ཝ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝ་ལོ།
ཁོང་ནི་སྤྱི་ལོ་སྔོན116-27ལོའི་བར་དུ་འཁྲུངས་ཤིང་། གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་པ་སྙན་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瓦罗
ཕྱི་ཡིག་གི་མིང་།
Marcus Terentius Varro
རྒྱལ་ཁབ།
རོ་མ་རྒྱལ་ཁབ།
འཐུས་ཚབ་བརྩམས་ཆོས།
《ལ་ཏིང་སྐད་ཀྱི་ཞིབ་འཇུག》དང《ཞིང་ལས་རྣམ་བཤད》སོགས་ཡོད།
ལས་རིགས།
སྐད་བརྡ་རིག་པ་བ། ཞིང་ལས་རིག་པ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ་སྔོན(116-27)
1 ​ངོ་སྤྲོད་མདོར་བསྡུས།

ཝ་ལོ(Marcus Terentius Varro)ནི་སྤྱི་ལོ་སྔོན116-27ལོའི་བར་དུ་འཁྲུངས་ཤིང་། གནའ་བོའི་རོ་མ་རྒྱལ་ཁབ་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་པ་སྙན་གྲགས་ཅན་ཞིག་ཡིན། ཁོ་ནི་དུས་སྐབས་དེར་རང་ཉིད་ལ་བརྩམས་ཆོས་ཡོད་པ་མ་ཟད། མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ་ཡོང་བའི་ལ་ཏིང་གི་སྐད་ལ་ཞིབ་འཇུག་བྱེད་མཁན་ཉག་ཅིག་ཡིན།ཁོང་ནི་ཤེས་རིག་གི་གཏིང་ཟབ་མོ་ལྡན་པ་ཞིག་དང་དགའ་ཕྱོགས་རྣམ་པ་སྣ་ཚོགས་ལྡན་པ་ཞིག་ཡིན་ལ། བརྩམས་ཆོས་ཀྱང་ཤིན་ཏུ་མོད་པོ་ཡོད། ཁྱོན་བསྡོམས་པའི་དཔེ་ཆ490ལྷག་བྲིས་མྱོང་བ་དང་། དེའི་ནང་དུ་གཙོ་བོ་སྐད་བརྡ་དང་ཞིང་ལས། གནའ་རྫས། རྩོམ་རིག བཅའ་ཁྲིམས། ལོ་རྒྱུས་སོགས་འདུ། འོན་ཀྱང་དེ་དག་སྐད་བརྡ་རིག་པའི་བརྩམས་ཆོས་དང་ཞིང་ལས་རིག་པའི་བརྩམས་ཆོས་མ་གཏོགས་གཞན་དག་ད་ལྟ་མཐོང་རྒྱུ་མི་འདུག དེབ་ཁག་དེ་གཉིས་ནི་ཁོང་དགུང་བརྒྱད་ཅུ་ལོན་པའི་རྗེས་ནས་བྲིས་པ་ཞིག་རེད། དེར་གཟིགས་འདོད་ལ་ད་ལྟ་དྲ་ཐོག་ཏུ་བཙལ་ན་རྙེད་ཐུབ།

.jpg

              《ལ་ཏིང་སྐད་ཀྱི་ཞིབ་འཇུག》

ཝ་ལོ་ཡི་སྐད་བརྡ་རིག་པའི་དེབ་ཚོགས་དེའི་མིང་ལ《ལ་ཏིང་གི་སྐད་རིག་ལ་དཔྱད་པ》འམ་ཡང་ན།《ལ་ཏིང་སྐད་ཀྱི་ཞིབ་འཇུག》ཟེར། ཁྱོན་གླེགས་བམ་25ལྷག་ཡོད། ད་ལྟ་གླེགས་བམ6མ་གཏོགས་མཐོང་རྒྱུ་མི་འདུག སྐད་བརྡ་རིག་པ་ལའོ་པཱན་སི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གླེགས་བམ་དང་པོ་ནི་གླེང་གཞིའི་རིམ་པ་དང་། གླེགས་བམ2-7པ་ནི་ཚིག་གི་འབྱུང་ཁུངས་ལ་དཔྱད་པའི་རིམ་པ། གླེགས་བམ8-10ནི་མིང་ཚིག་གི་འགྱུར་ལྡོག་དང་བྱ་ཚིག་གི་འགྱུར་ལྡོག་ལ་དཔྱད་པའི་རིམ་པ་ཡིན། གླེགས་བམ14-24ནི་ཚིག་སྦྱོར་གྱི་རྣམ་གཞག་གི་རིམ་པ་ཡིན།  ཡིན་ཡང་ད་ལྟ་མཐོང་རྒྱུ་ཡོད་པ་ནི་གླེགས་བམ5-10མ་གཏོགས་གཞན་དག་ལེ་ཚན་ཁ་མི་ཚང་བ་དང་།ནང་དོན་ཆད་སྐྱོན་ཤོར་བ་སོགས་ཐ་ན་མཐོང་དཀའོ། །

.jpg

       《ཞིང་ལས་རྣམ་བཤད》

གཞན་ཝ་ལོ་ལ་ད་དུང་ཞིང་ལས་རིག་པའི་སྐོར་གྱི་གསུང་འབུམ་གསུམ་ཡོད། དེ་ནི་འཇར་པན་པ་ཧེ་ནེ་རེ་ཆི་ཁའེ་ལི(Heinrich Keil(1822-1894))ཡིས་འཚོལ་སྡུད་བྱས་ཏེ་ལ་ཏིང་གི་ཡི་གེ་ལམ་ནས་པར་དུ་བསྐྲུན་པ་དེ་ཡིན།(སྤྱི་ལོ1889ལོར་ལི་པའེ་ཞི་ནས་པར་དུ་བསྐྲུན་པ) དེབ་འདིའི་ནང་དོན་ཐད་ནས་བལྟས་ན། དཔྱིད་ཀའི་འདེབས་འཛུགས་དང་། དབྱར་ཁརཞིང་ལ་ཡུར་མ་ཡར་ཚུལ། སྟོན་སྡུད། དགུན་ཉར། སྲོལ་རྒྱུན་གྱི་ལག་ཤེས་སྣ་ཚོགས་དང་། འཁེལ་འཐག ཆང་ཙག་པ། ད་དུང་སྲོག་ཆགས་དང་རྩི་ཤིང་གི་རིགས་སོགས་མང་པོ་འདུས་ཡོད་པས། དེ་ནི་ཞིང་ལས་སྤྱི་ཚོགས་རིག་པའི་ཤེས་བྱ་ཀུན་ཁྱབ་ཅིག་ཡིན། གླེགས་བམ་འདི་གསུམ་པོ་རྒྱའི་མཁས་པ་ཝང་ཅ་རའེས(王家绶)དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་གནང་མཛད་དེ། གླེགས་བམ་གྱི་མིང་ལ《ཞིང་ལས་རྣམ་བཤད》ཟེར་ཞིང་། སྤྱི་ལོ1981ལོར་ཚོང་དོན་དཔར་འདེབས་ཁང་ནས་ཐོག་མར་པར་དུ་བསྐྲུན། དེ་རྗེས་ནས་སྤྱི་ལོ2010ལོར་འཇར་མན་གྱི་ན་འབུར(纳布)དཔེ་སྐྲུན་ཁང་ནས་ནས་ཡང་བསྐྱར་པར་དུ་བསྐྲུན། ཝ་ལོ་ནི་ཞི་སའེ་རོའི(Lucilius)གྲོགས་པོ་ཡིན་པ་དང་། ཁོང་གཉིས་ཀྱིས་དུས་རྒྱུན་དུ་འཕྲིན་ཡིག་འབོར་ཆེན་སྤྲིངས་ཏེ་ཕུན་ཚུན་བར་འགྲོ་འོང་བྱེད་ཀྱིན་ཡོད། ཁོ་དང་ཁའེ་སཱ(Caesar)དང་ཕཱང་ཕེ (Pompey)སོགས་ཀྱི་བར་དུའང་འབྲེལ་འདྲིས་ཟབ་མོ་ཡོད་དེ། ཁོ་དམག་དཔོན་ཕཱང་ཕེ་ཡིས་བཀའ་བཞིན་སི་ཕེན་དུ་ཆས། ཁོ་དང་ཞི་སའེ་རོ(Cicero ) དང་ལུའུ་ཞའེ་ལིག་སི(Lucilius )གསུམ་ནི་སི་ཏེ་ལའོ་ཡི(Lucius Aelius Stilo)དངོས་སློབ་ཡིན། སི་ཏེ་ལའོ་ནི་ཀེ་རི་སེའི་མཚན་ཉིད་རིག་པ་བ་དང་སྐད་བརྡ་རིག་པ་ཁིག་ལཱ་ཏིག་སི (Crates)ཡི་དངོས་སློབ་ཡིན་ལ། ཁོས་སྐད་བརྡ་རིག་པའི་རིག་གཞུང་འདི་གནའ་བོའི་རོ་མ་རྒྱལ་ཁབ་ལ་དར་ཁྱབ་ཏུ་བཏང་བ་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-04

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།