་ཇེ་ཉུང་དུ་ཕྱིན་པ་རེད། ཧྥ་རན་སིའི་རྒྱལ་པོ་ལཱོ་དབྱི་ཟི་སྐུ་ཕྲེང་བཅོ་ལྔ་བས་མུ་མཐུད་དུ་ཚོང་གཙོ་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་པས་བཟོ་ལས་ཀྱི་ཡོང་སྒོ་འཕར་ཞིང་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལྷག་ཏུ་མར་ཆག ད་དུང་ཞིང་བས་དཔྱ་ཁྲལ་མང་ཤོས་འཁུར་ཡོད་པས་ཞིང་བ་མང་པོའི་འཚོ་གནས་ཐབས་ཟད་འུ་ཐུག་ཀྱི་གནས་སུ་གྱུར་ཡོད་པ་རེད། སྐབས་དེར་ཧྥ་རན་སིའི་ཤེས་ཡོན་ཅན་གང་མང་གིས་རྒྱལ་ཁབ་ཀྱི་གནས་བབ་དེ་འདྲའི་རྒྱུ་རྐྱེན་ལ་མནོ་བསམ་བྱས་ཡོད་དེ། དཔེར་ན་མཚན་ཉིད་རིག་པའི་མཁས་དབང་ཧྥོར་ཐིར་ནས་ཀྱལ་ཀའི་ཚུལ་གྱིས་འདི་ལྟར་སྨྲས་ཏེ། ད་ལྟ་རྒྱལ་ཁབ་ཡོངས་དེ་སྙན་ངག་དང་། ཟློས་གར། སྐྱོ་གར། སྒྲུང་རྩོམ། ཀུན་སྤྱོད་ལྟ་བ། ལྷའི་རིག་པ་སོགས་ལ་སུན་སྣང་སྐྱེས་ཚར་བས་བག་ལེབ་གླེང་བའི་འགོ་ཚུགས་སོང་ཞེས་པ་ལྟར། ཁེས་ནེས་ཀྱང་ཧྥ་རན་སིའི་གནས་བབ་དེ་འདྲའི་འོག་དཔལ་འབྱོར་རིག་པར་ཞིབ་འཇུག་བྱས་ཏེ་དེའི་རྒྱུ་རྐྱེན་གང་ཡིན་ལ་གསལ་རྟོགས་ཡོང་ཐབས་བྱས། ཁེས་ནེ་ཡིས་དཔལ་འབྱོར་ཁོར་ཡུག་ཁྲོད་རྒྱུ་ནོར་དང་ཚོང་རྫས་ཀྱི་འཁོར་རྒྱུག་དེ་མིའི་ཟུང་ཁྲག་གི་འཁོར་རྒྱུག་ལྟར་རང་བྱུང་གི་ཆོས་ཉིད་ཅིག་ལ་བརྟེན་ཡོད་པས་ཞིབ་ཏུ་དཔྱད་ཚེ་དེའི་གནས་ལུགས་ཤེས་རྟོགས་བྱ་ཐུབ། དེ་བས་དཔལ་འབྱོར་རིག་པའི་ལོ་རྒྱུས་ཐོག་ཁེས་ནེ་ནི་ཞིང་གཙོ་སྨྲ་བའི་དེད་དཔོན་དུ་བརྩིའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།