གླིང་གི་དམག་ཐོབ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་གི་ཚོ་བ་སོ་སོའི་དམག་དཔུང་རྣམས་ནི་སྟོད་གླིང་གསེར་བ་ཆེ་བརྒྱད་ཀྱི་དཔོན་པོ་གསེར་བུའི་ཉི་འབུམ་དར་ཡག་དང་། བར་གླིང་འོམ་བུ་ཚོ་དྲུག་གི་དཔོན་པོ་འོམ་བུ་ཨ་ནུ་དཔའ་སེང་། སྨད་གླིང་དམུ་སྤྱང་སྡེ་བཞིའི་དཔོན་པོ་རིན་ཆེན་དར་ལི་གཙོས། གཡས་རུ་སྒ་ཡི་སྡེ་བའི་དཔོན་པོ་སྒ་བདེ་ཆོས་སྐྱོང་བེར་ནག་དང་། གཡོན་རུ་འབྲི་ཡི་སྡེ་བའི་དཔོན་པོ་ཨ་འབར་བན་ད། སྟག་རོང་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་ཨ་ཁུ་ཁྲོ་ཐུང་། ཁྲ་སྟོད་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་སྤྱི་དཔོན་ཁྲ་རྒན། དཀར་རུ་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་ལྷུན་འགྲུབ་གྲགས་པ། ནག་རུ་ཚོ་བ་བཅུ་གསུམ་གྱི་དཔོན་པོ་ཐར་བ་རྒྱལ་མཚན། འདན་མ་ཆུ་ལ་ཉིན་སྲིབ་ཀྱི་དཔོན་པོ་ཚ་ཞང་འདན་མ། རུ་ཤོག་ཚོ་ཆེན་ཉེར་ལྔའི་དཔོན་པོ་ཆོས་ལི་དར་འཕེན། འགུ་ཟི་ཨ་ལྕགས་ཤོག་དྲུག་གི་དཔོན་པོ་ཤེས་རབ་གྲགས་པ། སྐྱོ་ལོ་ཕྱུག་གི་སྡེ་བའི་དཔོན་པོ་སྟོན་པ་རྒྱལ་མཚན་བཅས་གླིང་དཔོན་པོ་བཅུ་གསུམ་དུ་གྲགས་པའི་ཚོ་དཔོན་རྣམས་ཡིན་ལ། གླིང་སྤྱིའི་དམག་སྤྱི་ལ་རྒྱལ་བོ་ཞེས་པའི་ཆོ་ལོ་སྦྱར་ཡོད་པ་དང་། ཚོ་བ་སོ་སོའི་ཚོ་དཔོན་རྣམས་ལ་གཡུལ་འཐབ་ཀྱི་དགོས་མཁོ་དང་ཐབས་ཇུས་ལྟར། སྤྱི་བབ་ཀྱི་སྟེང་ནས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་བཀོད་ཐོབ་ཐང་དང་ཆ་འདྲ་བར་གཡས་རུའི་དམག་སྤྱི་དང་། གཡོན་རུའི་དམག་སྤྱི། མདུན་རུའི་དམག་སྤྱི། དབུས་རུའི་དམག་སྤྱི་བཅས་ཀྱི་གོ་གནས་སམ་ཐོབ་བརྐོ་བཞག་བྱས་ཡོད།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
གླིང་སྒྲུང་།
1 ངོ་སྤྲོད།

གླིང་གི་ཚོ་བ་སོ་སོའི་དམག་དཔུང་རྣམས་ནི་སྟོད་གླིང་གསེར་བ་ཆེ་བརྒྱད་ཀྱི་དཔོན་པོ་གསེར་བུའི་ཉི་འབུམ་དར་ཡག་དང་། བར་གླིང་འོམ་བུ་ཚོ་དྲུག་གི་དཔོན་པོ་འོམ་བུ་ཨ་ནུ་དཔའ་སེང་། སྨད་གླིང་དམུ་སྤྱང་སྡེ་བཞིའི་དཔོན་པོ་རིན་ཆེན་དར་ལི་གཙོས། གཡས་རུ་སྒ་ཡི་སྡེ་བའི་དཔོན་པོ་སྒ་བདེ་ཆོས་སྐྱོང་བེར་ནག་དང་། གཡོན་རུ་འབྲི་ཡི་སྡེ་བའི་དཔོན་པོ་ཨ་འབར་བན་ད། སྟག་རོང་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་ཨ་ཁུ་ཁྲོ་ཐུང་། ཁྲ་སྟོད་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་སྤྱི་དཔོན་ཁྲ་རྒན། དཀར་རུ་ཤོག་ཆེན་བཅོ་བརྒྱད་ཀྱི་དཔོན་པོ་ལྷུན་འགྲུབ་གྲགས་པ། ནག་རུ་ཚོ་བ་བཅུ་གསུམ་གྱི་དཔོན་པོ་ཐར་བ་རྒྱལ་མཚན། འདན་མ་ཆུ་ལ་ཉིན་སྲིབ་ཀྱི་དཔོན་པོ་ཚ་ཞང་འདན་མ། རུ་ཤོག་ཚོ་ཆེན་ཉེར་ལྔའི་དཔོན་པོ་ཆོས་ལི་དར་འཕེན། འགུ་ཟི་ཨ་ལྕགས་ཤོག་དྲུག་གི་དཔོན་པོ་ཤེས་རབ་གྲགས་པ། སྐྱོ་ལོ་ཕྱུག་གི་སྡེ་བའི་དཔོན་པོ་སྟོན་པ་རྒྱལ་མཚན་བཅས་གླིང་དཔོན་པོ་བཅུ་གསུམ་དུ་གྲགས་པའི་ཚོ་དཔོན་རྣམས་ཡིན་ལ། གླིང་སྤྱིའི་དམག་སྤྱི་ལ་རྒྱལ་བོ་ཞེས་པའི་ཆོ་ལོ་སྦྱར་ཡོད་པ་དང་། ཚོ་བ་སོ་སོའི་ཚོ་དཔོན་རྣམས་ལ་གཡུལ་འཐབ་ཀྱི་དགོས་མཁོ་དང་ཐབས་ཇུས་ལྟར། སྤྱི་བབ་ཀྱི་སྟེང་ནས་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་བཀོད་ཐོབ་ཐང་དང་ཆ་འདྲ་བར་གཡས་རུའི་དམག་སྤྱི་དང་། གཡོན་རུའི་དམག་སྤྱི། མདུན་རུའི་དམག་སྤྱི། དབུས་རུའི་དམག་སྤྱི་བཅས་ཀྱི་གོ་གནས་སམ་ཐོབ་བརྐོ་བཞག་བྱས་ཡོད་དེ། འདིར་གསལ་བཤད་ཀྱི་དཔེ་ཞིག་དྲངས་ན། 《ཧོར་གླིང་གཡུལ་འགྱེད》དུ། རྒྱ་ཚས་དམག་བཀོད་འཐེན་སྐབས། རུ་གཡས་ཤོག་དམག་དཔོན་སེང་སྟག་གྱིས། ། དཔའ་ངར་མའི་བུ་ལ་ཁྱོད་འདྲ་མེད། ། རུ་གཡོན་ཤོག་དམག་དར་འཕེན་གྱིས། ། རྒོད་ཐག་ཆོད་བུ་ལ་ཁྱོད་འདྲ་མེད། ། རུ་དཀྱིལ་ཤོག་གུང་གི་དམག་དཔོན་དེ། ། ཉ་ཚ་ཨ་བརྟན་གྱིས་ལ་ཤོག། སྐྱེན་ཐག་ཆོད་བུ་ལ་ཁྱོད་འདྲ་མེད། ། དམག་སྤྱི་དཔོན་རྒྱ་ཚ་ང་ལ་བབས། ། ཞེས་བཀོད་པ་ལྟ་བུ་དང་། རུ་ཆེན་དེ་དག་ལའང་བྱེ་བྲག་ཏུ་མཆན་ཁེབས་དམག་དཔུང་ཞེས་རུ་ཤོག་མང་པོ་བཀར་ནས། དེའི་དམག་དཔོན་ལ་མཆན་ཁེབས་དམག་སྤྱི་ཞེས་པའི་དམག་ཐོབ་སྤྲད་ཡོད་པ་དང་། དེ་མ་ཟད། དམག་དཔོན་ནམ་ཚོ་དཔོན་རྣམས་ཀྱི་དཔའ་སྙིང་རྩལ་གསུམ་གྱི་ཁྱད་ཆོས་ལ་དམིགས་ནས་དཔའ་རྟུལ་དམ་པའི་མི་བདུན་དང་། ཞེ་རྟུལ་ཁྲ་གླག་སྤྱང་གསུམ་ཞེས་དམིགས་བསལ་གྱི་དཔའ་ཐོབ་ཆོ་ལོ་སྦྱར་ཡོད་པའོ། ། 


བརྡ་འགྲེལ་གདོང་འཛར།

གེ་སར། སྒྲུང་། དམག་དོན། དམག་ཐོབ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-16

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།