ཛམྦྷུའི་ཡུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨི་ར་ན་བྷ་ཏའི་ཡུལ་དེ་ནས་གངྒཱའི་ཀླུང་གི་འབབས་ཕྱོགས་སུ་བརྒྱུད་དེ་ཤར་དུ་རྒྱང་གྲགས་སུམ་བརྒྱ་ལྷག་ཕྱིན་པ་ན་ཛམྦྷུའི་ཞེས་བྱ་བའི་ཡུལ་ཐ་གྲུར་རྒྱང་གྲགས་བཞི་སྟོང་ཙམ་དང་དབུས་ཀྱི་མཁར་ཆེན་གྱི་ཁོར་ཡུག་ཏུ་རྒྱང་གྲགས་བཞི་བཅུ་ཙམ་ཡོད་པ་དང་། གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་བས་འབྲུ་སྣ་ཚོགས་འདེབས་པ། མིའི་རང་བཞིན་གཡུང་ཞིང་བརྟན་པ། གཙུག་ལག་ཁང་བཅུ་ཕྲག་དུ་མ་ཡོད་ཀྱང་ཕལ་ཆེར་གོག་པོར་གྱུར་པ་མང་ངོ་།། དགེ་འདུན་ཉིས་བརྒྱ་ལྷག་ཡོད་པ་ཀུན་ཐེག་དམན་པའོ།། མུ་སྟེགས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་པར་ཕྱི་རོལ་པའི་རིགས་སྣ་ཚོགས་འདྲེས་མར་གནས་སོ།། མཁར་གྱི་རྒྱུ་ནི་སོ་ཕག་དང་གྱོ་མོས་བརྩིགས་པ་དཔངས་སུ་འདོམ་དོ་མི་ལོངས་པ། གནའ་དུས་སྐྱེ་བོ་རྣམས་ཁང་ཁྱིམ་མེད་ཅིང་སྤྱིལ་བུ་དང་ཁུང་བུར་གནས་ཏེ་སོ་ཚིས་བསྒྲུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瞻波国
ཕྱི་ཡིག་གི་མིང་།
Campā、mithilā
ཁོངས་གཏོགས་རྒྱལ་ཁབ།
རྒྱ་གར།
རིགས་དབྱེ།
གནའ་བོའི་རྒྱལ་ཁབ།
1 ངོ་སྤྲོད།

ཨི་ར་ན་བྷ་ཏའི་ཡུལ་དེ་ནས་གངྒཱའི་ཀླུང་གི་འབབས་ཕྱོགས་སུ་བརྒྱུད་དེ་ཤར་དུ་རྒྱང་གྲགས་སུམ་བརྒྱ་ལྷག་ཕྱིན་པ་ན་ཛམྦྷུའི་ཞེས་བྱ་བའི་ཡུལ་ཐ་གྲུར་རྒྱང་གྲགས་བཞི་སྟོང་ཙམ་དང་དབུས་ཀྱི་མཁར་ཆེན་གྱི་ཁོར་ཡུག་ཏུ་རྒྱང་གྲགས་བཞི་བཅུ་ཙམ་ཡོད་པ་དང་། གནམ་གཤིས་དྲོ་ཞིང་བརླན་གཤེར་ཆེ་བས་འབྲུ་སྣ་ཚོགས་འདེབས་པ། མིའི་རང་བཞིན་གཡུང་ཞིང་བརྟན་པ། གཙུག་ལག་ཁང་བཅུ་ཕྲག་དུ་མ་ཡོད་ཀྱང་ཕལ་ཆེར་གོག་པོར་གྱུར་པ་མང་ངོ་།། དགེ་འདུན་ཉིས་བརྒྱ་ལྷག་ཡོད་པ་ཀུན་ཐེག་དམན་པའོ།། མུ་སྟེགས་པའི་ལྷ་ཁང་བཅུ་ཕྲག་གཉིས་ལྷག་པར་ཕྱི་རོལ་པའི་རིགས་སྣ་ཚོགས་འདྲེས་མར་གནས་སོ།། མཁར་གྱི་རྒྱུ་ནི་སོ་ཕག་དང་གྱོ་མོས་བརྩིགས་པ་དཔངས་སུ་འདོམ་དོ་མི་ལོངས་པ། གནའ་དུས་སྐྱེ་བོ་རྣམས་ཁང་ཁྱིམ་མེད་ཅིང་སྤྱིལ་བུ་དང་ཁུང་བུར་གནས་ཏེ་སོ་ཚིས་བསྒྲུབ།

2 ལྷ་ཁང་ངོ་མཚར་ཅན།

གྲོང་ཁྱེར་གྱི་ཤར་དུ་རྒྱང་གྲགས་བརྒྱ་དང་བཞི་བཅུ་ལྔ་བཅུ་ཙམ་ཕྱིན་པ་ན། གངྒཱའི་ལྷོ་འགྲམ་གྱི་རི་བོ་མཐོ་བ་ཞིག་ལ་ལྷ་ཁང་ངོ་མཚར་ཆེ་བ་ཞིག་སྣང་ངོ་།། ཆུ་མིག་ཆུ་ཡུར་བ་ལ་དྲངས་ཏེ་རྫིང་བུར་བསྐྱིལ་བ་མེ་ཏོག་དང་ཤིང་ཏོག་མཚར་པའི་ཚལ་གྱིས་བརྒྱན་པ། དྲང་སྲོང་གྲུབ་པའི་རིགས་གསང་བའི་རྣལ་འབྱོར་པ་མང་པོ་གནས་ཤིང་། གླང་རྒོད་དང་གཅན་གཟན་ཁྱུར་ལོངས་པ་རྒྱུའོ།།


བརྡ་འགྲེལ་གདོང་འཛར།

ཛམྦྷུའི་ཡུལ། ལྷ་ཁང་། གྲོང་ཁྱེར།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-13

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།