ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག
ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག་ནི་ཁཱ་ན་ཏའི་ཨན་ཏཱ་ལུའེ་ལྟེ་གནས་གྲོང་ཁྱེར་ཏུའོ་ལུན་ཏུའོ་རུ་ཡོད་པའི་ཆེད་ལས་ཅན་གྱི་གཟེབ་གྲུག་རུ་ཁག་ཅིག་ཡིན། སྤྱི་ལོ1995ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མནའ་འབྲེལ་གྱི་ནུབ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་དུ་་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
多伦多猛龙队
ཕྱི་ཡིག་གི་མིང་།
Toronto Raptors
ཆགས་ཡུལ།
ཁཱ་ན་ཏའི་ཨན་ཏཱ་ལུའེ་ལྟེ་གནས་གྲོང་ཁྱེར་ཏུའོ་ལུན་ཏུའོ།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
གཡའ་ཤིང་ལོ་མ་ལུས་རྩལ་རོལ་རྩེད་ཀུང་སི།
དབུ་བརྙེས་པའི་དུས།
སྤྱི་ལོ1995ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཝུན་སི•ཁཱ་ཐུ། ཏཱ་མེང•སི་ཐཱ་ཏུ་མའེ་ཨེར། ཁུ་ལི་སི•པོ་ཧྲི།
1 རུ་ཁག་གི་ལོ་རྒྱུས།

ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག་ནི་ཁཱ་ན་ཏའི་ཨན་ཏཱ་ལུའེ་ལྟེ་གནས་གྲོང་ཁྱེར་ཏུའོ་ལུན་ཏུའོ་རུ་ཡོད་པའི་ཆེད་ལས་ཅན་གྱི་གཟེབ་གྲུག་རུ་ཁག་ཅིག་ཡིན། སྤྱི་ལོ1995ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ཤར་རྒྱུད་མནའ་འབྲེལ་གྱི་ནུབ་རྒྱ་མཚོ་ཆེན་མོའི་འགྲན་ཁུལ་དུ་་གཏོགས།

ཏུའོ་ལུན་ཏུའོ་གཏུམ་འབྲུག་རུ་ཁག་ནིNBAམནའ་འབྲེལ་ནང་དུ་རུ་ཁག་ཆེས་གཞོན་གྲས་ཤིག་རེད། སྤྱི་ལོ1995ལོར་བཙུགས་པ་དང་སྤྱི་ལོ1995ལོ་ནས་སྤྱི་ལོ1996ལོའི་བར་གྱི་འགྲན་ཚིགས་སུNBAམནའ་འབྲེལ་དུ་ཞུགས། ཁཱ་ན་ཏའི་ཏུའོ་ལུན་ཏུའོ་གྲོང་ཁྱེར་དུ་ཡོད་ལ། NBAམནའ་འབྲེལ་གྱི་ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་རུ་ཁག་གཅིག་པུ་དེ་ཡིན། གཏུམ་འབྲུག་རུ་ཁག་གི་ལོ་རྒྱུས་ཡུན་ཤིན་ཏུ་ཐུང་ནའང་ཤར་རྒྱུད་ཀྱི་འགྲན་ཁུལ་དུ་སྟོབས་ཤུགས་ཆེན་པོ་ཆགས་ཡོད་རེད།

སྤྱི་ལོ1995ལོ་ནས་སྤྱི་ལོ1996ལོའི་བར་གྱི་འགྲན་ཚིགས་ནིNBAམནའ་འབྲེལ་དུ་ཞུགས་པའི་འགྲན་ཚིགས་དང་པོ་ཡིན། གཟེབ་གྲུག་ལུས་རྩལ་པ་གསར་བ་ཏཱ་མེང•སི་ཐཱ་ཏུ་མའེ་ཨེར་ནི་ཁོང་ཚོའི་སྣེ་ཁྲིད་པ་ཐོག་མ་ཡིན། སྤྱི་ལོ1998ལོར་ཝུན་སི•ཁཱ་ཐུ་རུ་ཁག་ཏུ་ཞུགས་ཤིང་ནུབ་རྒྱུད་རྟིང་རྩོད་འགྲན་བསྡུར་དུའང་ཞུགས། སྤྱི་ལོ2003ལོ་ནས་ཁུ་ལི་སི•པོ་ཧྲི་རུ་ཁག་གི་སྣེ་ཁྲིད་པར་གྱུར་པ་སྔར་བཞིན་ནུབ་རྒྱུད་ཀྱི་རུ་ཁག་སྟོབས་ཅན་ཞིག་ཡིན། སྤྱི་ལོ2013ལོ་ནས་སྤྱི་ལོ2014ལོའི་བར་དུ་ཁའེ་ཨེར•ལུའོ་རུའེ་དང་ཏུ་མཱ་ཨེར•ཏུ་ལུའོ་ཙན་གཉིས་ཀྱིས་སྣེ་ཁྲིད་ནས་སྤྱི་ལོ2015ལོ་ནས་སྤྱི་ལོ2016ལོའི་བར་གྱི་འགྲན་ཚིགས་སུ་ཡང་བསྐྱར་ཤར་རྒྱུད་མནའ་འབྲེལ་གྱི་རྟིང་རྩོད་འགྲན་བསྡུར་དུ་ཞུགས། ད་ལྟ་ཁུ་ཧོའེ•ལའེ་ཨང་ནཱ་ཏུས་སྣེ་ཁྲིད་བྱས་ནས་ནུབ་རྒྱུད་ཀྱི་རུ་ཁག་ཨང་དང་པོ་རུ་གྱུར་ནས་འགྲན་རྩོད་དུ་ཞུགས་བཞིན་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།