ཝེར་མ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝེར་མ།
ཝེར་མ་ཞེས་པ་ནི། དགྲ་བླ་དང་གཉེན་གྱི་ཚུལ་དུ་བྱུང་བའི་ལྷ་སྲུང་གི་རིགས་ཤིག་སྟེ། དེ་ཡང《ཝེར་མ་གཉན་གྱི་གཞུང》ལྟར་ན། སྔོན་ལྷ་སྲས་དབོན་སྲས་གསུམ་གྱི་རྫུ་འཕྲུལ་ལས། ནམ་མཁའ་སྟོང་བའི་དབྱིངས་ནས་རིན་ཆེན་སྣ་ལྔའི་སྒོ་ང་ཞིག་རང་བཞིན་གྱིས་བརྡོལ་བའི་སྙིང་བོ་ལས། རྫུ་འཕྲུལ་གྱི་མི་དབལ་ཆེན་ཝེར་མ་ཉི་ཉ་ཞེས་སུ་གྲགས། སེང་གེ་མགོ་བོ་དབྱི་ཡི་རྣ་བ་དང་ལྡན་པ། ཁྲོ་བའི་གདོང་ལ་གླང་ཆེན་གྱི་སྣ་ཞགས་དང་ལྡན་པ། ཆུ་སྲིན་གྱི་ཞལ་ལ་རྒྱ་སྟག་གི་མཆེ་བ་དང་ལྡན་པ། རལ་གྲིའི་རྐང་པ་ལ་ཆུ་གྲིའི་གཤོག་པ་ལྡན་པ། ཁྱུང་ཆེན་གྱི་རྭ་དབལ་ལ་ཡིད་བཞིན་ནོར་བུའི་དབུ་རྒྱན་དང་ལྡན་པ་ཞིག་བྱུང་བ་དེ། ཝེར་མ་དང་བསྡེབས་པ་ལས་ལྷའི་ཝེར་མ་བདུད་འདུལ་སྲིད་པ་དང་། གཉན་དང་བསྡེབས་པ་ལས་གཉན་གྱི་ཝེར་མ་བདུད་འདུལ་སྲིད་པ་དང་། ཁྱུང་དང་བསྡེབས་པ་ལས་ཁྱུང་གི་ཝེར་མ་ཀླུ་འདུལ་སྲིད་པ་དང་། སེང་དང་བསྡེབས་པ་ལས་དཔའ་ཝེར་མ་མཆེད་གསུམ་སྲིད་ཅིང་། དེ་དག་ལས་ཝེར་མ་དཔའ་བོའི་ཁྲོམ་མམ་ཝེར་མའི་དམག་ཚོགས་ཉི་ཁྲི་དགུ་འབུམ་དང་བཅས་པ་གྲོལ་ཏེ། དགྲ་བགེགས་ལོག་པར་འདྲེན་པའི་གཉེན་པོར་བྱུང་བ་ཡིན་པར་གྲགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
威尔玛
ཁོངས་གཏོགས།
གེ་སར་སྒྲུང་།
1 ​ངོ་སྤྲོད།

ཝེར་མ་ཞེས་པ་ནི། དགྲ་བླ་དང་གཉེན་གྱི་ཚུལ་དུ་བྱུང་བའི་ལྷ་སྲུང་གི་རིགས་ཤིག་སྟེ། དེ་ཡང《ཝེར་མ་གཉན་གྱི་གཞུང》ལྟར་ན། སྔོན་ལྷ་སྲས་དབོན་སྲས་གསུམ་གྱི་རྫུ་འཕྲུལ་ལས། ནམ་མཁའ་སྟོང་བའི་དབྱིངས་ནས་རིན་ཆེན་སྣ་ལྔའི་སྒོ་ང་ཞིག་རང་བཞིན་གྱིས་བརྡོལ་བའི་སྙིང་བོ་ལས། རྫུ་འཕྲུལ་གྱི་མི་དབལ་ཆེན་ཝེར་མ་ཉི་ཉ་ཞེས་སུ་གྲགས། སེང་གེ་མགོ་བོ་དབྱི་ཡི་རྣ་བ་དང་ལྡན་པ། ཁྲོ་བའི་གདོང་ལ་གླང་ཆེན་གྱི་སྣ་ཞགས་དང་ལྡན་པ། ཆུ་སྲིན་གྱི་ཞལ་ལ་རྒྱ་སྟག་གི་མཆེ་བ་དང་ལྡན་པ། རལ་གྲིའི་རྐང་པ་ལ་ཆུ་གྲིའི་གཤོག་པ་ལྡན་པ། ཁྱུང་ཆེན་གྱི་རྭ་དབལ་ལ་ཡིད་བཞིན་ནོར་བུའི་དབུ་རྒྱན་དང་ལྡན་པ་ཞིག་བྱུང་བ་དེ། ཝེར་མ་དང་བསྡེབས་པ་ལས་ལྷའི་ཝེར་མ་བདུད་འདུལ་སྲིད་པ་དང་། གཉན་དང་བསྡེབས་པ་ལས་གཉན་གྱི་ཝེར་མ་བདུད་འདུལ་སྲིད་པ་དང་། ཁྱུང་དང་བསྡེབས་པ་ལས་ཁྱུང་གི་ཝེར་མ་ཀླུ་འདུལ་སྲིད་པ་དང་། སེང་དང་བསྡེབས་པ་ལས་དཔའ་ཝེར་མ་མཆེད་གསུམ་སྲིད་ཅིང་། དེ་དག་ལས་ཝེར་མ་དཔའ་བོའི་ཁྲོམ་མམ་ཝེར་མའི་དམག་ཚོགས་ཉི་ཁྲི་དགུ་འབུམ་དང་བཅས་པ་གྲོལ་ཏེ། དགྲ་བགེགས་ལོག་པར་འདྲེན་པའི་གཉེན་པོར་བྱུང་བ་ཡིན་ནོ་ཞེས་གསུངས་ནས། ཝེར་མའི་མེས་པོའང་ཐོག་མ་དེ་དཔལ(མཐུ)ཆེན་ཝེར་མ་ཉི་ཉ་ཞེས་བྱ་བ། བྱད་གཟུགས་སྲོག་ཆགས་སྣ་ཚོགས་ཀྱི་ཡན་ལག་དང་ཉིང་ལག་ལས་གྲུབ་པའི་ཡ་མ་བརླའི་གཟུགས་ཅན་ཞིག་ཡིན་པར་བརྗོད་ཅིང་། དེ་ཉིད་ཝེར་མ་དང་། གཉན། ཁྱུང་། སེང་སོགས་སེམས་ཅན་འགའ་ཞིག་དང་འདུས་པ་ལས། ཝེར་མའི་འཁོར་རམ་དམག་ཚོགས་གྲངས་ཀྱིས་མི་ཟིན་པ་གྲོལ་བར་བཤད་ཡོད་པ་རེད།

2 གེ་སར་སྒྲུང་གི་ཝེར་མ།

ཝེར་མ་ནི་དགྲ་ལྷ་དང་མཉམ་གནས་ཀྱི་ཚུལ་དུ་གནས་ཏེ། གེ་སར་རྒྱལ་བོས“དགྲ་ལྷ་ཝེར་མའི་འཁོར་དང་བཅས། ། དེ་རིང་སྐྱེས་བུའི་གྲོགས་ལ་བྱོན”ཞེས་དུས་རྒྱུན་དུ་ལྷ་འབོད་གཏོང་བཞིན་ཡོད་པར་མ་ཟད། ཝེར་མའི་གྲངས་ལའང“ནམ་མཁའ་གང་བའི་ཝེར་མ་དང་། ། བར་སྣང་གང་བའི་ཝེར་མ་དང་། ། ས་གཞི་གང་བའི་ཝེར་མ་སོགས། ། ཝེར་མ་སུམ་བརྒྱ་དྲུག་ཅུ་དང”ཞེས་ཝེར་མའི་མེས་པོ་མཐུ་ཆེན་ཉི་ཉའམ་མཐུ་ཆེན་མགོན་པོ་ལྕམ་དྲལ་ཞེས་པ་ལས་རིམ་པར་མཆེད་པའི་ཝེར་མའི་དམག་ཚོགས་སུམ་བརྒྱ་དྲུག་ཅུ་དང་། དེ་ལས་རིམ་པར་མཆེད་པའི་ཝེར་མའི་དམག་ཚོགས་ཉི་ཁྲི་དགུ་འབུམ་དུ་གྲགས་པའི་ཝེར་མ་གྲངས་ཀྱིས་མི་ཟིན་པ་ལྟ་བུར་སྣང་མོད་ཀྱི། ཞིབ་ཏུ་བརྟགས་ན། གེ་སར་རྒྱལ་པོས་རྒྱུན་དུ་བསྟེན་པའི་དགྲ་བླ་བཅུ་གསུམ་དང་འདྲ་བར། ཝེར་མ་ལའང“དགྲ་ལྷའི་ཁྲ་ཚང་འགབ་མ་ནས། ། ནམ་མཁའི་ཝེར་མ་འབྲུག་བཅིབས་གཅིག བར་སྣང་ཝེར་མ་གློག་བཅིབས་གཉིས། ། ས་གཞིའི་ཝེར་མ་གླང་བཅིབས་གསུམ། ། གངས་དཀར་ཝེར་མ་སེང་བཅིབས་བཞི། ། བྲག་དཀར་ཝེར་མ་རྒོད་བཅིབས་ལྔ། ། རྫ་ཁའི་ཝེར་མ་ཤ་བཅིབས་དྲུག སྤང་ཐང་ཝེར་མ་རྐྱང་བཅིབས་བདུན། ། ཐང་ཆེན་ཝེར་མ་འབྲོང་བཅིབས་བརྒྱད། ། ནགས་ཚལ་ཝེར་མ་སྟག་བཅིབས་དགུ། ། ཆུ་བོའི་ཝེར་མ་ཉ་བཅིབས་བཅུ། ། གཡའ་སྤང་ཝེར་མ་ཡུ་མོར་བཅིབས། ། མཚོན་ཆེན་ཝེར་མ་ཆུ་སྲིན་བཅིབས། ། གཡའ་སའི་ཝེར་མ་སྤྲེལ་བཅིབས་བཅས། ། སྲིད་པའི་ཝེར་མ་བཅུ་གསུམ་པོ”

མཆན། འདི་དག་ནི《ཙ་རི་སྨན་རྫོང》དང《ཧོར་གླིང་གཡུལ་འགྱེད》(སྟོད་ཆ)ལས་བསྡུས་ཏེ་གཅིག་གྱུར་བྱས། རྒྱུན་དུ་བསྟེན་པའི་ཝེར་མ་བཅུ་གསུམ་ལས་མེད་པ་རེད་དོ། ། 


བརྡ་འགྲེལ་གདོང་འཛར།

ཝེར་མ། གེ་སར། སྒྲུང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-18

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།