སྨན་ཁྲུས་རྫིང་བུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྔོ་རྨོ་དང་ལུས་ཐོག་གི་འཁྲི་འབུ་འགོག་ཆེད། ལོ་རེར་དུས་ཀྱི་ངེས་པ་ཡོད་པ་ལྟར་ལུག་ཁྱུ་ལ་སྨན་ཁྲུས་རྒྱག་བྱེད་ཀྱི་རྫིང་བུ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
སྨན་ཁྲུས་རྫིང་བུ།
ཁོངས་གཏོགས།
ཕྱུགས་ལས།
1 ངོ་སྤྲོད།

རྔོ་རྨོ་དང་ལུས་ཐོག་གི་འཁྲི་འབུ་འགོག་ཆེད། ལོ་རེར་དུས་ཀྱི་ངེས་པ་ཡོད་པ་ལྟར་ལུག་ཁྱུ་ལ་སྨན་ཁྲུས་རྒྱག་བྱེད་ཀྱི་རྫིང་བུ་ཞིག་ཡིན།

2 ​ཁྱད་ཆོས།

རྫིང་བུ་དེ་སྤྱིར་ཨར་འདམ་གྱིསབཟོས་ཤིང་། དབྱིབས་ནར་མོ་ཚུལ་ཡིན་པ་དང་། ཟབ་ཚད1mདང་རིང་ཚད10mཡས་མས་ཡོད་པ། མཐིལ་ཞེང30-50㎝ཡོད་པ་དགོས་ལ། ལུག་རྣམས་གཅིག་རྗེས་གཅིག་འབྲངས་ཚུལ་དུ་འཛུལ་ཐུབ་ཅིང་ཕྱིར་ལོག་མི་ལྕོགས་པ་ཙམ་འཚམ་མོ།། འཇུག་སྣེ་དེ་གསེག་ཟུར་གཟར་མོ་བཟོ་བ་དང་། འབུད་སྣེ་ནི་སྐས་རྐང་ལྟར་བཟོ་བ། ལུག་ལ་འཛེག་བདེ་བ་ཞིག་ཏུ་བསྐྲུན་ནོ།། འཇུག་སྣེའི་ལོགས་སུ་དྲ་མིག་ཅན་གྱི་ར་བ་བསྐོར་དགོས་ཤིང་། ལུག་ཁྱུ་ཁྲུས་ལ་འཇུག་པའི་སྒུག་ས་ཡིན་ཏེ། འབུད་སྣེ་ན་ཆུ་འཛག་སྟེགས་བུ་བཟོ་དགོས་ཤིང་། ཁྲུས་ནས་བུད་པའི་ལུག་གི་ལུས་ཐོག་སྨན་ཆུ་འཛག་པ་དེ་ཡང་བསྐྱར་རྫང་བུ་ལ་བཞུར་ཐུབ་པ་ཞིག་དགོས་པ་དང་། དེ་ནི་ཨར་འདམ་སྤྱད་ནས་བཟོ་འོས་སོ།། གཞན་དུ་སྨན་ཁྲུས་རྫང་བུའི་ལོགས་སུ་ཐབ་ཀ་འཛུགས་དགོས་ཏེ། སྨན་སྡེབ་སྤྱད་ཆུ་སྲོ་ཆོག་པ་དང་། ཉེ་ལོགས་ན་ཆུ་འདྲེན་སྦུ་གུ་ཡོད་པ་ཞིག་འཁྱོངས་དགོས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།