ཧེ་ཊཱུངྒི་རིའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཛམྦྷུའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་བཞི་བརྒྱ་ལྷག་ཙམ་ཕྱིན་པ་ན་ཧེ་ཊཱུངྒི་རིའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་ཉིས་སྟོང་ལྷག་ཡོད་པ། ས་གཞི་དྲོ་ཞིང་འཇམ་པ་རླན་གཤེར་ཆེ་ཞིང་འབྲུ་སྣ་ཚོགས་འདེབས་པ། མིའི་རང་གཤིས་འཇམ་པ་དང་ཡོན་ཏན་ལ་དགའ་བ། གཙུག་ལག་ཁང་དྲུག་བདུན་ཡོད་པར་དགེ་འདུན་སུམ་བརྒྱ་ལྷག་ཙམ་གནས་སོ།། ཕྱི་པའི་ལྷ་ཁང་བཅུ་ལ་མུ་སྟེགས་པ་རིགས་སྣ་ཚོགས་པ་འདྲེས་གནས་སོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
羯朱嗢祗罗国
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ཛམྦྷུའི་ཡུལ་དེ་ནས་ཤར་ཕྱོགས་སུ་རྒྱང་གྲགས་བཞི་བརྒྱ་ལྷག་ཙམ་ཕྱིན་པ་ན་ཧེ་ཊཱུངྒི་རིའི་ཡུལ་ལོ།། དེའི་ཐ་གྲུར་རྒྱང་གྲགས་ཉིས་སྟོང་ལྷག་ཡོད་པ། ས་གཞི་དྲོ་ཞིང་འཇམ་པ་རླན་གཤེར་ཆེ་ཞིང་འབྲུ་སྣ་ཚོགས་འདེབས་པ། མིའི་རང་གཤིས་འཇམ་པ་དང་ཡོན་ཏན་ལ་དགའ་བ། གཙུག་ལག་ཁང་དྲུག་བདུན་ཡོད་པར་དགེ་འདུན་སུམ་བརྒྱ་ལྷག་ཙམ་གནས་སོ།། ཕྱི་པའི་ལྷ་ཁང་བཅུ་ལ་མུ་སྟེགས་པ་རིགས་སྣ་ཚོགས་པ་འདྲེས་གནས་སོ།།

2 ངག་རྒྱུན།

འབངས་ལ་དབང་བའི་རྒྱལ་པོའི་རིགས་ཆད་ནས་ལོ་བརྒྱ་ཕྲག་དུ་མ་སོང་ཞིང་། གྲོང་ཁྱེར་ཡང་ཞིག་སྟེ་ཤུལ་ཙམ་ཡང་མི་མངོན་པ་དང་ལྗོངས་ཕྲན་མང་པོ་ལ་མི་ཁྱིམ་གྱིས་གང་བ། སྔོན་རྒྱལ་པོ་ཚུལ་ཁྲིམས་ཉི་མས་རྒྱ་གར་ཤར་ཕྱོགས་སུ་སྤྲོ་སངས་སུ་ཕེབས་སྐབས་འདིར་སླེབས་ཏེ། ཕེབས་ཕྲལ་འཇག་མའི་སྤྱིལ་བུ་བཅོལ་ནས་བཞུགས་ཤིང་འགྲོ་དུས་སྐྱིལ་བུ་ལ་མེ་བཏང་ནས་རྗེས་མི་མངོན་པར་བྱས་སོ་ཟེར་རོ།།

3 ​ཡུལ་གྱི་བཀོད་པ།

དེའི་ལྷོ་ཕྱོགས་སུ་གླང་རྒོད་མི་བསྲུན་ཤིན་ཏུ་མང་ངོ་།། དེ་ནས་བྱང་ཕྱོགས་སུ་བགྲོད་དེ་གངྒཱའི་འགྲམ་དང་ཉེ་བ་ན་སྟེགས་བུ་མཐོ་ཞིང་ཡངས་པ་ཅན་ཞིག་ཡོད་དོ།། སོ་ཕག་དང་རྡོ་གྲུ་བཞི་པ་འདྲེས་མས་བརྩིགས་པ་དེའི་ངོས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྷ་རྣམས་ཀྱི་གཟུགས་བརྙན་བརྐོས་པ་སྣ་ཚོགས་པ་རབ་ཏུ་མང་བ་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-14

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།