- དག་ཡིག
- སྐྱེ་དངོས།
རྒྱ་ཡིག 1. 龙须根; 2. 灵芝; 3. 小孩
དབྱིན་ཡིག 1.name of a medicine; 2.glossy ganoderma; 3.child
1.དག་ཡིག་གསར་བསྒྲིགས་ལས། ①ལོ་མ་གསོམ་སྡོང་གི་ལོ་མ་དང་ཆ་འདྲ་ཞིང་། མཚེ་ལྡུམ་དང་འཆུགས་ཉེན་ཆེ་བའི་རྩྭ་ལྡུམ་ཞིག་ལ་ངོས་འཛིན་པའང་ཡོད། ②ཤ་མོའི་རིགས་ཁྱད་པར་བ་མིང་ལ་ཀོ་ཤ་ཡང་ཟེར་ཞིང་རྒྱ་སྐད་དུ་ལིང་ཀྲི་ཚོ་ཟེར་བར་ངོས་འཛིན་པའང་ཡོད། ③དམངས་ཁྲོད་དུ་ངག་རྒྱུན་ལ་གྲགས་པའི་རྩྭ་སྨན་ཁྱད་པར་བ་ཞིག
2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ①སྒོ་འབྱེད་དེ་སྔོ་སྨན་གྱི་རིགས་ཤིག་རོ་ཁ། ཞུ་རྗེས་བསིལ། ནུས་པས་མིག་ནད་དང༌། དུག་ནད་སེལ། བྱང་ཁོག་གི་རྨའི་རྣག་ཆུ་སྐེམ། 龙须根。百合科药用植物名。梵意译为启门。味苦,性凉,功能治目疾、除毒病、收敛体腔内部脓血。②སྔོ་སྨན་ཀོ་ཤ 灵芝。③[ཡུལ]སྔར་བོད་ཀྱི་མི་དྲག་ཚོའི་ཕྲུ་གུའི་ཞེ་སའི་མིང༌། 小孩。旧时,对贵族小儿的敬称:ཨ་ཝ་འཁོར་བ། 怀孕ཨ་ཝ་སྲས། 少爷,公子ཨ་ཝ་སྲས་མོ། 女公子。
3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། མིང་ཚིག ①ཡུལ་སྐད། ན་ཚོད་ཆུང་བའི་ཕྲུ་གུ་ཚོར་འབོད་པའི་གཅེས་མིང་། དཔེར་ན། སློབ་གྲྭའི་ཨ་ཝ་ཚོས་སློབ་སྦྱོང་ཡག་པོ་བྱོས། ཨ་ཝ་ཚོ་གཅེས་སྐྱོང་ཡག་པོ་བྱོས་ལྟ་བུ། ②རྒྱ་གར། བོད་སྐད་དུ་བསྒྱུར་ན་སྒོ་འབྱེད་ཅེས་པའི་དོན་ཏེ། རོ་ཁ། ཞུ་རྗེས་བསིལ། ནུས་པས་མིག་ནད་དང༌། དུག་ནད་སེལ། བྱང་ཁོག་གི་རྨའི་རྣག་ཆུ་སྐེམ་བྱེད་ཀྱི་སྔོ་སྨན་གྱི་རིགས་ཤིག ③སྔོ་སྨན་ཀོ་ཤ་སྟེ། ལུས་སྟོབས་སྐྱེ་བ་དང༌། སྙིང་དང་མཁལ་མའི་ནད་གསོ་བར་བྱེད་པའི་སྨན་ཞིག
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:2 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2019-06-14
གསར་སྤེལ་མཁན། :ཆོས་དབྱིངས།འཕགས་མོ།