དམངས་སྲོལ་རྩད་ཞིབ་བྱེད་ཐབས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་སྲོལ་རྩད་ཞིབ་བྱ་རྒྱུ་ནི་དམངས་སྲོལ་རིག་གནས་ཞིབ་འཇུག་བྱེད་པ་རྣམས་སྐུ་དངོས་སུ་དམངས་ཁྲོད་དུ་ཕེབས་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ངག་ལས་ཞིབ་འདྲི་དང་རྩད་གཅོད། སྐབས་དེར་རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་སུ་གྱུར་བའི་དམངས་སྲོལ་དེ་དག་ཇི་བཞིན་དུ་ཡིག་ཐོག་ལ་འགོད་པའི་གོ་རིམ་དེ་ལ་གོ་དགོས།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
དམངས་སྲོལ་ཞིབ་འཇུག
1 ངོ་སྤྲོད། 

དམངས་སྲོལ་རྩད་ཞིབ་བྱ་རྒྱུ་ནི་དམངས་སྲོལ་རིག་གནས་ཞིབ་འཇུག་བྱེད་པ་རྣམས་སྐུ་དངོས་སུ་དམངས་ཁྲོད་དུ་ཕེབས་ནས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ངག་ལས་ཞིབ་འདྲི་དང་རྩད་གཅོད། སྐབས་དེར་རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་སུ་གྱུར་བའི་དམངས་སྲོལ་དེ་དག་ཇི་བཞིན་དུ་ཡིག་ཐོག་ལ་འགོད་པའི་གོ་རིམ་དེ་ལ་གོ་དགོས། རྒྱལ་ཁབ་ཕྱི་ནང་གི་དམངས་སྲོལ་མཁས་པ་ཐམས་ཅད་ཀྱིས་རྩད་ཞིབ་བྱ་རྒྱུའི་གོ་རིམ་དེ་དང་ལས་གཞི་དེ་ནི་དམངས་སྲོལ་རིག་གནས་བརྟག་དཔྱད་བྱེད་པའི་ནང་དུ་ཧ་ཅང་གཙིགས་ཆེན་ལ་འཇོག་གིན་ཡོད། དེང་སང་འཛམ་གླིང་སྟེང་ན་སྙན་གྲགས་ཤིན་ཏུ་ཆེ་བའི་དམངས་རིག་གནས་སྐོར་གྱི་ཕྱག་རྩོམ་ཕལ་ཆེ་བ་དེའང་དཀའ་སྡུག་ལ་འཇིགས་པ་མེད་པའི་རྩོམ་མཁན་དེ་དག་དུས་ཡུན་རིང་བོ་ཞིག་གི་ནང་དུ་དམངས་ཁྲོད་དུ་སྡོད་པ་དང་། ཡང་ན་ཐེངས་མང་པོར་དམངས་ཁྲོད་ལ་ཕེབས་ནས་རང་ཉིད་ཀྱིས་སྐུ་དངོས་སུ་མཐོང་ཐོས་བྱུང་བ་དེ་ཡིག་ཐོག་ལ་འཁོད་པ་དེ་ཡིན། དཔེར་ན། དགེ་འདུན་ཆོས་འཕེལ་གྱི《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ》མཛད་དུས་སུ། ཕྲན་བུ་རྒྱ་བོད་ཀྱི་ཡུལ་གྲུ་དུ་མར་འཁྱམས་པའི་སྐབས་གང་མཐོང་ཞིང་ཐོས་པའི་རིག་གནས་སྐོར་གྱི་བློ་བསྐྱེད་ཅི་ཡོད་ཕྱོགས་གཅིག་ཏུ་བསྡུས་ནས། འོལ་ཚོད་ཀྱི་ཡིན་ཐག་བཅད་པ་དང་། མང་པོ་ཞིག་ལ་མགུ་བ་བསྐྱེད་པའི་སླད་དུ་ཁུངས་མེད་ཀྱི་གཏམ་རྒྱུད་ཆེས་མཚར་མཚར་བ་དག་བྲི་བ་དང་། གཞན་གྱི་ངོ་བསྲུང་དྲགས་ཏེ་གཏམ་བདེན་པ་ཡང་སྨྲ་བའི་སྤོབས་པ་མེད་པར་རང་གི་རྩམ་ཁུག་བསྲུང་བའི་ཆེད་དུ་ཡིན་མིན་གྱི་དབྱེ་བ་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལ་རེ་བ་སོགས་དོར་ཏེ། ཤེས་རབ་ཅན་སྐྱེས་བུ་བློ་གཟུ་བོར་གནས་པ་འགའ་ཞིག་ཁོ་ནའི་ཆེད་དུ་དཀྱུས་མའི་གླེང་མོ་བཞིན་དུ་གང་རྙེད་པ་སྐབས་སྐབས་སུ་བཅུག་སྟེ་གླེགས་བམ་ཞིག་བྱེད་པར་འདོད་དོ། ། རྒྱ་ནག་གི་དམངས་སྲོལ་རིག་པ་མཁས་ཅན་ལན་ཧོས་ཞང(林惠祥)གིས། དམངས་སྲོལ་མཁས་པ་རྣམས་ཀྱིས་དམངས་སྲོལ་རྩད་ཞིབ་བྱེད་པ་ནི་གནའ་རྫས་མཁས་པ་རྣམས་ལ་གནའ་རྫས་ཇི་འདྲ་མང་ན་དེ་འདྲ་བཟང་བ་ཇི་བཞིན་དུ། དཔྱད་གཞིའི་ཡིག་ཆ་ལ་ནོར་བ་མེད་ན་ཞིབ་བཟོ་བྱེད་དགོས་པའི་ངེས་པ་མེད། དཔྱད་གཞིའི་ཡིག་ཆ་འབོར་ཆེན་ཞིག་ལྡན་ན་དམངས་སྲོལ་རིག་པའི་མཁས་པ་རྣམས་ཀྱི་དམངས་རྨང་གཞི་ཇེ་བརྟན་ཡིན། དཔེར་ན། ཁང་པ་བཟོ་བྱེད་ཀྱི་སོ་ཕག་གི་རྒྱུ་གྲུབ་པ་ལྟ་བུ། དེས་དམངས་སྲོལ་གྱི་དཔྱད་གཞི་རྩད་ཞིབ་བྱས་པའི་མི་ཐསམ་ཅད་ཀྱིས་དམངས་སྲོལ་རིག་པ་ལ་མཛད་རྗེས་བཞག་ཡོད་པ་རེད། 


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། ཞིབ་འཇུག བྱེད་ཐབས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-16

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།