བྱེ་མ་ཨ་ཀྲོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོན་གྱི་དཀར་ཆག་ཁག་གི་ནང་དུ་བྱེ་མ་ཨ་ཀྲོང་ལས་བཞེངས་པའི་སྐུ་བརྙན་ཟེར་བ་མང་པོ་ཞིག་མཇལ་དུ་ཡོད་མོད། དོན་དངོས་ཐོག་ལག་ཤེས་འདི་ད་ཆ་རྩ་སྟོངས་སུ་གྱུར་པ་ལྟར་དུ་མཆིས་པ་ན་ངེད་ཕྱི་རབས་པ་རྣམས་ཀྱིས་དེ་ངོས་འཛིན་རྒྱུ་ལྟ་ཅི་ཕལ་ཆེར་རིམ་བཞིན་གོ་ཐོས་སུ་མེད་པའི་དངོས་པོ་ཞིག་ཏུ་འགྱུར་ལ་ཉེ་བས་དེའི་སྐོར་ལ་ཉམས་ཞིབ་བྱས་པའི་གནས་ཚུལ་བཀོད་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྒྱུ་རྩལ།
1 ​ངོ་སྤྲོད་མདོར་བསྡུས། 

སྔོན་གྱི་དཀར་ཆག་ཁག་གི་ནང་དུ་བྱེ་མ་ཨ་ཀྲོང་ལས་བཞེངས་པའི་སྐུ་བརྙན་ཟེར་བ་མང་པོ་ཞིག་མཇལ་དུ་ཡོད་མོད། དོན་དངོས་ཐོག་ལག་ཤེས་འདི་ད་ཆ་རྩ་སྟོངས་སུ་གྱུར་པ་ལྟར་དུ་མཆིས་པ་ན་ངེད་ཕྱི་རབས་པ་རྣམས་ཀྱིས་དེ་ངོས་འཛིན་རྒྱུ་ལྟ་ཅི་ཕལ་ཆེར་རིམ་བཞིན་གོ་ཐོས་སུ་མེད་པའི་དངོས་པོ་ཞིག་ཏུ་འགྱུར་ལ་ཉེ། ཁོ་བོས་ནི་སྤྱིར་བཏང་གི་བྱེ་མས་ཆུ་བཙིར་ནས་གོང་བུར་སྒྲིལ་བ་ཡོད་མི་སྲིད་པར་བསམ་ནས་སྔོན་གྱི་དུས་སུ་དེ་དམིགས་གསལ་གྱི་རྒྱུ་ཆ་གང་འདྲ་ཞིག་ཡིན་ནམ་སྙམ་པའི་ཡ་མཚན་ཡུན་རིང་དུ་སྐྱེ་བ་དང་ཆབས་ཅིག་རིག་དངོས་དོ་དམ་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་དུ་དོན་གནད་དེར་དོ་སྣང་བྱ་མུས་ཡིན། དེང་གི་བར་དུ་བྱེ་མ་ཨ་ཀྲོང་འདི་རེད་ཟེར་བ་དང་དངོས་པོ་མིག་མཐོང་ལག་ཟིན་གྱི་ར་འཕྲོད་པ་ཞིག་གཏན་ནས་མ་བྱུང་མོད། ཉམས་ཞིབ་བྱས་པ་འདི་འདྲ་ཙམ་ཡིན་ཏེ། ད་བར་དགོན་སྡེ་ཁག་དང་རིག་དངོས་དོ་དམ་ཚན་པ་ཁག དེ་བཞིན་མི་སྒེར་གྱི་འགྲམ་ནས་གཟུགས་བོང་དེ་ཙམ་ཆེན་པོ་མེད་པའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་ཁག་གསུམ་ཙམ་མཇལ་བྱུང་འདི་དག་གི་རྒྱུ་ཆ་བྱེ་མ་ཡིན་པ་གཏན་ཁེལ་དང་དེ་དག་ཀྱང་བརྐོས་པ་མ་ཡིན་པར་འདམ་བལ་ལྟར་བརྫིས་ནས་བཟོས་པ་ཤ་སྟག་རེད་འདུག མང་པོ་ཅིག་གིས་འཇིམ་སྐུ་མིན་ནམ་ཟེར་བ་འདྲ་འདུག་མོད། ཁོ་བོས་ནི་དེ་དག་སྔོན་གྱི་དུས་སུ་རྩ་ཆེར་འཛིན་པའི་བྱེ་མ་ཨ་ཀྲོང་དེ་ཡིན་པའི་ངོས་འཛིན་བྱ་མུས་ཡོད་དོ། ། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-14

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།