ཤ་དུག་ཚེར་སྲིན་གྱི་ནད་དུག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤ་དུག་ཚེར་སྲིན་གྱི་ནད་དུག
འདི་ལ་ཤ་དུག་གིས་དུག་ཕོག་པ་ཡང་ཟེར། ཤ་དུག་རྫས་འདུས་པའི་གཟན་ཆས་ཟོས་པ་ལས་བསྐྱེད་པའི་དུག་ཕོག་པ་ཅན་གྱི་ཕྱུགས་ནད་ཅིག་སྟེ། མངོན་རྟགས་གཙོ་བོ་ནི་སྐྱུག་ལྡད་དང་ཁྱུར་མིད་དབང་བོའི་ནུས་པར་བགེགས་ཐེབས་ཤིང་ཤུགས་ཟད་པ་དང་། ཤ་དུག་ཚེར་སྲིན་གྱི་ནད་དུག་ནི་ནད་ཕོག་པའི་ཕྱུགས་ཀྱིས་ནད་ཕོག་མེད་པའི་ཕྱུགས་ལ་བསྒོ་བའི་འགོས་ནད་རང་བཞིན་ཅན་གྱི་ནད་དུག་ཅིག་མིན་ནོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཤ་དུག་ཚེར་སྲིན་གྱི་ནད་དུག
རྒྱ་ཡིག་གི་མིང་།
肉毒中毒
ཁོངས་གཏོགས།
ནད་ཡམས།
རིགས་དབྱེ།
ཕྱུགས་ནད།
1 ངོ་སྤྲོད།

འདི་ལ་ཤ་དུག་གིས་དུག་ཕོག་པ་ཡང་ཟེར། ཤ་དུག་རྫས་འདུས་པའི་གཟན་ཆས་ཟོས་པ་ལས་བསྐྱེད་པའི་དུག་ཕོག་པ་ཅན་གྱི་ཕྱུགས་ནད་ཅིག་སྟེ། མངོན་རྟགས་གཙོ་བོ་ནི་སྐྱུག་ལྡད་དང་ཁྱུར་མིད་དབང་བོའི་ནུས་པར་བགེགས་ཐེབས་ཤིང་ཤུགས་ཟད་པ་དང་། ཤ་དུག་ཚེར་སྲིན་གྱི་ནད་དུག་ནི་ནད་ཕོག་པའི་ཕྱུགས་ཀྱིས་ནད་ཕོག་མེད་པའི་ཕྱུགས་ལ་བསྒོ་བའི་འགོས་ནད་རང་བཞིན་ཅན་གྱི་ནད་དུག་ཅིག་མིན་ནོ།།

2 ནད་རྟགས།

མངོན་གསལ་གྱི་ནད་རྟགས་ནི་འགུལ་སྐྱོད་དབང་བོ་སྦྲིད་པ་སྟེ། ནད་བྱུང་མ་ཐག་ཏུ་སྐྱུག་ལྡད་དང་ཨོལ་གྲོག་རྒྱུན་ལྡན་མིན་པ་ལས་ཡི་ག་སྔར་བཞིན་རྒྱུན་ལྡན་ཡིན་ལ། རིམ་བཞིན་ཚབས་ཇེ་ཆེར་སོང་ན་ལྡད་མིད་རྩ་བ་ནས་བྱེད་མི་ནུས་བར་མཆིལ་མ་འཛགས་པ་དང་། ལྕེ་སྣར་བ། མིག་གི་རྒྱལ་མོ་ཆེར་བསྐྱེད་པ། སུག་བཞིས་འདེགས་འཇོག་མི་ནུས་པ། ས་ལ་ཉལ་ནས་ཡར་མི་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་པ་ཡིན། ཚབས་ཧ་ཅང་ཆེ་ན་མཐར་དབུགས་ཀྱི་འབྱིན་རྔུབ་ཆད་དེ་ཤི་བ་ཡིན། ན་ཡུན་ནི་ཟས་པའི་དུག་གི་མང་ཉུང་གི་དབང་དུ་འགྲོ་སྟེ། ཟོས་པ་མང་ན་དུས་ཚོད་འགའི་ནང་དུ་འཆི་བ་དང་། ཉུང་ན་ནད་རྟགས་མངོན་ཞིང་རིམ་གྱིས་སོས་སྲིད་དོ།། སྤྱིར་བཏང་གི་གནས་ཚུལ་གྱི་དབང་དུ་བཏང་ན་དུག་ཕོག་རྗེས་འཆི་ཚད་ཤིན་ཏུ་མཐོ་ཞིང་སླར་སོས་བྱུང་བ་ཉུང་ངོ་།།

3 སྔོན་འགོག

རྒྱུན་ལྡན་གྱི་འགོག་ཐབས་ལ་ཁོར་ཡུག་གཙང་སྤྲ་ལེགས་པོ་བྱེད་པ་དང་། ནད་དེས་ཤི་བའི་སྒོ་ཕྱུགས་ཀྱི་བེམ་རོ་ལ་མི་རེག་པ། གཟན་ཆས་སུ་གཟའ་ཚྭ་དང་ཀྭལ། ལིན་སོགས་རན་ཙམ་གསོས་ནས་སྟེར་བར་འཚམ་མོ།། བེམ་རོ་དང་ཀེང་རུས་སོགས་མི་གཙང་བའི་དངོས་པོ་ཟ་བར་གཡོལ་དགོས་པ་དང་། ནད་ཕོག་པའི་སྒོ་ཕྱུགས་ཀྱི་ལྕི་བ་དང་གཅིན་ལ་ཡང་ཚེར་སྲིན་མང་པོ་འདུས་པས་དུག་སེལ་བྱེད་དགོས། ནད་དེ་རྒྱུན་འབྱུང་ས་ཆར་ཤ་དུག་ཚེར་སྲིན་གྱི་འགོག་སྨན་ཁྱབ་ཆེར་བརྒྱབ་ཆོག འགོག་སྨན་ནད་མ་ཕོག་པའི་སྔོན་དུ་རྒྱག་པ་ལས་ནད་ཕོག་རྗེས་བརྒྱབ་ན་ཕན་ནུས་ཆེར་མི་འབྱུང་ངོ་།།


བརྡ་འགྲེལ་གདོང་འཛར།

ནད་དུག འགོས་ནད། ནད་ཡམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-16

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།