ཟཱ་དབྱི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟཱ་དབྱི།
ཟཱ་དབྱི་ནི་ཧྥ་རན་སིའི་ལི་ཨང་ས་ཆའི་ཚོང་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། འཛམ་གླིང་སྟེང་མིང་དུ་གྲགས་པའི་དཔལ་འབྱོར་རིག་པ་བ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
让·巴蒂斯特·萨伊
ཕྱི་ཡིག་གི་མིང་།
Jean-Baptiste Say
རྒྱལ་ཁབ།
ཧྥ་རན་སི།
འཁྲུངས་ཡུལ།
ཧྥ་རན་སིའི་ལི་ཨང་།
ལས་རིགས།
ཚོང་པ། དཔལ་འབྱོར་རིག་པ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1767~1832)
བརྩམས་ཆོས།
《ཆབ་སྲིད་དཔལ་འབྱོར་རིག་པའི་སྤྱི་བཤད》
1 ​ངོ་སྤྲོད།

ཟཱ་དབྱི་ནི་སྤྱི་ལོ176ལོར་ཧྥ་རན་སིའི་ལི་ཨང་ས་ཆའི་ཚོང་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། སྔ་དུས་ཚོང་ལས་བྱས་དང་། རྗེས་ནས་དབྱིན་ཇིར་སློབ་སྦྱོང་བྱས། དབྱིན་ཇིར་སློབ་སྦྱོང་བྱེད་དུས་བཟོ་ལས་གསར་བརྗེ་ཡི་གནས་ཚུལ་མངོན་སུམ་མཐོང་སྣང་དུ་གྱུར། དེ་དུས་ཟི་རྨིའི་གསུང་རྩོམ《རྒྱལ་ཕྱུག་རྣམ་བཤད》ལ་ཞིབ་ཀློག་བྱས། ཧྥ་རན་སིར་མ་རྩ་རིང་ལུགས་ཀྱི་གསར་བརྗེ་བྱུང་རྗེས་མུ་མཐུད་དུ་ཚོང་ལས་བྱས། སྤྱི་ལོ1789ལོར་ཧྥ་རན་སིར་མ་རྩ་རིང་ལུགས་ཀྱི་གསར་བརྗེ་བྱུང་རྗེས་ཟཱ་དབྱིས་གསར་བརྗེ་ལ་རྒྱབ་སྐྱོར་བྱས་པ་མ་ཟད། རང་ཉིད་དངོས་སུ་རྒྱལ་བོ་སྲུང་སྐྱོབ་ཕྱོགས་ཁག་དང་འཐབ་པའི་གཡུལ་དུ་ཞུགས། དམག་འཁྲུག་མཇུག་བསྒྲིལ་རྗེས་ཕྱིར་པ་ལིར་ལོག་ནས《མཚན་ཉིད་རིག་པ་དང་། རྩོ་གརིག་སྒྱུ་རྩལ། ཆབ་སྲིད་ཀྱི་ཟླ་དེབ》ཅེས་པའི་དུས་དེབ་ཀྱི་གཙོ་འགན་རྩོམ་སྒྲིག་པ་ཁུར། དུས་དེབ་དེའི་སྟེང་དུ་དཔལ་འབྱོར་རིག་པའི་སྐོར་གྱི་དཔྱད་རྩོམ་གང་མང་སྤེལ། ཧྥ་རན་སིའི་སྲིད་འཛིན་ནཱ་ཕོ་ལིན་གྱིས་གཟིགས་བཟོས་ཐོབ་པས་ནོར་སྲིད་ལྷན་ཁང་ཞེས་པར་ལས་ཀ་བྱས། སྤྱི་ལོ1803ལོར་ཟཱ་དབྱིས་བརྩམས་ཆོས་གཙོ་བོ《ཆབ་སྲིད་དཔལ་འབྱོར་རིག་པའི་སྤྱི་བཤད》ཅེས་པ་སྤེལ། ཟཱ་དབྱིས་རང་དབང་དཔལ་འབྱོར་ལ་བརྩི་མཐོང་བྱས་པ་མ་ཟད་སྐབས་དེའི་སྒོ་ཁྲལ་སྲུང་སྐྱོབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པས་ལས་གནས་ནས་ཕུད། དེ་སྔ་པར་བསྐྲུན་བྱས་པའི་བརྩམས་ཆོས་ཀྱང་བཀག་སྡོམ་བྱས། ཟཱ་དབྱི་འུ་ཐུག་གིས་སྐུད་འཐག་བཟོ་གྲྭ་ཞིག་གི་བདག་གཉེར་པ་བྱས། ནཱ་ཕོ་ལིན་གྱི་སྲིད་དབང་ཕམ་ཉེས་བྱུང་སྟེ་པཱའོ་ཕང་རྒྱལ་རབས་བཙུགས་རྗེས་ཟཱ་དབྱི་ལ་གཟེངས་བསྟོད་ཀྱིས་ཞིབ་འཇུག་གི་ལས་ཀ་སླར་གསོ་བྱས་པ་མ་ཟད། དབྱིན་ཇིར་རྟོག་དཔྱོད་བྱེད་པར་བཏང་། དབྱིན་ཇིར་སྡོད་སྐབས་རྒིར་ལ་ཟི་ཁོ་སློབ་ཆེན་དུ་ཆབ་སྲིད་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོའི་འགན་འཁུར། ཧྥ་རན་སིར་ལོག་རྗེས་པཱ་ལི་སྒྱུ་རྩལ་མཛེས་ཆོས་སློབ་གླིང་གི་བཟོ་ལས་དཔལ་འབྱོར་གྱི་དགེ་རྒན་ཆེན་པོ་བྱས། སྤྱི་ལོ1830ལོར་ནས་ཧྥ་རན་སིའི་སློབ་གླིང་གི་དགེ་རྒན་ཆེན་མོ་བྱས་ཏེ་ཚེ་གང་ཕུད།

2 བརྩམས་ཆོས།

ཟཱ་དབྱིའི་བརྩམས་ཆོས་ལ《ཆབ་སྲིད་དཔལ་འབྱོར་རིག་པའི་མདོར་བཤད》དང《ཆབ་སྲིད་དཔལ་འབྱོར་རིག་པའི་བསླབ་གཞི》《ཆབ་སྲིད་དཔལ་འབྱོར་རིག་པའི་དྲི་བ་དང་དྲིས་ལན》སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-21

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།