གླིང་གི་ཚོ་ཁག་མཉམ་འབྲེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་གི་ཚོ་ཁག་མཉམ་འབྲེལ།
ཚོ་ཁག་མཉམ་འབྲེལ་ནི་མི་རིགས་གྲུབ་པ་དང་རྒྱལ་ཁབ་བྱུང་བའི་རྨང་གཞིའམ་ཐོག་མའི་འཕེལ་རིམ་ཡིན་ལ། རང་རེའི་བོད་ལ་མཚོན་ནའང་གནའ་བོའི་ཡར་ཀླུང་གཙང་བོའི་རྒྱུད་དུ་ཆགས་པའི་ཚོ་བ་རྣམས་དང་། ཞང་ཞུང་གི་ཚོ་བ་རྣམས། སུམ་པའི་ཚོ་བ་རྣམས། འ་ཞ་དང་གྲུ་གུའི་ཚོ་བ་རྣམས་གཅིག་གྱུར་བྱས་ཏེ་བཙན་པོའི་རྒྱལ་ཁབ་བཙུགས་པ་དང་། མངའ་ཁོངས་དེ་དག་བདེ་འཇགས་སུ་གནས་པ་དང་། ཚོད་འཛིན་བྱེད་པར་དམིགས་ནས་ཁོ་ཚོར་སྔར་དབང་བའི་ས་ཞིང་དང་། སྒོ་ཕྱུགས་སོགས་སྒེར་བཟུང་གི་དབང་ཆ་འོས་འཚམས་ཤིག་སྤྲད་པ་དང་། དེར་མ་ཟད་སྔར་གྱི་ཚོ་ཁག་མཉམ་འབྲེལ་གྱི་རྣམ་པར་གཞིར་བཞག་གིས་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་དེ་རུས་རྒྱུད་ཚོ་བའི་དཔོན་པོ་རྣམས་ཀྱིས་ཉེས་པའི་ལས་མ་བྱས་ན། ས་ཁུལ་དེ་དག་ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་ལའང་རྒྱུད་འཛིན་གྱི་དབང་ཆ་ཡོད་པར་བྱས་ཤིང་། ལྷག་པར་དུ། བོད་ཀྱི་ཡུལ་ཁམས་ཁ་འཐོར་ཡིན་པ་དང་ས་རྒྱ་ཆེ་བའི་གནས་བབ་ལ་དམིགས་ནས། སྟོད་ཀྱི་ཞང་ཞུང་དང་སྨད་ཀྱི་སུམ་པ་གཉིས་ཀྱང་སྟོང་སྡེ་བཅུ་གསུམ་དུ་བཅད་དེ་ཚོ་ཁག་མཉམ་འབྲེལ་གྱི་ཚུལ་དུ་དམག་ཤུགས་གཅིག་སྡུད་བྱས་ཡོད་པ་ལྟ་བུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
岭国部落联盟
ཁོངས་གཏོགས།
གེ་སར་སྒྲུང་།
1 ​ངོ་སྤྲོད།

ཚོ་ཁག་མཉམ་འབྲེལ་ནི་མི་རིགས་གྲུབ་པ་དང་རྒྱལ་ཁབ་བྱུང་བའི་རྨང་གཞིའམ་ཐོག་མའི་འཕེལ་རིམ་ཡིན་ལ། རང་རེའི་བོད་ལ་མཚོན་ནའང་གནའ་བོའི་ཡར་ཀླུང་གཙང་བོའི་རྒྱུད་དུ་ཆགས་པའི་ཚོ་བ་རྣམས་དང་། ཞང་ཞུང་གི་ཚོ་བ་རྣམས། སུམ་པའི་ཚོ་བ་རྣམས། འ་ཞ་དང་གྲུ་གུའི་ཚོ་བ་རྣམས་གཅིག་གྱུར་བྱས་ཏེ་བཙན་པོའི་རྒྱལ་ཁབ་བཙུགས་པ་དང་། མངའ་ཁོངས་དེ་དག་བདེ་འཇགས་སུ་གནས་པ་དང་། ཚོད་འཛིན་བྱེད་པར་དམིགས་ནས་ཁོ་ཚོར་སྔར་དབང་བའི་ས་ཞིང་དང་། སྒོ་ཕྱུགས་སོགས་སྒེར་བཟུང་གི་དབང་ཆ་འོས་འཚམས་ཤིག་སྤྲད་པ་དང་། དེར་མ་ཟད་སྔར་གྱི་ཚོ་ཁག་མཉམ་འབྲེལ་གྱི་རྣམ་པར་གཞིར་བཞག་གིས་ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུ་བཅད་དེ་རུས་རྒྱུད་ཚོ་བའི་དཔོན་པོ་རྣམས་ཀྱིས་ཉེས་པའི་ལས་མ་བྱས་ན། ས་ཁུལ་དེ་དག་ཁོ་ཚོའི་བུ་རབས་ཚ་རྒྱུད་རྣམས་ལའང་རྒྱུད་འཛིན་གྱི་དབང་ཆ་ཡོད་པར་བྱས་ཤིང་། ལྷག་པར་དུ། བོད་ཀྱི་ཡུལ་ཁམས་ཁ་འཐོར་ཡིན་པ་དང་ས་རྒྱ་ཆེ་བའི་གནས་བབ་ལ་དམིགས་ནས། སྟོད་ཀྱི་ཞང་ཞུང་དང་སྨད་ཀྱི་སུམ་པ་གཉིས་ཀྱང་སྟོང་སྡེ་བཅུ་གསུམ་དུ་བཅད་དེ་ཚོ་ཁག་མཉམ་འབྲེལ་གྱི་ཚུལ་དུ་དམག་ཤུགས་གཅིག་སྡུད་བྱས་ཡོད་པ་ལྟ་བུ། དེ་འདྲའི་ཆབ་སྲིད་ཀྱི་དགོས་མཁོས་གཏན་ལ་ཕབ་པའི་སྤྱི་ཚོགས་ཀྱི་སྒྲིག་གཞིའི་རྣམ་པ་དེ། ལོ་ངོ་བརྒྱ་ཕྲག་དུ་མའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་ཏུ་གྱུར་པས། ད་ལྟའང་བོད་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་ས་ཆ་ཀུན་ན་ཚོ་ཁག་མཉམ་འབྲེལ་གྱི་སྣང་ཚུལ་མཐོང་ཆོས་སུ་ཡོད་དེ། དཔེར་ན། ཞང་ཞུང་དང་མདོ་སྨད་ཡུལ་དུ་ཡོད་པའི་ཁྱུང་བོ་དཀར་ནག་སེར་གསུམ་གྱི་སྡེ་ཚོ་རྣམས་དང་། ནགས་ཤོད་ཚོ་དྲུག མགོ་ལོག་ཁག་གསུམ། ཡུལ་ཤུལ་གྱི་དིམ་ཆུ་ཉི་ཤུ་རྩ་ལྔ། སི་ཁྲོན་གྱི་དབལ་ཤུལ་ཁག་གསུམ། མཛོ་དགེ་ཤོག་ཁ་བཅུ་གཉིས། ཁ་གྱ་ཚོ་དྲུག རེབ་གོང་ཤོག་ཁ་བཅུ་གཉིས་སོགས་ལྟ་བུ་སྟེ། ཚོ་ཁག་འདི་དག་ལ་མཚོན་ན་ལ་ལ་ཞིག་ཉེ་ཚན་མ་ཡིན་པའི་ཚོ་ཁག་མཉམ་འབྲེལ་གྱི་ཚུལ་དུ་གནས་པ་ཞིག་སྟེ། མཐར་གཏུགས་ན་ས་གནས་བཅད་བཟུང་གི་ཚུལ་དུ་སྡོད་པའི་ཚོ་བ་ཕན་ཚུན་བར་གནས་བབ་བདེ་འཇགས་ཡོང་བ་དང་། ཡང་ན་ཕྱིའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ཆེད་དུ་ཉེ་འབྲེལ་གྱི་འབྲེལ་བ་རྒྱུན་འཁྱོངས་བྱས་པ་དང་། ཆེད་དུ་ཚོ་མཐུན་བསྒྲིགས་ཏེ་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པར་དམིགས་པ་གསལ་བོར་མཚོན་ཡོད། གེ་སར་སྒྲུང་ལས་མངོན་པའི་གླིང་གི་ཚོ་བ་རྣམས་དང་། ཕྱིའི་ཚོ་བ་ཕན་ཚུན་བར་གྱི་མཉམ་འབྲེལ་དམིགས་ཡུལ་དང་ཁྱད་ཆོས་ལ་དཔྱད་ནའང་དམག་ཤུགས་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་བྱ་རྒྱུ་ཁ་ཕྱོགས་གཙོ་བོར་བཟུང་ཡོད། 


བརྡ་འགྲེལ་གདོང་འཛར།

གླིང་། གེ་སར། སྲིད་འཛིན། ལམ་ལུགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-16

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།