ཀོ་ས་ལའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལཾངྐའི་ཡུལ་དེ་རི་དེ་ནས་ནུབ་བྱང་མཚམས་སུ་རྒྱང་གྲགས་ཆིག་སྟོང་བརྒྱད་བརྒྱ་ཙམ་བགྲོད་པ་ན་ཀོ་ས་ལའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་དྲུག་སྟོང་ཙམ་དང་། དབུས་ཀྱི་མཁར་ཆེན་པོ་རྒྱང་གྲགས་བཞི་བཅུ་ལྷག་ཙམ་རི་བྲག་ནགས་ཚལ་མཚོ་རྫིང་སྤེལ་མར་ཡོད་པ། འབྲུ་སྣ་ཚོགས་འདེབས་པ་དང་ལྗོངས་ཆེ་ཆུང་ཕན་ཚུན་མཐོང་བ། གྲོང་ལྗོངས་ཐམས་ཅད་ལ་མི་ཁྱིམ་གྱིས་གང་བ། ཕྱི་ནང་གཉིས་ཀ་ལ་དད་མོས་མཉམ་པ། ཡོན་ཏན་དོན་དུ་གཉེར་བ། བདག་པོ་རྒྱལ་རིགས་ཡིན་པ་ལ་མཁས་པར་གྲགས་པ་བྱམས་པ་སྙིང་རྗེ་ཆེ་ཞིང་དཀོན་མཆོག་སྤྱི་བོར་བཀུར་བ། གཙུག་ལག་ཁང་བརྒྱ་ལྷག་པར་དགེ་འདུན་ཁྲིར་ཉེ་བ་ཐམས་ཅད་ཐེག་ཆེན་པ། མུ་སྟེགས་པའི་ལྷ་ཁང་བདུན་ཅུ་ལྷག་པར་ཕྱི་པ་རིགས་མི་གཅིག་པ་འདྲེས་ཏེ་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
憍萨罗国
ཕྱི་ཡིག་གི་མིང་།
Kosala
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ​ངོ་སྤྲོད།

ལཾངྐའི་ཡུལ་དེ་རི་དེ་ནས་ནུབ་བྱང་མཚམས་སུ་རྒྱང་གྲགས་ཆིག་སྟོང་བརྒྱད་བརྒྱ་ཙམ་བགྲོད་པ་ན་ཀོ་ས་ལའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་དྲུག་སྟོང་ཙམ་དང་། དབུས་ཀྱི་མཁར་ཆེན་པོ་རྒྱང་གྲགས་བཞི་བཅུ་ལྷག་ཙམ་རི་བྲག་ནགས་ཚལ་མཚོ་རྫིང་སྤེལ་མར་ཡོད་པ། འབྲུ་སྣ་ཚོགས་འདེབས་པ་དང་ལྗོངས་ཆེ་ཆུང་ཕན་ཚུན་མཐོང་བ། གྲོང་ལྗོངས་ཐམས་ཅད་ལ་མི་ཁྱིམ་གྱིས་གང་བ། ཕྱི་ནང་གཉིས་ཀ་ལ་དད་མོས་མཉམ་པ། ཡོན་ཏན་དོན་དུ་གཉེར་བ། བདག་པོ་རྒྱལ་རིགས་ཡིན་པ་ལ་མཁས་པར་གྲགས་པ་བྱམས་པ་སྙིང་རྗེ་ཆེ་ཞིང་དཀོན་མཆོག་སྤྱི་བོར་བཀུར་བ། གཙུག་ལག་ཁང་བརྒྱ་ལྷག་པར་དགེ་འདུན་ཁྲིར་ཉེ་བ་ཐམས་ཅད་ཐེག་ཆེན་པ། མུ་སྟེགས་པའི་ལྷ་ཁང་བདུན་ཅུ་ལྷག་པར་ཕྱི་པ་རིགས་མི་གཅིག་པ་འདྲེས་ཏེ་གནས་སོ།།

2 མགོན་པོ་ཀླུ་སྒྲུབ་དང་ཨརྱ་དེ་བ།

གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་མི་རིང་བར་གཙུག་ལག་ཁང་ཞིག་གི་ལོགས་སུ་མཆོད་རྟེན་ཞིག་ཡོད་པ་དེ་ནི་རྒྱལ་པོ་ཨ་ཤོ་ཀས་བཞེངས་པ་དང་། དེར་སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་པས་མུ་སྟེགས་པ་བཏུལ་ཞིང་། ཕྱིས་སུ་མགོན་པོ་ཀླུ་སྒྲུབ་ཀྱི་སྦྱིན་བདག་རྒྱལ་པོ་ས་རྭ་བ་ཧཱ་སྟེ་ཡང་དག་འདྲེན་པ་ཞེས་བྱ་བས། མགོན་པོ་ཀླུ་སྒྲུབ་ལ་བཀུར་སྟིའི་ཕྱིར་དུ་ཕོ་བྲང་གི་སྒོ་བཞིར་བསྲུང་མ་བཞག་སྟེ། མི་གསར་བ་བྱུང་བ་ན་གང་བྱུང་ནང་དུ་མི་གཏོང་བ་ལ། སྐབས་ཤིག་ཨརྱ་དེ་བ་སིངྒྷ་ལའི་ཡུལ་ནས་བྱོན་ཏེ། སྒོ་སྲུང་བ་ལ་ཁྱོད་མགོན་པོ་ལ་སྦྲོན་ཞིག་ཅེས་པ་ལྟར་ཞུས་པས། མགོན་པོས་རིང་མོ་ཞིག་ནས་འཕགས་པ་ལྷའི་སྙན་པ་གསན་པས་མཉེས་ཏེ། ཆུ་གཙང་ལྷུང་བཟེད་ཆུས་གང་བ་ཐོགས་ཏེ་ཉེ་གནས་ལ་གཏད་དེ་ཨརྱ་དེ་བ་ལ་སྟོན་ཞིག་གསུངས་སོ།། ཉེ་གནས་ཀྱིས་དེ་བཞིན་བྱས་པས་ཨརྱ་དེ་བས་ཅི་ཡང་མི་ཟེར་བར་ཁབ་ཅིག་ལྷུང་བཟེད་ཀྱི་ནང་དུ་བོར་རོ།། དེ་ནས་ཉེ་གནས་ལོག་ནས་ཚུལ་དེ་ཞུས་པས། སློབ་དཔོན་གྱི་ཨ་ཙ་མ་མཁས་པར་གྲགས་པ་དོན་ལ་གནས་སོ་ཞེས་གསུངས། དོན་དེ་དྲིས་པ་ན་ཆུ་ཞེས་པ་སྐོམ་སེལ་ཞིང་བསིལ་བ་དང་དབྱིབས་རང་བཞིན་གྱིས་མ་གྲུབ་པ་སྣོད་ལ་རགས་ལས་ཤིང་རྙོག་དྭངས་རྐྱེན་ལ་ལྟོས་སོ།། ལྷུང་གཟེད་ཆུས་གང་བ་ནི་བདག་གི་རྒྱུད་ཡོན་ཏན་གྱིས་གང་བའི་བརྡའ་ཡིན་ནོ།། ཁོང་གིས་ཁབ་ཅིག་བཞག་པ་ནི་ཤེས་རབ་རྣོ་བ་དེས་མཐར་འཁྱོལ་བའི་བརྡའ་ཡིན་ནོ་གསུངས་ཤིང་སློབ་མའི་མཆོག་ཏུ་མཛད་དོ།། དེ་ནས་ནང་དུ་བཏང་བར་ཞལ་མཇལ་མ་ཐག་དགའ་བ་དཔག་མེད་བྱུང་སྟེ་ཡན་ལག་ལྔ་ས་ལ་གཏུགས་ཏེ་ཕྱག་བཙལ་ཞིང་མཇལ་གྲོགས་རྙིང་འཕྲད་པ་ལྟར་ཐུགས་ཡིད་གཅིག་ཏུ་འདྲེས་པར་གྱུར་ཏོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།