མཱ་ཧྲོལ་གྱི་དཔལ་འབྱོར་གཞུང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཱ་ཧྲོལ་གྱི་དཔལ་འབྱོར་གཞུང་ལུགས།
དེ་ཡང་མཱ་ཧྲོལ་གྱིས་སྲོལ་ཕྱེ་བའི་དཔལ་འབྱོར་གྲུབ་མཐའ་ལ་གནའ་རབས་དཔལ་འབྱོར་རིག་པ་གསར་མ་ཞེས་ཟེར། མཱ་ཧྲོལ་གྱིས་ཨཱ་དམ་ཟི་རྨིའི་གཞུང་ལུགས་རྨང་གཞི་བྱས་པའི་གནའ་རབས་དཔལ་འབྱོར་རིག་པའི་གྲུབ་མཐའ་ཡོངས་ཀྱི་ལྟ་བ་ཕྱོགས་བསྡུས་ཀྱིས་དཔལ་འབྱོར་རིག་པའི་གཞུང་ལུགས་གསར་བ་ཞིག་བཙུགས་པ་ལ་མཱ་ཧྲོལ་གྱི་དཔལ་འབྱོར་གཞུང་ལུགས་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
马歇尔经济学原理
1 གོ་དོན།

མཱ་ཧྲོལ་གྱིས་སྲོལ་ཕྱེ་བའི་དཔལ་འབྱོར་གྲུབ་མཐའ་ལ་གནའ་རབས་དཔལ་འབྱོར་རིག་པ་གསར་མ་ཞེས་ཟེར། མཱ་ཧྲོལ་གྱིས་ཨཱ་དམ་ཟི་རྨིའི་གཞུང་ལུགས་རྨང་གཞི་བྱས་པའི་ཐོག་གནའ་རབས་དཔལ་འབྱོར་རིག་པའི་གྲུབ་མཐའ་ཡོངས་ཀྱི་ལྟ་བ་ཕྱོགས་བསྡུས་ཀྱིས་དཔལ་འབྱོར་རིག་པའི་གཞུང་ལུགས་གསར་བ་ཞིག་བཙུགས་པ་དེར་མཱ་ཧྲོལ་གྱི་དཔལ་འབྱོར་གཞུང་ལུགས་ཟེར། 

2 ཨ་ཧྥོར་རེ་ཏེ་མཱ་ཧྲོལ།

ཨ་ཧྥོར་རེ་ཏེ་མཱ་ཧྲོལ་ནི་སྤྱི་ལོ1842ལོར་དབྱིན་ཇིའི་དངུལ་ཁང་ལས་བྱེད་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། གཞོན་ནུའི་སྐབས་སུ་སྔ་ཕྱིར་ཨོ་ཁི་ཟི་ཧྥོ་རྡི(གླང་ཤན་ཁ་སློབ་ཆེན)སློབ་ཆེན་དང་ཁམས་ཟམ་སློབ་ཆེན་འགྲིམས། སྤྱི་ལོ1846ལོར་ཁམས་ཟ་སློབ་ཆེན་གྱི་ཨང་རྩིས་སློབ་རྒྱུགས་ཁྲོད་ཨང་དང་པོ་བླངས་པས་ཞིབ་འཇུག་སློབ་མར་ཚུད། སྐབས་དེར་ཏར་ཝིན་གྱི《སྐྱེ་དངོས་ཀྱི་འབྱུང་ཁུངས》དང་ཟིར་པིན་སིའི《རྩ་དོན་དང་པོ》ཞེས་པ་གཉིས་པར་དུ་བསྐྲུན་པ་དེས་ཁོར་ཤན་ཤུགས་ཆེན་པོ་ཐེབས། སྤྱི་ལོ1868ནས་སྤྱི་ལོ1877ལོའི་བར་ཁམས་ཟམ་སློབ་ཆེན་དུ་ཀུན་སྤྱོད་མཚན་ཉིད་རིག་པའི་འཆད་ཁྲིད་དགེ་རྒན་གྱི་འགན་འཁུར། དེའི་སྐབས་འཇར་མན་དུ་ཕྱིན་ནས་ཁཱང་ཏེའི་མཚན་ཉིད་རིག་པ་དང་ཧེར་གོར་གྱི་ལོ་རྒྱུས་མཚན་ཉིད་རིག་པར་སློབ་གཉེར་བྱེད་སྐབས་རཱོ་ཞོར་གྱི་དཔལ་འབྱོར་རིག་པས་ཤུགས་རྐྱེན་ཆེན་པོ་ཐེབས། ད་དུང་ཨ་རིར་ཞིབ་འཇུག་རྟོག་དཔྱོད་དུ་ཕེབས། སྤྱི་ལོ1877ལོ་ནས་སྤྱི་ལོ1881ལོར་མཱ་ཧྲོལ་ཁམས་ཟམ་དང་བྲལ་ནས་པིར་ལེ་སི་ཐོར་སློབ་ཆེན་དུ་དཔལ་འབྱོར་རིག་པའི་དགེ་རྒན་བྱེད་དུ་ཕེབས། དེ་ནས་ཡང་ཁམས་ཟམ་དུ་ཕྱིར་ལོག་ནས་ལོ་རྒྱུས་རིག་པ་བ་ཐང་ཨིན་ཕེ་གྲོངས་པའི་ཚབ་ཏུ་དཔལ་འབྱོར་ལོ་རྒྱུས་ཀྱི་དགེ་རྒན་བྱས། སྤྱི་ལོ1885ལོ་ནས་སྤྱི་ལོ1908ལོའི་བར་ཁམས་ཟམ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་འཁུར། མཱ་ཧྲོལ་གྱི་བརྩམས་ཆོས་ལ《བཟོ་ལས་དཔལ་འབྱོར་རིག་པ》དང་།《དཔལ་འབྱོར་རིག་པའི་རྣམ་གཞག》《བཟོ་ལས་དང་ཉོ་འཚོང》《དངུལ་ལོར་དང་། ཡིད་རྟོན། ཚོང་ལས》སོགས་ཡོད། དེ་ལས《དཔལ་འབྱོར་རིག་པའི་རྣམ་གཞག》ནི་སྐད་གྲགས་ཤིན་ཏུ་ཆེ། དཔལ་འབྱོར་རིག་པའི་ལོ་རྒྱུས་ཁྲོད་ཨཱ་དམ་ཟི་རྨིའི《རྒྱལ་ཕྱུག་རྣམ་གཞག》དང་། རྡ་བེ་རྡི་རི་ཁཱ་དོའི《ཆབ་སྲིད་དཔལ་འབྱོར་རིག་པ་དང་དཔྱ་ཁྲལ་གྱི་རྣམ་གཞག》དང་མཱ་ཧྲོལ་གྱི《དཔལ་འབྱོར་རིག་པའི་རྣམ་གཞག》གསུམ་ནི་ལོ་རྒྱུས་ཀྱི་ལམ་ཚད་རང་བཞིན་གྱི་དོན་སྙིང་ལྡན་པའི་བརྩམས་ཆོས་སུ་ངོས་འཛིན། 《དཔལ་འབྱོར་རིག་པའི་རྣམ་གཞག》པར་དུ་བསྐྲུན་པ་ནས་བཟུང་སྟེ་དུས་རབས20བའི་ལོ་རབས30བའི་བར་དུ་དབྱིན་ཇི་དང་ཨ་རི་སོགས་སུ་དཔལ་འབྱོར་རིག་པའི་སློབ་གཞི་དང་ཞིབ་འཇུག་གི་རྒྱུ་ཆ་གཙོ་བོ་ཞིག་ཏུ་གྱུར། མཱ་ཧྲོལ་གྱི་གོང་དུ་དབྱིན་ཡིག་ཁྲོད་དུ་ཆབ་སྲིད་དཔལ་འབྱོར་རིག་པ་ཞེས་རྒྱ་ཁྱབ་ཏུ་གྲགས་ཀྱང་ཁོའི་རྗེས་ནས་དཔལ་འབྱོར་རིག་པ་ཞེས་རང་རྐྱ་འཕེར་བའི་རིག་ཚན་གྱི་མིང་དེ་ཡོངས་གྲགས་སུ་གྱུར། མཱ་ཧྲོལ་དང་ཁོའི་སློབ་མ་ཕེར་རྒི། རོར་པིན་ཟིན། ཁེ་ཨིན་ཟི་སོགས་སྔ་ཕྱིར་ཁམས་ཟམ་སློབ་ཆེན་དུ་དགེ་རྒན་གྱི་ལས་གནས་འཁུར་བས་གྲུབ་མཐའ་འདི་ལ་ཁམས་ཟམ་གྲུབ་མཐའ་ཞེས་ཀྱང་འབོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།