པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག
པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག་ནི་ཨ་རིའི་ཉིའུ་ཡོག་མངའ་ཁུལ་གྱི་ཉིའུ་ཡོག་གྲོང་ཁྱེར་པུའུ་ལུའུ་ཁུ་ལིན་ཁུལ་དུ་ཡོད་པའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ། སྤྱི་ལོ1967ལོར་བཙུགས་ཤིང་སྤྱི་ལོ1976ལོར་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མནའ་འབྲེལ་གྱི་ནུབ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
布鲁克林篮网队
ཕྱི་ཡིག་གི་མིང་།
Brooklyn Nets
ཆགས་ཡུལ།
ཨ་རིའི་ཉིའུ་ཡོག་མངའ་ཁུལ་གྱི་ཉིའུ་ཡོག་གྲོང་ཁྱེར་པུའུ་ལུའུ་ཁུ་ལིན་ཁུལ།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
སྨི་ཧཱ་ཡི་ཨེར•ཕུའུ་ལུའོ་ཧུའོ་ལུའོ་ཧྥུའུ།
དབུ་བརྙེས་པའི་དུས།
སྤྱི་ལོ1967ལོ།
འབྲེལ་ཡོད་གྲགས་ཅན་མི་སྣ།
ཏུ་ལུང•བེ་ལེན་མུའུ་སི། ཆའོ•ཡུའེ་ཧན་ཞུང་། པུའུ་ལུའུ་ཁུ•ལུའོ་ཕེ་ཚི།
1 ​རུ་ཁག་གི་ལོ་རྒྱུས།

པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག་ནི་ཨ་རིའི་ཉིའུ་ཡོག་མངའ་ཁུལ་གྱི་ཉིའུ་ཡོག་གྲོང་ཁྱེར་པུའུ་ལུའུ་ཁུ་ལིན་ཁུལ་དུ་ཡོད་པའི་སྐྱེས་པའི་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ། སྤྱི་ལོ1967ལོར་བཙུགས་ཤིང་སྤྱི་ལོ1976ལོར་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མནའ་འབྲེལ་གྱི་ནུབ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་དུ་གཏོགས། 

པུའུ་ལུའུ་ཁུ་ལིན་གཟེབ་དྲ་རུ་ཁག་ནི་སྔོན་ཞིན་ཙུ་ཞི་གཟེབ་དྲ་རུ་ཁག་ཞུ་བ་དེ་ཡིན་པ་དང་སྤྱི་ལོ1976ལོརNBAམནའ་འབྲེལ་དུ་ཞུགས། སྤྱི་ལོ་1967ལོ་ནས་སྤྱི་ལོ1968ལོའི་བར་དུ་རུ་ཁག་གི་མིང་ལ་ཞིན་ཙུ་ཞི་མེ་གླིང་མིའི་རུ་ཁག་ཟེར་ཞིང་སྤྱི་ལོ1968ལོ་ནས་སྤྱི་ལོ1977ལོའི་བར་དུ་རུ་ཁག་གི་མིང་དེ་ཉིའུ་ཡོག་གཟེབ་དྲ་རུ་ཁག་ཏུ་བརྗེ། སྤྱི་ལོ1977ལོ་ནས་སྤྱི་ལོ2012ལོའི་བར་དུ་ཞུན་ཙུ་ཞི་གཟེབ་དྲ་རུ་ཁག་ཏུ་བརྗེ། སྤྱི་ལོ2012ལོ་ནས་བཟུང་ད་གཟོད་རུ་ཁག་གི་མིང་དེ་ཉིད་པུའུ་ལུའུ་ཁུ་ལིན་གཟེབ་དྲའི་རུ་ཁག་ཏུ་བརྗེ་བ་དང་ད་ལྟའི་བར་དུ་མིང་དེ་སྤྱོད་བཞིན་ཡོད། 

པུའུ་ལུའུ་ཁུ་ལིན་གཟེབ་དྲ་ཉིད་ཐོག་མ་ནསABAམནའ་འབྲེལ་གྱི་རུ་ཁག་དག་གི་གྲས་སུ་ཡོད་པ་དང་ལོ་རབས་བདུན་ཅུའི་ནང་དུ་ཨ་རིའི་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་ཀྲུའུ་ལི་ཡེ་སི•ཨོའུ་ཝུན་རུ་ཁག་དེ་རུ་ཞུགས་པས་སྟོབས་ཤུགས་ཆེ་རུ་འཕེལ། དེ་མིན་ལཱ་ལི•ཁའེ་ནུང་སོགས་གཟེབ་གྲུག་ལུས་རྩལ་པ་གསར་བ་འགའ་རུ་ཁག་ཏུ་ཞུགས་པ་དང་སྤྱི་ལོ1973ལོ་ནས་སྤྱི་ལོ1974ལོའི་འགྲན་ཚིགས་དང་སྤྱི་ལོ1975ལོ་ནས་སྤྱི་ལོ1976ལོའི་འགྲན་ཚིགས་སུ་གཟེབ་དྲ་རུ་ཁག་གིས་ཁུན་ཐཱ་ཅིའི་མི་རུ་ཁག་ལས་རྣམ་པར་རྒྱལ་ཏེABAརྟིང་རྩོད་འགྲན་སྡུར་དུ་ཞུགས་པ་དངABAརྟིང་རྩོད་འགྲན་སྡུར་ལས་ཀྱང་ཡོའུ་ཐཱ་སྐར་ཆེན་རུ་ཁག་ཕམ་པར་བྱས་ཏེABAཡི་རྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས་ཐེངས་གཉིས་ལ་བླངས།.jpg། 

སྤྱི་ལོ1975ལོར་གཟེབ་དྲ་རུ་ཁག་གིསNBAམནའ་འབྲེལ་དུ་ཞུགས་རྒྱུའི་རེ་ཞུ་ཡི་གེ་ཕུལ་བ་དང་ལོ་དེར་ཨ་སྒོར་ཁྲི320སྤྲད་ནསNBAམནའ་འབྲེལ་དུ་ཞུགས། མནའ་འབྲེལ་དུ་ཐོག་མར་ཞུགས་པའི་སྐབས་སུ་རུ་ཁག་དེ་རུ་མིང་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་འགའ་རེ་ཞུགས་ནའང་གྲུབ་འབྲས་དེ་འདྲ་ལེགས་པོ་མ་ལོན། སྤྱི་ལོ2001ལོ་སྤྱི་ལོ2002ལོའི་འགྲན་ཚིགས་སུ་རུ་ཁག་དེའི་ལོ་རྒྱུས་སྟེང་ཆེས་ལེགས་པའི་གྲུབ་འབྲས་བླངས། གཟེབ་གྲུག་རུ་ཁག་དེ་ཉིད་ཨ་རིའི་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་ཅཱ་སེན•ཅི་ཏིས་སྣེ་ཁྲིད་བྱས་ནསNBAརྟིང་རྩོད་འགྲན་སྡུར་དུ་ཚུད། ཡིན་ཡང་སྟོབས་ཤུགས་ཧེ་བག་གིས་ལུའོ་ཧྲན་ཅིའི་མཚོ་མི་རུ་ཁག་ལས་ཕམ་པར་གྱུར། དེའི་རྗེས་སུ་ཅཱ་སེན•ཅི་ཏི་རུ་ཁག་ལས་བྲལ་བས་རུ་ཁག་གིས་སྟོབས་ཤུགས་ཀྱང་ཇེ་ཞན་དུ་གྱུར། སྤྱི་ལོ2012ལོ་སྤྱི་ལོ2013ལོའི་འགྲན་ཚིགས་སུ་ཆའོ•ཡའེ་ཧན་ཞུང་དང་ཅེ་ལཱ་ཏི•ཧྭ་ལའེ་ཧྲི། ཏི་ལུང•བིའེ་ལིན་མུའུ་སི་སོགས་ཀྱིས་སྣེ་ཁྲིད་ནསNBAཡི་མཇུག་མཐའི་འགྲན་ཚིགས་སུ་ཚུད། དེའི་རྗེས་སུ་ཐེངས་འགའ་ལ་ཚུད་ཀྱང་གྲུབ་འབྲས་ཆེར་མ་ལོན། ད་ལྟ་གཟེབ་དྲ་རུ་ཁག་དེ་ཉིད་ཏི་ཨན་ཅི་ལུའོ•ལཱ་སའེ་ཨེར་དང་སི་པིན་སུ•ཏིང་བེ་ཏེང་སོགས་ཀྱི་སྣེ་ཁྲིད་འོག་ཏུNBAམནའ་འབྲེལ་གྱི་སྟོབས་ཤུགས་ཅན་གྱི་རུ་ཁག་ཞིག་ཏུ་ཆགས་ཡོད།

2 གྲུབ་འབྲས།

སྤྱི་ལོ1973ལོ་ནས་སྤྱི་ལོ1974ལོའི་འགྲན་ཚིགས་སུABAཡི་རྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས།

སྤྱི་ལོ1975ལོ་ནས་སྤྱི་ལོ1976ལོའི་འགྲན་ཚིགས་སུABAཡི་རྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས།

སྤྱི་ལོ2001ལོ་ནས་སྤྱི་ལོ2002ལོའི་འགྲན་ཚིགས་སུNBAཡི་ཤར་རྒྱུད་འགྲན་ཁུལ་རྟིང་རྩོད་འགྲན་སྡུར་གྱི་གསེར་གྱི་རྟགས་མ་བླངས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-03-13

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།