མེང་ཧྥེ་སི་དོམ་ནག་རུ་ཁག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མེང་ཧྥེ་སི་དོམ་ནག་རུ་ཁག
མེང་ཧྥེ་སི་དོམ་ནག་རུ་ཁག་ནི་ནི་སྤྱི་ལོ1995ལོརNBAརུ་ཞུགས་པ་དང་ཨ་རིའི་ཐེན་ནཱ་ཞི་མངའ་ཁུལ་གྱི་མེང་ཧྥེ་སི་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མཐུན་ཚོགས་ཀྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།
གཞི་རྩའི་གནས་ཚུལ།

ཕྱི་ཡིག་གི་མིང་།
Memphis Grizzlies
རྒྱ་ཡིག་གི་མིང་།
孟菲斯灰熊队
ཆགས་ཡུལ།
ཨ་རིའི་ཐེན་ནཱ་ཞི་མངའ་ཁུལ་གྱི་མེང་ཧྥེ་སི་གྲོང་ཁྱེར།
འགྲན་རིམ།
NBA
ལུས་རྩལ་རྣམ་གྲངས།
གཟེབ་གྲུག
བདག་འཛིན་པ།
ལུའོ་པོ་ཐུ•ཕེ་ལཱ།
དབུ་བརྙེས་པའི་དུས།
སྤྱི་ལོ1995ལོ།
འབྲེལ་ཡོད་མི་སྣ་གྲགས་ཅན།
ཀྲ་ཁུ•ལན་ཏུའོ་ཧྥུའུ།  མཱ་ཁུ་ཅཱ་སུའོ་ཨེར།  མའེ་ཁུ•ཁང་ལི།
1 རུ་ཁག་གི་ལོ་རྒྱུས།

མེང་ཧྥེ་སི་དོམ་ནག་རུ་ཁག་ནི་ནི་སྤྱི་ལོ1995ལོརNBAརུ་ཞུགས་པ་དང་ཨ་རིའི་ཐེན་ནཱ་ཞི་མངའ་ཁུལ་གྱི་མེང་ཧྥེ་སི་གྲོང་ཁྱེར་གྱི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རུ་ཁག་ཅིག་ཡིན། ཨ་རིའི་སྐྱེས་པའི་ཆེད་ལས་གཟེབ་གྲུག་རིམ་མཚུངས་མཉམ་འགྲན(NBA)ཡི་ནུབ་རྒྱུད་མཐུན་ཚོགས་ཀྱི་ལྷོ་ནུབ་འགྲན་ཁུལ་དུ་གཏོགས།

རུ་ཁག་གི་མིང་སྔོན་མ་ལ་ཝུན་ཀུ་ཧཱ་དོམ་ནག་རུ་ཁག་ཟེར་ཞིང་ཁ་ན་ཏའི་ཝུན་ཀུ་ཧཱ་གྲོང་ཁྱེར་དུ་ཡོད། རྗེས་སུ་ཨ་རིའི་མེང་ཧྥེ་སི་གྲོང་ཁྱེར་དུ་གནས་སྤོར་བྱས་རྗེས་མིང་ལའང་མེང་ཧྥེ་སི་དོམ་ནག་རུ་ཁག་ཅེས་བཏགས། སྤྱི་ལོ1995ལོར་དོམ་ནག་རུ་ཁག་གི་གཟེབ་གྲུག་ལུས་རྩལ་པ་གསར་བ་པུའུ་ལའེ་ཨུན་ཐུ•ལི་ཧྥོ་སི་བདམས་པ་དང་ལོ་རྗེས་མར་ཨང་རིམ་གཉིས་པའི་ཐོབ་ཐང་གིས་གདོང་ལེན་པ་ཨ་པུའུ་ཏུའུ་ཨེར•ཞི་ལཱ་མུའུ་བདམས་པ་ཁོང་གཉིས་མཉམ་འབྲེལ་དེNBAམནའ་འབྲེལ་དུ་སྐད་གྲགས་ཆེན་པོ་ཆགས། སྤྱི་ལོ1995ལོར་རྒྱབ་སྲུང་བ་མའེ་ཁུ•པི་པི་བདམས། དོམ་ནག་རུ་ཁག་ཏུ་སྐད་གྲགས་ཅན་གྱི་གཟེབ་གྲུག་ལུས་རྩལ་པ་མང་པོ་ཡོད་ནའང་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་མ་ཐོབ། དུས་རབས་ཉེར་གཅིག་པར་སླེབས་དུས་གཟེབ་གྲུག་རུ་ཁག་གིས་སུར་པན་གྱི་གཟེབ་གྲུག་ལུས་རྩལ་པ་གྲགས་ཅན་པོ་ལུའོ•ཅཱ་སུའོ་ཨེར་བདམས་པ་ནས་རུ་ཁག་དེ་འགྲན་སྟོབས་ཅན་དུ་ཆགས། ཐ་མའི་འགྲན་ཚིགས་སུ་ཐེངས་དུ་མར་ཚུད་ཀྱང་རྒྱལ་ཁ་ཆེར་མ་ལོན། སྤྱི་ལོ2011ལོ་ནས་བཟུང་ཀྲ་ཁུ•ལན་ཏུའོ་ཧྥུའུ་དང་མཱ་ཁུ་ཅཱ་སུའོ་ཨེར། མའེ་ཁུ•ཁང་ལི་སོགས་ཀྱིས་སྣེ་ཁྲིད་ནས་ཐ་མའི་འགྲན་ཚིགས་སུ་རུ་ཁག་སྟོབས་ཅན་དུ་མ་བཏུལ་ནས་རྒྱལ་ཁའི་ལོ་རྒྱུས་ཟིན་ཐོ་མང་པོ་བསྐྲུན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།