ཧྥེ་ཉི་ཁུ་སི་ཉིན་བྱེད་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥེ་ཉི་ཁུ་སི་ཉིན་བྱེད་རུ་ཁག
ཧྥེ་ཉི་ཁུ་སི་ཉིན་བྱེད་རུ་ཁག་ནི་ཨ་རིའི་ཡཱ་ལི་སང་ནཱ་མངའ་ཁུལ་གྱི་ཧྥེ་ཉི་ཁུ་སི་ལྟེ་གནས་ཡིན་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། སྤྱི་ལོ1968ལོར་བཙུགས་ཤིང་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)རུ་ཞུགས་པ་དང་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ཞི་བདེ་རྒྱ་མཚོའི་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
菲尼克斯太阳队
ཕྱི་ཡིག་གི་མིང་།
Phoenix Suns
ཆགས་ཡུལ།
ཨ་རིའི་ཡཱ་ལི་སང་ནཱ་མངའ་ཁུལ་གྱི་ཧྥེ་ཉི་ཁུ་སི།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ལུའུ་པོ་ཐུ•སཱ་བོ་ཨེར།
དབུ་བརྙེས་པའི་དུས།
སྤྱི་ལོ1968ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཨ་ཨེར་ཝུན•ཡཱ་ཏིང་སི། ཁྲ་ཨེར་སི•པཱ་ཁུ་ལི། ཧྲི་ཏི་ཧྥིན•ནཱ་ཧྲི།
1 རུ་ཁག་གི་མིང་།

ཧྥེ་ཉི་ཁུ་སི་ནི་ཡཱ་ལི་སང་ནཱ་མངའ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཡིན་ཞིང་ཨ་རིའི་ནུབ་མཚོའི་འགྲམ་གྱི་བྱེ་ཐང་དུ་ཡོད་ལ། ལོ་རེར་ཆར་ཆུའི་འབབ་ཚད་ཤིན་ཏུ་དམའ་ལ་ཉི་འོད་ལྷག་པར་བྲོ། ཡཱ་ལི་སང་ནཱ་མངའ་ཁུལ་གྱི་ཆེས་མིང་དུ་གྲགས་པ་ནི་ཚོན་མདངས་ཕུན་སུམ་ཚོགས་པའི་ཉི་ནུབ་ཀྱི་མཛེས་པ་དེ་རེད། དེ་བས་རུ་ཁག་གི་མིང་ལའང་ཉིན་བྱེད་རུ་ཁག་ཅེས་བཏགས་པ་རེད།

ཉིན་བྱེད་རུ་ཁག་ནི1968ལོར་བཙུགས་རྗེསNBAམནའ་འབྲེལ་དུ་ཞུགས། དེའི་རྗེས་ནས་ནུབ་རྒྱུད་ཀྱི་རུ་ཁག་སྟོབས་ཅན་དུ་གྱུར། ཡིན་ཡངNBAརྟིང་རྩོད་ཀྱི་གྲས་སུ་ཐེངས་གཅིག་ལའང་མ་ཚུད། སྤྱི་ལོ1975ལོ་ནས་སྤྱི་ལོ1976ལོའི་བར་གྱི་འགྲན་ཚིགས་སུ་ཉིན་བྱེད་རུ་ཁག་དེ་ཉིད་ཨ་ཨེར་ཝུན•ཡཱ་ཏིང་སི་དང་པོ་ལུའོ•བེ་སི་ཐུ་ཧྥ་ཨེར། ཅཱ་ཧྥེ་ཨེར་ཏུ•ཧུ་ཏུ་སོགས་ཀྱིས་སྣེ་ཁྲིད་ནསNBAརྟིང་རྩོད་འགྲན་བསྡུར་དུ་ཞུགས་པ་དང་ཁའེ་ཨེར་ཐུ་མི་རུ་ཁག་ལས་ཕམ། དེའི་རྗེས་ཀྱི་སྤྱི་ལོ1992ལོ་ནས་སྤྱི་ལོ1993ལོའི་འགྲན་ཚིགས་སུ་ཨ་རིའི་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་ཁྲ་ཨེར་སི•པཱ་ཁུ་ལིས་སྣེ་ཁྲིད་ནས་ཡང་བསྐྱརNBAརྟིང་རྩོད་འགྲན་བསྡུར་དུ་ཞུགས་ཀྱང་སྐབས་དེར་སྟོབས་ཤུགས་ཟླ་མེད་པའི་ཆའོ་ཏན་གྱིས་སྣེ་ཁྲིད་པའི་ཀྲི་ཅཱ་ཀུ་གླང་རྒོད་རུ་ཁག་ལས་ཕམ། དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་ཧྲི་ཏི་ཧྥིན•ནཱ་ཧྲི་སོགས་ཀྱིས་སྣེ་ཁྲིད་ནསNBAམནའ་འབྲེལ་དུ་ཐེངས་དུ་མར་ཞུགས་ཀྱང་ཐོད་བརྒལ་རང་བཞིན་གྱི་འབྲས་བུ་ཆེ་མ་བླངས། ད་ལྟ་ཏུ་ཝུན•པུའུ་ཁུ་དང་ཏུ་ཨན་ཏུ་ལུའུ•ཨའེ་ཏུན་སོགས་ཀྱིས་སྣེ་ཁྲིད་ནས་འགྲན་བསྡུར་ལ་ཞུགས་བཞིན་ཡོད།

2 རུ་ཁག་གི་གྲུབ་འབྲས།
གཟེངས་རྟགས། འགྲན་ཚིགས།
NBAནུབ་རྒྱུད་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ།  སྤྱི་ལོ1975ལོ-སྤྱི་ལོ1976ལོའི་འགྲན་ཚིགས།
NBAནུབ་རྒྱུད་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ།   སྤྱི་ལོ1992ལོ-སྤྱི་ལོ1993ལོའི་འགྲན་ཚིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།