རང་བྱུང་རིང་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་བྱུང་རིང་ལུགས་བྱ་བ་ནི་འཚོ་བའི་སྣང་ཚུལ་སྣ་ཚོགས་མཆོག་དམན་བར་གསུམ་གྱི་དབྱེ་བ་མེད་པར་བརྗོད་པ་དང་། རང་བྱུང་ཁམས་ཀྱི་རྣམ་པ་ཇི་བཞིན་དུ་མངོན་པར་སྣང་བ་དམིགས་སུ་འཛིན་ལ། མཚོན་བྱའི་རང་བྱུང་གི་སྟོབས་ཤུགས་དྲག་པོ་བདེན་དངོས་ཀྱི་རང་བཞིན་དུ་གྲུབ་པའི་ཚན་རིག་དང་གཉིས་སུ་མེད་པའི་གནས་སུ་སྤེལ་ཞིང་སྦྱང་བར་བྱེད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
自然主义
ཕྱི་ཡིག་གི་མིང་།
Le Naturalisme
ཁོངས་གཏོགས།
རྩོམ་རིག
1 ངོ་སྤྲོད།

རང་བྱུང་རིང་ལུགས་བྱ་བ་ནི་འཚོ་བའི་སྣང་ཚུལ་སྣ་ཚོགས་མཆོག་དམན་བར་གསུམ་གྱི་དབྱེ་བ་མེད་པར་བརྗོད་པ་དང་། རང་བྱུང་ཁམས་ཀྱི་རྣམ་པ་ཇི་བཞིན་དུ་མངོན་པར་སྣང་བ་དམིགས་སུ་འཛིན་ལ། མཚོན་བྱའི་རང་བྱུང་གི་སྟོབས་ཤུགས་དྲག་པོ་བདེན་དངོས་ཀྱི་རང་བཞིན་དུ་གྲུབ་པའི་ཚན་རིག་དང་གཉིས་སུ་མེད་པའི་གནས་སུ་སྤེལ་ཞིང་སྦྱང་བར་བྱེད་དོ། ། རང་བྱུང་རིང་ལུགས་ལ་རྒྱང་རིང་དུ་ལྟ་བའི་མིག་རྒྱང་དང་དགེ་མཚན་ལྡན་པའི་ཕུགས་བསམ་གྱིས་ཞན་པ། དབང་ཤེས་ཀྱིས་མྱོང་ཚོར་དང་རྟོག་སྣང་གི་རྣམ་པའི་སྣང་ཚུལ་སླར་ཟིན་བྲིས་ཀྱི་ཚལ་དུ་བཀོད་པ་ཙམ་དང་། བསྟན་བཅོས་ནི་རང་བྱུང་གི་རྣམ་པའི་ཚུལ་ལྟར་བྲིས་ཏེ། ཟིན་བྲིས་སུ་བཏབ་པའི་ལོ་རྒྱུས་ཡིག་ཚང་དང་གཅིག་པར་འདོད་པ། ཧྥན་རན་སིའི་ཙོ་ལཱ་ཡིས་རྩོམ་པ་པོས་དོན་དངོས་རིས་འབྲི་བྱས་པ་དཔེར་ན་གཤགས་ལས་རིག་པ་ལྟར་མིའི་རིགས་གཟུགས་ཕུང་གི་གྲུབ་ཚུལ་ལས་ཅི་མཐོང་བ་དེ་རིས་སུ་ཐོན་པར་འབྲི་བ་ཙམ་གྱིས་ཆོག་ལ། ཁོང་གིས《ཆང་ཁང》ཞེས་པའི་སྒྲུང་རྩོམ་གསར་རྩོམ་བྱེད་དུས་ཆང་དུག་ཕོག་པ་དང་འབྲེལ་ཡོད་ཀྱི་སྨན་གཞུང་གི་དཔེ་ཆ་མང་པོར་ཟུར་ལྟ་བྱས་པ་དང་། 《ནཱ་ནཱ》ཞེས་པའི་སྒྲུང་རྩོམ་འབྲི་དུས་ཀྱང་བཙན་རྒྱལ་གཉིས་པའི་རྒྱལ་ཁབ་ཀྱི་དུས་མཇུག་ཏུ་བུད་མེད་ལ་ལོག་གཡེམ་བྱེད་པའི་འཚོ་བའི་གནས་ཚུལ་གྱི་ཡིག་ཆ་མང་པོ་སྡུད་གསོག་བྱས་པའི་རྨང་གཞི་ལས་བརྩམས་པ་ལྟ་བུའོ། ། རང་བྱུང་རིང་ལུགས་པས་རང་བྱུང་ཚན་རིག་གི་ལྟ་བ་བཟུང་ནས་རྩོམ་རིག་སྒྱུ་རྩལ་གྱི་བསྟན་བཅོས་གསར་རྩོམ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕྱིའི་སྣོད་ཀྱི་ཁོར་ཡུག་གི་བཀོད་པའི་དངོས་པོའི་རྫས་འགྱུར་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཡིད་ཀྱི་འགྱུར་བ་རྣམས་དངོས་ལུགས་ཀྱི་སྣང་ཚུལ་དངོས་ཡིན་པར་འདོད་པ། ཁོ་ཚོས་སྐྱེས་དངོས་རིག་པ་དང་གཟུགས་ཁམས་རིག་པ། རྒྱུད་འཛིན་རིག་པའི་ལྟ་བ་ལ་བརྟེན་ནས་མི་གཤིས་ཀྱི་འདོད་ཆགས་སོགས་ལ་འགྲེལ་བཤད་བྱེད་པ་དང་། མི་ནི་མ་རབས་ཐ་ཤལ་དང་སྐྱུག་བྲོ་བ་དང་། གཅན་གཟན་གྱི་གཤིས་ཀ་དང་སྨྱོ་སེམས་དང་ཧམ་སེམས་བཅས་ལྡན་པའི་སྲོག་ཆགས་ཁྱད་པར་བ་ཞིག་ཏུ་ལྟ་ཞིང་བཤད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-29

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།