ཨཱ་ཨཱར྄་ཨཻ་ཨཽ་འཕེལ་བའོ།།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ཡིག་གི་འཕེལ་བ་ཨཱ་དང་རྀ་ཡིག་གི་འཕེལ་བ་ཨཱར྄། ཨི་ཡིག་གི་འཕེལ་བ་ཨཻ་དང་ཨུ་ཡིག་གི་འཕེལ་བ་ཨཽ་སྟེ་འདི་རྣམས་ལ་འཕེལ་བའི་ཡི་གེ་ཞེས་བྱའོ།།
གཞི་རྩའི་གནས་ཚུལ།

ནང་དོན།
སྒྲ་རིག་པ།
སྒྲ་མདོ།
དབྱངས་ཅན་སྒྲ་མདོ།
མཚམས་སྦྱོར།
མིང་གི་མཚམས་སྦྱོར།
1 ​འགྲེལ་བ།

《ལེགས་སྦྱར་སྒྲ་རིག་པའི་རྣམ་བཤད་བློ་གསལ་འཇུག་ངོགས》ཀྱི་འགྲེལ་བ།

ཨ་ཡིག་གི་འཕེལ་བ་ཨཱ། རྀ་ཡིག་གི་འཕེལ་བ་ཨཱར྄། ཨི་ཡིག་གི་འཕེལ་བ་ཨཻ། ཨུ་ཡིག་གི་འཕེལ་བ་ཨོ་ཡིན་པའི་དེ་རྣམས་ལ་འཕེལ་བའི་ཡི་གེ་ཞེས་བྱའོ།། ཨཱ་ཨཱར྄་ཨཻ་ཨཽ་ཞེས་པ་ནི་འཕེལ་བའི་ཡི་གེ་བཞི་སྟེ་ཨ་ཡིག་གི་འཕེལ་བ་ཨཱ་དང་། རྀ་ཡིག་གི་འཕེལ་བ་ཨཱར྄། ཨི་ཡིག་གི་འཕེལ་བ་ཨཻ་དང་ཨུ་ཡིག་གི་འཕེལ་བ་ཨཽ་སྟེ་འཕེལ་བའི་ཡི་གེ་བཞི་ཞེས་པའོ།།

《སྒྲ་གཞུང་རྒྱ་མཚོའི་འཇུག་པའི་སྔོན་འགྲོ》འི་འགྲེལ་བ།

ཨ་འཕེལ་བ་ཨཱ་དང་རྀ་ཡིག་འཕེལ་བ་ཨཱར྄། ཨི་འཕེལ་བ་ཨཻ། ཨུ་འཕེལ་བ་ཨཽ་བཅས་ཡི་གེ་བཞི་ལ་འཕེལ་བའི་ཡི་གེ་ཞེས་བརྡར་བཏགས་ཤིང་འཕེལ་བ་ཞེས་ཆོ་ག་གང་དུ་བྱུང་རུང་དྲན་པར་བྱའོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-09

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།