ཆེ་ཁཱ་རྒོ་དཔལལ་འབྱོར་གྲུབ་མཐའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེ་ཁཱ་རྒོ་དཔལལ་འབྱོར་གྲུབ་མཐའ།
ཆེ་ཁཱ་རྒོ་གྲུབ་མཐའ་སྲོལ་འབྱེད་པ་ནི་ཧྥོ་ལན་ཁེ་ནའེ་ཐི་ཡིན། གྲུབ་མཐའ་འདི་ནི་དུས་རབས20ལོ་རབས20སྐབས་སུ་ཨ་རིའི་ཆེ་ཁཱ་རྒོ་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་རང་དབང་དཔལ་འབྱོར་རིང་ལུགས་ཀྱི་ལྟ་བ་གཙིགས་སུ་འཛིན་མཁན་གྱི་དཔལ་འབྱོར་རིག་པ་བ་འགའ་ཤས་ཀྱིས་དར་སྤེལ་བཏང་བ་ཡིན་པས་མིང་དེ་བྱུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་གྲུབ་མཐའ་འདི་སྔར་བས་དར་རྒྱས་བྱུང་། སྐབས་དེའི་ཚབ་མཚོན་མི་སྣ་ལ་ཧཱ་ཡེ་ཁི་དང་། ཧྥིར་དྲི་མིན། ཟི་ཐི་རྒེ་ལི་ཐི་སོགས་ཡོད། དེ་དག་ལས་ཧཱ་ཡེ་ཁི་ནི་མཚན་ཉིད་རིག་པ་དང་དཔལ་འབྱོར་རིག་པ་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཡོད་པའི་མཁས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
芝加哥经济学派
ཕྱི་ཡིག་གི་མིང་།
Chicago School of Economics
སྲོལ་གཏོད་མཁན་སློབ་གྲྭ།
ཆེ་ཁཱ་རྒོ་སློབ་ཆེན།
སྲོལ་གཏོད་མཁན།
ཧྥོ་ལན་ཁེ་ནའེ་ཐི།
1 ངོ་སྤྲོད།

ཆེ་ཁཱ་རྒོ་གྲུབ་མཐའ་སྲོལ་འབྱེད་པ་ནི་ཧྥོ་ལན་ཁེ་ནའེ་ཐི་ཡིན། གྲུབ་མཐའ་འདི་ནི་དུས་རབས20ལོ་རབས20སྐབས་སུ་ཨ་རིའི་ཆེ་ཁཱ་རྒོ་སློབ་ཆེན་དུ་སློབ་ཁྲིད་བྱས་པའི་རང་དབང་དཔལ་འབྱོར་རིང་ལུགས་ཀྱི་ལྟ་བ་གཙིགས་སུ་འཛིན་མཁན་གྱི་དཔལ་འབྱོར་རིག་པ་བ་འགའ་ཤས་ཀྱིས་དར་སྤེལ་བཏང་བ་ཡིན་པས་མིང་དེ་བྱུང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་གྲུབ་མཐའ་འདི་སྔར་བས་དར་རྒྱས་བྱུང་། སྐབས་དེའི་ཚབ་མཚོན་མི་སྣ་ལ་ཧཱ་ཡེ་ཁི་དང་། ཧྥིར་དྲི་མིན། ཟི་ཐི་རྒེ་ལི་ཐི་སོགས་ཡོད། དེ་དག་ལས་ཧཱ་ཡེ་ཁི་ནི་མཚན་ཉིད་རིག་པ་དང་དཔལ་འབྱོར་རིག་པ་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཡོད་པའི་མཁས་པ་ཞིག་ཡིན།

2 ཧཱ་ཡེ་ཁི།

ཧཱ་ཡེ་ཁི་ནི(1899-1992)ཝེར་ནཱར་འཁྲུངས་ཤིང་། སྤྱི་ལོ1921ལོར་ཝེར་ནཱར་སློབ་གྲྭ་ཆེན་མོར་ཁྲིམས་ལུགས་རིག་པའི་འབུམ་རམས་སློབ་གནས་ཐོབ། སྤྱི་ལོ1923ལོར་ཆབ་སྲིད་རིག་པའི་འབུམ་རམས་སློབ་གནས་བླངས། དུས་རབས20བའི་འགོར་ཨ་རིར་སློབ་སྦྱོང་དུ་ཕྱིན། སྤྱི་ལོ1931ལོར་དབྱིན་ཇིའི་ལོན་ཏོན་དཔལ་འབྱོར་རིག་པའི་སློབ་གླིང་དུ་གདན་ཞུས་ཀྱིས་དཔལ་འབྱོར་རིག་པ་དང་སྡོམ་རྩིས་རིག་པའི་དགེ་རྒན་བྱས། སྤྱི་ལོ1945ལོར་དབྱིན་ཇིའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པའི་འགན་འཁུར། སྤྱི་ལོ1950ལོ་ནས་སྤྱི་ལོ1962ལོའི་བར་དུ་ཨ་རིའི་ཆེ་ཁཱ་རྒོ་སློབ་ཆེན་གྱི་དགེ་རྒན་དང་། སྤྱི་ལོ1962ལོ་ནས་སྤྱི་ལོ1970ལོའི་བར་དུ་མཉམ་འབྲེལ་འཇར་མན་ཧྥོ་ལར་ཕོ་སློབ་ཆེན་གྱི་དགེ་རྒན་བྱས། སྤྱི་ལོ1974ལོར་ནོར་པེལ་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ། 

3 བརྩམས་ཆོས།

ཁོང་གི་བརྩམས་ཆོས་ལ《དངུལ་ལོའི་གཞུང་ལུགས་དང་དཔལ་འབྱོར་གྱི་འཁོར་སྐྱོད》《དངོས་ཟོག་གི་རིན་གོང་དང་ཐོན་སྐྱེད》《རང་དབང་དང་དཔལ་འབྱོར་ལམ་ལུགས》《མ་རྩའི་གཞུང་ལུགས་རྐྱང་བ》《སྒེར་འཛིན་རིང་ལུགས་དང་དཔལ་འབྱོར་གྱི་གོ་རིམ》《བྲན་འཁོལ་ལ་སྙེག་པའི་ལམ་ཁ》《རང་དབང་གི་སྒྲིག་སྲོལ》《ཁྲིམས་ལུགས། ཁྲིམས་བཟོ་དང་རང་དབང》《དངུལ་ལོར་རྒྱལ་མེད་ཅན》སོགས་ཡོད།

4 གཞུང་ལུགས།

ཧཱ་ཡེ་ཁི་ཡི་དཔལ་འབྱོར་རིག་པའི་གཞུང་ལུགས་ནི་ཨཱ་དམ་ཟི་རྨིའི་དཔལ་འབྱོར་རང་དབང་གི་བསམ་བློའི་རྨང་གཞིའི་སྟེང་རང་དབང་གི་ཚོང་རའི་དཔལ་འབྱོར་ལམ་ལུགས་གཙིགས་སུ་འཛིན་པ་དང་། རྒྱལ་ཁབ་ཀྱི་ཐེ་ཇུས་གང་ཡོད་མི་རུང་བར་འདོད་ཅིང་། འགྲན་རྩོད་དང་རང་དབང་ཡོད་པའི་རང་དབང་གི་ཚོང་རའི་དཔལ་འབྱོར་དར་སྤེལ་གཏོང་དགོས་པའི་ལངས་ཕྱོགས་འཛིན། ཁོས་འཆར་ལྡན་དཔལ་འབྱོར་ནི་བྲན་འཁོལ་དུ་འགྱུར་བའི་ལམ་ལུགས། ཧྥ་ཤི་སི་རིང་ལུགས་གསུམ་ནི་བཙན་དྲག་རིང་ལུགས་ཡིན་པར་བཤད། མདོར་མ་ཁོས་ཚོང་རའི་སྒྲིག་གཞིས་ཐོན་ཁུངས་ལ་ནུས་ཡོད་ཀྱི་བགོ་འགྲེམ་བྱས་ནས་དཔལ་འབྱོར་ནུས་ཚད་མཐོར་འདེགས་ཀྱིས་དཔལ་འབྱོར་ལ་སྐུལ་སྤེལ་བྱེད་ཐུབ་པའི་གཏན་ཚིགས་ལ་ལུང་རིག་གང་ཐད་ནས་སྒྲུབ་བཤད་བྱས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-21

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།