ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག
ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག་ནི་སྤྱི་ལོ1970ལོར་བཙུགས་རྗེསNBAམནའ་འབྲེལ་དུ་ཞུགས་པ་དང་ཨ་རིའི་ཨུ་ལུ་ཀང་མངའ་ཁུལ་གྱི་ཕོ་ཐུ་ལན་གྲོང་ཁྱེར་གྱི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན་ལ་ད་ལྟ་ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མནའ་འབྲེལ་གྱི་ནུབ་བྱང་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
波特兰开拓者队
ཕྱི་ཡིག་གི་མིང་།
Portland Trail Blazers
ཆགས་ཡུལ།
ཨ་རིའི་ཨུ་ལུ་ཀང་མངའ་ཁུལ་གྱི་ཕོ་ཐུ་ལན་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
པོ་ལུའོ•ཨའེ་ལུན།
དབུ་བརྙེས་པའི་དུས།
སྤྱི་ལོ1970ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
པི་ཨེར•ཝོ་ཏུན། ཁུ་ལའེ་ཏུ•ཏུ་ལེ་ཁུ་སི་ལུ། པུའུ་ལན་ཏུ•ལུའོ་ཡི། ཨ་ཨེར་ཏུ་ལི་ཆི། ཏཱ་སྨི་ཨུན•ལི་ལཱ་ཏུ།
1 རུ་ཁག་གི་ལོ་རྒྱུས། 

ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག་ནི་སྤྱི་ལོ1970ལོར་བཙུགས་པ་དང་སྐབས་དེར་ཕོ་ཐུ་ལན་ནི་ནུབ་རྒྱུད་གསར་འབྱེད་ཆེན་མོའི་དཀྱིལ་སྙིང་ཡིན་པས་ས་གནས་དེའི་གཟེབ་གྲུག་རུ་ཁག་གི་མིང་ལའང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་མིང་ཞིག་སྟེ་ཕོ་ཐུ་ལན་གསར་འབྱེད་མཁན་རུ་ཁག་ཅེས་པའོ།།

རུ་ཁག་དེ་ཉིད་ཐོག་མར་བཙུགས་པའི་རྗེས་ཀྱི་ལོ་ངོ་དུ་མའི་ནང་དུ་རུ་ཁག་ལ་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་རེ་ཡོང་ནསNBAཡི་ཟིན་ཐོའང་དུ་མ་བསྐྲུན་ཡང་རུ་ཁག་གིས་སྤྱིའི་ཆ་ནས་གྲུབ་འབྲས་ཆེར་མ་བླངས། སྤྱི་ལོ1974ལོརNBAམནའ་འབྲེལ་གྱིས་ལུས་རྩལ་པ་གསར་བ་འདེམས་པའི་ཚོགས་ཆེན་དུ་ཕོ་ཐུ་ལན་གསར་འབྱེད་རུ་ཁག་གིས་ཨང་རིམ་དང་པོའི་ཐོབ་ཐང་གིས་པི་ཨེར•བོ་ཏུན་བདམས་པ་དང་ཁོང་གིས་སྣེ་ཁྲིད་འོག་ཏུ་ཕོ་ཐུ་ལ་གསར་འབྱེད་མཁན་རུ་ཁག་དེ་ཉིད་རུ་ཁག་སྟོབས་ཅན་དུ་གྱུར་པ་དང་། སྤྱི་ལོ1976ལོ་ནས་སྤྱི་ལོ1977ལོའི་བར་གྱི་འགྲན་ཚིགས་སུ་ཐེངས49ལ་རྒྱལ་པ་དང་ཐེངས33ལ་ཕམ་པའི་གྲུབ་འབྲས་ཤིག་སྟེ་རུ་ཁག་དེ་ལོ་རྒྱུས་སྟེང་ཐོག་དང་པོར་མཇུག་མཐའི་འགྲན་ཚིགས་སུ་ཚུད་ཅིང་ལོ་དེར་རུ་ཁག་གི་ལོ་རྒྱུས་སྟེང་གིNBAཡི་རྟིང་རྩོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དེ་ཐོབ། 

དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་གསར་འབྱེད་མཁན་རུ་ཁག་ནི་ནུབ་རྒྱུད་མནའ་འབྲེལ་གྱི་རུ་ཁག་སྟོབས་ཆེན་ཞིག་ཏུ་ཆགས་པ་དང་སྤྱི་ལོ1989ལོ་ནས་སྤྱི་ལོ1990ལོའི་འགྲན་ཚིགས་སུ་ཡང་བསྐྱརNBAརྟིང་རྩོད་འགྲན་བསྡུར་དུ་ཞུགས་ཀྱང་སྲུབ་མདའ་རུ་ཁག་ལས་ཕམ། སྤྱི་ལོ1991ལོ་ནས་སྤྱི་ལོ1992ལོའི་བར་གྱི་འགྲན་ཚིགས་སུ་གསར་འབྱེད་རུ་ཁག་ཐེངས་གསུམ་པརNBAརྟིང་རྩོད་འགྲན་བསྡུར་དུ་ཞུགས་ཀྱང་གླང་རྒོད་རུ་ཁག་ལས་ཕམ། དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་རུ་ཁག་དེ་བསྟུད་མར་ལོ14ལ་མཇུག་མཐའི་འགྲན་ཚིགས་སུ་ཚུད། རུ་ཁག་གིས་ཀུ་ལེ་ཀུ•ཨའོ་ཏེང་དང་པུའུ་ལན་ཏུན•ལུའོ་ཡི་སོགས་འཇོན་ཐང་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་འགའ་རེས་བདམས་ཀྱང་རྨས་སྐྱོན་སོགས་ཀྱི་དབང་གིས་གྲུབ་འབྲས་ཆེན་པོ་མ་ལོན། ད་ལྟ་རུ་ཁག་དེ་ཉིད་ཏཱ་སྨི་ཨུན•ལི་ལཱ་ཏུ་དངCJ•མའེ་ཁུ་ལུ་མུའུ་སོགས་ཀྱི་སྣེ་ཁྲིད་འོག་འགྲན་རྩོད་དུ་ཞུགས་བཞིན་ཡོད། 

2 རུ་ཁག་གི་གྲུབ་འབྲས།
གཟེངས་རྟགས། འགྲན་ཚིགས།

NBAརྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ། 

སྤྱི་ལོ1976ལོ-སྤྱི་ལོ1977ལོའི་འགྲན་ཚིགས།

NBAནུབ་རྒྱུད་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ། 

 སྤྱི་ལོ1989ལོ-སྤྱི་ལོ1990ལོའི་འགྲན་ཚིགས།

NBAནུབ་རྒྱུད་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ། 

སྤྱི་ལོ1991ལོ-སྤྱི་ལོ1992ལོའི་འགྲན་ཚིགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།